ཟླ་བཅུ་གཉིས་པའི་ཚེས་གཉིས་ཉིན། རྒྱལ་ཡོངས་ཀྱི་མཁར་གྲོང་འབར་རླངས་བདེ་འཇགས་ཞིབ་བཤེར་དག་ཐེར་བཅོས་སྐྱོང་སྐུལ་སློང་བཀོད་སྒྲིག་བརྙན་འཕྲིན་ཁ་པར་གྲོས་ཚོགས་འཚོགས་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་མཚོ་སྔོན་ཞིང་ཆེན་གྱི་ཡན་ལག་ཚོགས་རའི་གྲོས་ཚོགས་ལ་ཞུགས་ཏེ་བསྟན་དོན། བློ་ཐག་རྦད་ཆོད་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བདེ་འཇགས་ཐོན་སྐྱེད་དང་མཁར་གྲོང་འབར་རླངས་བདེ་འཇགས་བྱ་བའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཙུང་ལི་ལིས་ཁི་ཆང་སོགས་ཀྲུང་དབྱང་མགོ་ཁྲིད་བློ་མཐུན་གྱིས་མཆན་བཀོད་མཛུབ་སྟོན་གནང་བའི་བླང་བྱ་ལག་བསྟར་དང་དངོས་འབེབས་བཟང་བོ་བྱས་ཏེ། རྒྱལ་ཡོངས་ཀྱི་མཁར་གྲོང་འབར་རླངས་བདེ་འཇགས་ཞིབ་བཤེར་དག་ཐེར་བཅོས་སྐྱོང་སྐུལ་སློང་བཀོད་སྒྲིག་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཀྱི་བཀོད་སྒྲིག་ལྟར། བསམ་བློའི་ངོས་ཟིན་སྔར་ལས་མཐོར་འདེགས་སུ་གཏོང་བ་དང་། ལག་བསྟར་ཇུས་གཞི་འཐུས་ཚང་དུ་གཏོང་དགོས་ལ། གཟབ་ནན་གྱི་རྣམ་འགྱུར་དང་ནན་ཏན་གྱི་སྤྱོད་ཚུལ། ནུས་ལྡན་གྱི་བྱེད་ཐབས་ལ་བརྟེན་ཏེ། ཆེད་དོན་ཞིབ་བཤེར་དག་ཐེར་བཅོས་སྐྱོང་བྱ་བ་དམ་འཛིན་བྱས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་བ་ཚོགས་པར་བསུ་མ་བྱེད་པར་བདེ་འཇགས་དང་བརྟན་འཇགས་ཀྱི་སྤྱི་ཚོགས་ཁོར་ཡུག་བསྐྲུན་དགོས།
ཞིན་ཁྲང་ཞིང་གིས་བསྟན་དོན། བསམ་བློའི་ཐད་ནས་ཧ་ཅང་མཐོང་ཆེན་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལག་བསྟར་དང་དངོས་འབེབས་བྱེད་པ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩི་བ་དང་ལྷག་པར་དུ་བདེ་འཇགས་ཐོན་སྐྱེད་དང་ཉེན་ཁ་འགོག་སྲུང་། ཚད་མཐའ་བརྟན་སྲུང་བྱེད་པ་དང་འབྲེལ་བ་ཡོད་པའི་དོན་དག་དེ་སྔར་ལས་དོན་ཆེན་དུ་བརྩིས་ནས་ལེགས་པོར་བསྒྲུབ་དགོས། རང་ཞིང་གི་ལག་བསྟར་ཇུས་གཞི་འཐུས་ཚང་དུ་གཏོང་བའི་བྱ་བ་དམ་འཛིན་བྱས་ཏེ། སྐུལ་སློང་བཀོད་སྒྲིག་བྱ་བ་བཟང་བོར་བསྒྲུབ་པ་དང་། མི་སྣ་གསོ་སྐྱོང་ལ་ཤུགས་སྣོན་པར་མ་ཟད་ལག་བསྟར་ཕྱོགས་སྟོན་གཏན་འཁེལ་ཞིབ་མོ་བྱེད་དགོས། དུས་ཡུན་འགོར་བའི་སྦུགས་ལམ་སྒྱུར་བཀོད་དང་ཇེ་ལེགས་སུ་གཏོང་བའི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས་ཏེ། གཞི་གྲངས་ལ་ཞིབ་བཤེར་བྱེད་པའི་རྨང་གཞིའི་སྟེང་རྒྱལ་ཁབ་ཀྱི་བཀོད་སྒྲིག་ལྟར་གོ་རིམ་ལྡན་ཞིང་སྤུས་ཚད་མཐོ་བའི་སྒོ་ནས་བྱ་བ་བསྒྲུབ་དགོས། རྨང་གཞི་རང་བཞིན་དང་རྒྱུན་ལྡན་རང་བཞིན་གྱི་བྱ་བར་ཤུགས་བསྣན་ཏེ། སྔོན་བརྡ་གཏོང་བ་དང་ཡར་ཞུ་བྱེད་པའི་སྒྲིག་ཆས་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། འཕྲལ་བསྟུན་ཇུས་གཞི་འཐུས་ཚང་དུ་གཏོང་བ། དྲ་ངོས་ཀྱི་ལྟ་ཞིབ་ཚད་ལེན་ལ་ཤུགས་བསྣན་ནས། འཕྲལ་བསྟུན་ཐག་གཅོད་ནུས་པ་མཐོར་འདེགས་སུ་གཏོང་དགོས། འབར་རླངས་ཀྱི་བདེ་འཇགས་ཤེས་བྱའི་དྲིལ་སྒྲོག་དང་སློབ་གསོར་ཤུགས་བསྣན་ནས། མང་ཚོགས་ཀྱི་བདེ་འཇགས་དོགས་ཟོན་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས།
ཞིན་ཁྲང་ཞིང་གིས་ད་ལོའི་ལོ་མཇུག་ཏུ་ཁེ་ལས་ཀྱི་བདེ་འཇགས་ཐོན་སྐྱེད་དང་མེ་གསོད་བདེ་འཇགས། བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་སོགས་ཀྱི་བྱ་བ་བཟང་བོར་བསྒྲུབ་པར་གཅིག་གྱུར་སྒོས་འཆར་འགོད་བྱེད་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་ཆེད་དོན་དག་ཐེར་བཅོས་སྐྱོང་བྱེད་པའི་ལོ་གསུམ་འགུལ་སྐྱོད་བཟང་བོར་བསྒྲུབ་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་དང་སྤྱི་ཚོགས་ཁྱོན་ཡོངས་བརྟན་འཇགས་ཡོང་བ་འགན་སྲུང་བྱེད་དགོས་པའི་རེ་བ་བཏོན།
ཧྲིན་ཀྲང་གཞོན་པ་ལིས་ཧོང་ཡ་གྲོས་ཚོགས་ལ་ཞུགས།
བཀྲ་ཤིས་འབུམ་གྱིས་བསྒྱུར།