ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚན་ཆུང་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆེད་དོན་བགྲོ་གླེང་ཚོགས་འདུ་བསྡུས།
2021.12.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 14

ཟླ་བཅུ་གཅིག་པའི་ཚེས་སུམ་ཅུ་ཉིན། ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚན་ཆུང་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆེད་དོན་བགྲོ་གླེང་ཚོགས་འདུ་ཟི་ལིང་ནས་བསྡུས། 

ཟླ་བཅུ་གཅིག་པའི་ཚེས་སུམ་ཅུ་ཉིན། ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚན་ཆུང་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆེད་དོན་བགྲོ་གླེང་ཚོགས་འདུ་ཟི་ལིང་ནས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཡང་བསྐྱར་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པར་དམིགས་ནས་བགྲོ་གླེང་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་བགྲོ་གླེང་ཚོགས་འདུར་འགོ་འཛིན་བྱས་པར་མ་ཟད་གཏམ་བཤད། ཁོས་བསྟན་དོན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་བྱེད་པའི་བྱ་བ་དམ་འཛིན་དང་དངོས་འབེབས་གང་ལེགས་བྱས་ཏེ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལེགས་པོར་བསྒྲུབ་དགོས་པར་མ་ཟད། འབད་བརྩོན་ལྷོད་མེད་སྒོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ཐད་ནས་མཚོ་སྔོན་གྱིས་གྲུབ་འབྲས་གསར་པ་བསྐྲུན་དགོས་པ་དང་། གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་ཚོགས་པར་བསུ་མ་བྱེད་དགོས།

ཚོགས་ཐོག་ནས་ཞིན་ཁྲང་ཞིང་དང་རྡོ་རྗེ་རབ་བརྟན། ཀྲང་ཀོང་རོང་། མགོན་པོ་བཀྲ་ཤིས། ཐིན་ཅ་ཚེ། ཡུས་ཚུང་ལི། མ་ཅི་ཞའོ། དབྱིན་པེ། ཁྲིན་རོས་ཧྥིན། ལིའུ་ཀི་ཕིང་། ཝང་ལིས་མེན། ཀྲའོ་ཡུའེ་ཞ། མ་ཝེ། ཝུའུ་ཧེ་ཁུན། ལིའུ་ཐུང་ཏི། ཁོང་ཡུང་། དབྱང་ཧྥིན་ཁྲུན། ལིའུ་ཐོ། རིན་ཆེན་རྣམ་རྒྱལ། ཏུའུ་ཅེ་བཅས་ཀྱིས་བརྗེ་རེས་གཏམ་བཤད་སྤེལ་བ་དང་། ཞིང་ཆེན་གྱི་འགོ་ཁྲིད་པ་གཞན་དག་གིས་ཡིག་ཐོག་ནས་གཏམ་བཤད་སྤེལ།

ཝང་ཅན་ཅུན་གྱིས་བསྟན་དོན། ཐེངས་འདིའི་ཆེད་དོན་བགྲོ་གླེང་ཚོགས་འདུས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དང་དམ་པོར་སྦྲེལ་ཞིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་དམ་པོར་སྦྲེལ་བ་དང་། ཀྲུང་གུང་ཀྲུང་དབྱང་གི་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཉམས་མྱོང་སྐོར་གྱི་གྲོས་ཆོད་དང་དམ་པོར་སྦྲེལ་ནས། བརྗོད་དོན་གཙོ་ཐིག་དང་བརྒྱུས་ཤིང་འཕེལ་ཕྱོགས་གཙོ་བོ་དང་དམིགས་འབེན་གཙོ་བོ་གཅིག་སྡུད་བྱས་པ་དང་། འགན་འཁྲི་གཙོ་བོ་དངོས་འབེབས་བྱས་ལ། རིགས་གཞུང་དང་ལག་ལེན་མཉམ་བསྲེས་དང་བློ་སྐྱེད་མྱོང་ཚོར་གཞི་གཅིག་ཏུ་བཟུང་བ་དང་། སོ་སོར་གཙོ་ཕལ་ཡོད་ལ། སོ་སོར་གོ་བ་ལེན་སྟངས་ཡོད་པ་དང་། སོ་སོར་བསམ་ཚུལ་ཡོད་པ། སོ་སོར་ཁྱད་ཆོས་ཡོད་པར་བྱས་ནས། ཞིང་ཆེན་ཡོངས་སུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་བྱེད་པའི་ཚ་རླབས་ཤིག་སློང་བར་སྣེ་ཁྲིད་ཀྱི་ནུས་པ་བཏོན།

ཝང་ཅན་ཅུན་གྱིས་བསྟན་དོན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པས་ཏང་ཡོངས་ཀྱིས་ལོ་རྒྱུས་མེ་ལོང་དུ་འཛིན་པ་དང་མ་འོངས་པ་གསར་སྐྲུན་བྱེད་པར་སྟོབས་དང་ལྡན་པའི་ཆབ་སྲིད་སྒུལ་ཤུགས་དང་བསམ་བློའི་སྒུལ་ཤུགས། ལག་ལེན་སྒུལ་ཤུགས་བསྣན་པ་དང་། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཟང་པོ་བྱེད་པ་ནི་དེང་སྐབས་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཡིན། སློབ་སྦྱོང་དམ་འཛིན་བྱས་ཏེ་རང་རྟོགས་སྒོས་སློབ་སྦྱོང་བྱེད་པ་དང་རང་འགུལ་སྒོས་སློབ་སྦྱོང་བྱེད་པ། ཇི་མ་ཇི་བཞིན་དུ་སློབ་སྦྱོང་བྱེད་དགོས་ལ། ཏང་ལ་བློ་དཀར་བ་དང་སྲུང་སྐྱོབ་གཉིས་ལེགས་པོར་སྒྲུབ་པའི་རྣམ་པ་ཆགས་པར་བྱེད་དགོས། སློབ་སྦྱོང་དང་ཟུང་འབྲེལ་བྱས་ཏེ་སློབ་སྦྱོང་གཏིང་ཟབ་ཏུ་བྱེད་པ་དང་། ནན་ཏན་སྒོས་སློབ་སྦྱོང་བྱེད་པ། ཧུར་ཐག་སྒོས་སློབ་སྦྱོང་བྱས་ནས་གོ་བ་ཟབ་མོ་ལེན་དགོས། དྲིལ་སྒྲོག་བྱ་བ་དམ་འཛིན་བྱེད་པ་དང་སྨྱན་བྱད་མང་པོ་བརྒྱུད་དེ་དྲིལ་སྒྲོག་བྱེད་པ། མཐུན་སྒྲིལ་བརྟན་འཇགས་ཀྱི་ནུས་པ་དང་དྲང་ཕྱོགས་དྲིལ་སྒྲོག་གཙོར་འཛིན་པ་རྒྱུན་འཁྱོངས་བྱེད་དགོས། ལག་བསྟར་བྱ་བ་དམ་འཛིན་བྱེད་པ་དང་ལག་བསྟར་ནང་དོན་གསར་སྐྲུན་བྱེད་པ། ཚན་རྩལ་བྱེད་ཐབས་དང་ཆ་འཕྲིན་སྟེགས་བུ་ལ་བརྟེན་ཞིང་ཕྱོགས་ཡོངས་དང་ཁྱབ་ཁོངས་སོ་སོ་ནས་ཀྲུང་གོ་གུང་ཁྲན་ཏང་གི་རླབས་ཆེན་བྱ་སྤྱོད་ལེགས་པར་བརྗོད་པ་དང་། ལག་བསྟར་བྱེད་ཐབས་འཐུས་ཚང་དུ་གཏོང་བ། དུས་ཚོད་སྐར་ཆ་རེ་རེ་བརྩོན་ལེན་བྱས་ཏེ་བྱ་བ་བཟང་བོར་བསྒྲུབ་ནས། ལོ་ཧྲིལ་བོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དམིགས་འབེན་དང་ལས་འགན་ཡོངས་འགྲུབ་བྱེད་རྒྱུ་འགན་སྲུང་བྱེད་དགོས། ལག་བསྟར་མཉམ་ཤུགས་གཅིག་སྡུད་བྱས་ཏེ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་བྱེད་པ་དེ་དམངས་ལ་དོན་དངོས་དང་དོན་བཟང་བསྒྲུབ་པའི་བརྒྱུད་རིམ་དུ་སྒྱུར་བ་དང་། ཐོག་མའི་འགན་འཁྲི་ཡིད་ལ་དམ་པོར་བཅངས་ནས་དུས་རབས་གསར་པར་སྤོབས་པ་ཆེན་པོས་བསྐྱོད་དགོས།

                                                                                                         བཀྲ་ཤིས་འབུམ་གྱིས་བསྒྱུར།