ཟླ་བཅུ་གཅིག་པའི་ཚེས་ཉེར་བཞི་ཉིན་གྱི་ཕྱི་དྲོར། ཞིང་ཆེན་རྨ་ཆུའི་བཞུར་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་ལྔ་བ་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྨ་ཆུའི་བཞུར་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཤིང་། བྱ་བའི་ཡར་ཞུ་ལ་ཉན་པ་དང་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས་པར་མ་ཟད་གོ་རིམ་རྗེས་མའི་བྱ་བ་གཙོ་བོར་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་ཅན་ཅུན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད་པ་དང་། ཧྲིན་ཀྲང་། མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཞིན་ཁྲང་ཞིང་གིས་གཏམ་བཤད།
མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ལིས་ཅེ་ཞང་དང་ཡུས་ཚོང་ལི། དབྱང་ཧྥིན་ཁྲུན། ཀྲང་ལིས། ལིའུ་ཐོ། དབྱང་ཀྲི་ཝུན། ཚེ་རིང་ཐར་བཅས་གྲོས་ཚོགས་ལ་ཞུགས།
ཝང་ཅན་ཅུན་གྱིས་བསྟན་དོན། རྨ་ཆུའི་བཞུར་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། གྲུབ་འབྲས་དང་གནད་དོན་ལ་རྩོད་སྒྲུབ་བྱས་ཏེ་ཁོང་དུ་ཆུད་པར་བྱེད་པ་དང་། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་དགོས་ལ། གནད་དོན་དང་དམ་དུ་སྦྲེལ་ཏེ་ལྷོད་གཡེང་དུ་མི་གཏོང་བ་དང་། དག་ཐེར་བཅོས་སྒྱུར་སྔར་ལས་དམ་འཛིན་བྱེད་པ། ཞན་ཆ་ཁ་གསབ་དང་མི་འདང་ས་ལེགས་སྒྱུར་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་དགོས། འཆར་འགོད་དང་བསམ་འཆར་ཐད་ལ་གཞི་གཅིག་ཏུ་ཤུགས་བཏོན་ཏེ། དམིགས་འབེན་གཏན་འཁེལ་བྱེད་པ་དང་ལས་འགན་དང་དམ་དུ་སྦྲེལ་དགོས་ལ། འཆར་འགོད་དཔེ་རིས་དང་ལམ་ཐིག་དཔེ་རིས་དེ་ཨར་ལས་དཔེ་རིས་དང་གྲུབ་འབྲས་དཔེ་རིས་སུ་སྒྱུར་དགོས། ཆུ་ལ་བཅོས་སྐྱོང་དང་ཆུ་བཀོལ་སྤྱོད་བྱེད་སྐབས་མཉམ་བཅོས་མཉམ་སྤྱོད་བྱེད་དགོས་པ་དང་། རྨ་ཆུར་བཅོས་སྐྱོང་དང་སྲུང་སྐྱོབ་གནད་སར་འཛིན་པ་དང་། བཅོས་སྐྱོང་དམ་འཛིན་བྱེད་པའི་བླང་བྱ་གལ་ཆེན་ལག་བསྟར་བྱེད་དགོས་ལ། ཆུ་སྲུང་སྐྱོབ་བྱེད་པ་དང་ཆུ་གྲོན་ཆུང་བྱེད་པ་ནི་ཆུ་ཇེ་མང་དུ་གཏོང་བའི་ཁོངས་གཏོགས་འདུ་ཤེས་ཡིན་པ་དང་། ཆུའི་ཐོན་ཁུངས་ཀྱི་ནུས་པ་ཇེ་ཆེར་བཏང་ནས། ཆུའི་ཐོན་ཁུངས་དེ་བཀོལ་སྤྱོད་བྱེད་དགོས་པའི་ས་ཁུལ་དུ་བཀོལ་བ་འགན་སྲུང་བྱེད་དགོས། སྲུང་སྐྱོབ་དང་འཕེལ་རྒྱས་སུ་གཏོང་སྐབས་འགན་འཁྲི་དངོས་འབེབས་བཟང་བོ་བྱས་ཏེ། ཀྲུང་དབྱང་གིས་གཅིག་གྱུར་འཆར་འགོད་བྱེད་པ་དང་ཞིང་ཆེན་གྱིས་སྤྱིའི་འགན་འཁུར་བ། གྲོང་ཁྱེར་དང་རྫོང་གིས་དངོས་གཉེར་དོ་དམ་དངོས་འབེབས་བྱེད་པའི་རྐྱེན་སྲོལ་དེ་རྒྱུན་འཁྱོངས་བཟང་བོ་བྱེད་པ་དང་བཀོལ་སྤྱོད་ལེགས་པོ་བྱེད་དགོས་ལ། ཞིང་ཆེན་ནང་ཁུལ་དང་བཞུར་ཁོངས་སུ་བསམ་བཀོད་གཅིག་གི་བསམ་ཕྱོགས་ཆགས་པར་བྱས་ནས། རྨ་ཆུའི་བཞུར་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་སྟོབས་དང་ལྡན་པའི་འགན་སྲུང་འདོན་སྤྲོད་བྱེད་དགོས།
ཞིན་ཁྲང་ཞིང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྨ་ཆུའི་བཞུར་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུའི་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་ནན་ཏན་སྒོས་སློབ་སྦྱོང་བྱེད་པ་དང་གོ་བ་ཟབ་མོ་བླངས་ཏེ། རྨ་ཆུའི་བཞུར་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ནི་འཐབ་ཇུས་རང་བཞིན་གྱི་འཆར་འགོད་དང་འཐབ་ཇུས་རང་བཞིན་གྱི་དམིགས་འབེན། འཐབ་ཇུས་རང་བཞིན་གྱི་ལས་འགན་ཞིག་ཡིན་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱེད་པ་དང་ཐོན་ལས་འཕེལ་རྒྱས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པའི་ལས་འགན་གཙོ་བོ་ཞིག་ཡིན་པར་མ་ཟད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དེང་རབས་ཅན་འཛུགས་སྐྲུན་ཐད་མཚོ་སྔོན་གྱིས་བྱས་རྗེས་གསར་བ་འཇོག་རྒྱུ་གཙོ་གནད་ཡིན་པར་ངོས་འཛིན་ཟབ་མོ་བྱེད་དགོས། དངོས་འབེབས་བྱ་བ་དམ་འཛིན་བྱས་ཏེ། རི་ཆུ་ནགས་གསུམ་དང་ས་ཞིང་དང་མཚོའུ། རྩྭ་ས་སོགས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་སླར་གསོ་བྱེད་པར་གཅིག་གྱུར་གྱིས་འཆར་འགོད་བྱེད་པ་དང་། ལས་གཞི་གལ་ཆེན་སྐོར་ཞིག་ལག་བསྟར་བྱེད་དགོས་ལ། སྐྱེ་ཁམས་དམངས་ཕན་བྱེད་ཐབས་དངོས་འབེབས་བྱེད་པ་དང་། སྟོབས་དང་ལྡན་པའི་ཚོད་འཛིན་ལ་བརྟེན་ནས་སྤུས་ཚད་དང་ཕན་འབྲས་མཐོར་འདེགས་སུ་གཏོང་བར་མ་ཟད། ཧུར་ཐག་སྒོས་ལྗང་མདོག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
ཚོགས་ཐོག་ནས་མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྨ་ཆུའི་བཞུར་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གྱི་ལག་བསྟར་བསམ་འཆར་དང་ལོ་ལྔའི་འཆར་འགོད་བཅུ་བཞི་བའི་རྨ་ཆུའི་མཚོ་སྔོན་བཞུར་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལག་བསྟར་ཇུས་གཞི་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།
བཀྲ་ཤིས་འབུམ་གྱིས་བསྒྱུར།