མཚོ་སྔོན་ཞིང་ཆེན་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་བཙུགས་ནས་ལོ་སུམ་ཅུ་འགོར་བར་དྲན་གསོ་ཞུ་བ་དང་ཞིང་ཆེན་ཡོངས་ཀྱི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་གཟེངས་བསྟོད་ཚོགས་ཆེན་ཟི་ལིང་དུ་བསྡུས།
2021.12.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

ཟླ་བཅུ་གཉིས་པའི་ཚེས་བདུན་ཉིན། མཚོ་སྔོན་ཞིང་ཆེན་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་བཙུགས་ནས་ལོ་སུམ་ཅུ་འགོར་བར་དྲན་གསོ་ཞུ་བ་དང་ཞིང་ཆེན་ཡོངས་ཀྱི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་གཟེངས་བསྟོད་ཚོགས་ཆེན་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གཉིས་ཀྱིས་བྱ་བར་རེ་བ་བཏོན་པ་དང་། གཟེངས་བསྟོད་ཐོབ་པའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་ལ་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་ཤིང་། རྒྱ་ཆེའི་ལས་བྱེད་པ་རྒན་པ་དང་འཐབ་མོ་བ་རྒན་པ། ཆེད་མཁས་པ་རྒན་པ། དགེ་རྒན་རྒན་པ། དཔེ་ལེགས་ཅན་རྒན་པ་བཅས་ལ་བླ་མེད་གུས་འདུད་ཞུས་པ་དང་། མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་བློ་མཐུན་ཡོངས་ལ་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་ཞུས།

ཀྲུང་གོ་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཀྲུའུ་རིན་གཞོན་པ་ཧུའུ་ཀྲིན་མེན་དང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དབྱིན་པད་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད་པ་དང་། ཞིང་ཆེན་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་མཚན་འཛིན་ཀྲུའུ་རིན་སངས་རྒྱས་སྐྱབས་དང་རྒྱུན་ལས་ཀྲུའུ་རིན་གཞོན་པ་ཀྲའོ་ཆི་ཀྲུང་དང་གོ་རུའུ་ཀྲོ་གཉིས་ཀ་གྲོས་ཚོགས་ལ་ཞུགས།

ཝང་ཅན་ཅུན་གྱིས་བསྟན་དོན། ལོ་སུམ་ཅུའི་རིང་ལ། ཞིང་ཆེན་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་ཏེ། ན་གཞོན་ལོ་ཆུང་ལ་ཞབས་འདེགས་ཞུ་བའི་ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཤིང་། ན་གཞོན་ལོ་ཆུང་གི་དགོས་མཁོར་བསམ་གཞིགས་བཏང་ཞིང་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ནུས་པ་གང་ཡོད་བཏོན་པ་དང་། རྒན་ལྔའི་དམིགས་བསལ་ཁྱད་སྟོབས་དང་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱས་ལ། ན་གཞོན་ལོ་ཆུང་བདེ་ཐང་ངང་འཚར་ལོངས་འབྱུང་བར་སེམས་ཁུར་དང་ཁྲིད་སྟོན་བྱས་པ་དང་། རང་ཞིང་གིས་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་ལས་དོན་འཕེལ་རྒྱས་ཐད་ལ་རྣམ་པ་གསར་པ་གསར་སྐྲུན་བྱས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ལས་དོན་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པ་དང་། རྒན་པ་དང་ལོ་ཆུང་ལ་སེམས་ཁུར་དང་གཅེས་སྐྱོང་བྱས་ཏེ། མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གིས་བྱ་བ་སྔར་ལས་བཟང་བོ་བསྒྲུབ་པ་དང་བློ་མཐུན་རྒན་པས་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ན་གཞོན་ལོ་ཆུང་རྣམས་བདེ་ཐང་ངང་འཚར་ལོངས་འབྱུང་བར་ཁོར་ཡུག་དང་ཆ་རྐྱེན་བཟང་བོ་བསྐྲུན་དགོས།

ཞིན་ཁྲང་ཞིང་གིས་བསྟན་དོན། མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བ་ནི་རླབས་ཆེན་གྱི་མི་གསོ་སྐྱོང་བཟོ་སྐྲུན་ཞིག་ཡིན། ལོ་སུམ་ཅུའི་རིང་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། རང་ཞིང་གི་རིམ་པ་སོ་སོའི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་དང་རྒྱ་ཆེའི་རྒན་པ་ལྔ་ཡིས་དུས་རབས་ཀྱི་མི་གསར་པ་གསོ་སྐྱོང་བྱེད་པའི་གཙོ་སྙིང་དེ་ཁོང་དུ་ཆུད་པར་བྱས་པ་དང་། ཁྱད་སྟོབས་འདོན་སྤེལ་དང་རང་འགུལ་སྒོས་བྱེད་ཐབས་སྤྱད་ནས། ན་གཞོན་ལོ་ཆུང་རྣམས་བདེ་ཐང་ངང་འཚར་ལོངས་འབྱུང་བར་ཕན་འབྲས་ལྡན་པའི་བྱ་བ་གང་མང་བསྒྲུབས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། གཞི་རྩའི་ལས་འགན་རྒྱུན་འཁྱོངས་བྱེད་པ་དང་། ཆོས་ཉིད་དང་ཁྱད་ཆོས་གསལ་བོར་ཤེས་པར་བྱེད་པར་མ་ཟད། རྒྱ་ཆེའི་ན་གཞོན་ལོ་ཆུང་གིས་སྤྱི་ཚོགས་རིང་ལུགས་སྲོག་ཤིང་རིན་ཐང་ལྟ་བ་འཛུགས་པ་དང་ལག་ལེན་བྱེད་པར་སློབ་གསོ་གཏོང་བ་དང་ཁྲིད་སྟོན་བྱེད་པ་དང་། ཏང་གི་གསུང་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་དགོས།

ཧུའུ་ཀྲིན་མེན་གྱིས་གཏམ་བཤད་སྐབས་བསྟན་དོན། ལོ་སུམ་ཅུའི་རིང་ལ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་འོག  ཞིང་ཆེན་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་གྱི་གནས་ཚུལ་དང་ཁྱད་ཆོས་ལ་ཟུང་འབྲེལ་བྱས་པ་དང་། ལྟེ་གནས་ལ་དམིགས་ཤིང་ཁྱོན་ཡོངས་ལ་ཞབས་འདེགས་ཞུས་པ་དང་། སྐྱེ་ཁམས་དཔལ་ཡོན་དང་མི་རིགས་མཐུན་སྒྲིལ་སློབ་གསོ་གཏིང་ཟབ་ཏུ་སྤེལ་ནས། ན་གཞོན་ལོ་ཆུང་རྣམས་ཁྱོན་ཡོངས་ནས་བདེ་ཐང་ངང་འཚར་ལོངས་འབྱུང་བར་ནུས་པ་ཆེན་པོ་བཏོན།

དབྱིན་པད་ཀྱིས་གཏམ་བཤད་སྐབས་བསྟན་དོན། མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བ་བཟང་པོར་བསྒྲུབ་སྐབས། ཆབ་སྲིད་ཁ་ཕྱོགས་རྒྱུན་འཁྱོངས་དང་གཏན་ཤུགས་སྲུང་འཛིན་བྱས་ཏེ། རྩ་འཛུགས་མ་ལག་འཛུགས་སྐྲུན་བྱས་ནས་གསོན་ཤུགས་ཆེ་རུ་བསྐྱེད་པ་དང་། ཀུན་སྤྱོད་ལེགས་པའི་མི་སྐྱེད་སྲིང་བྱེད་པ་གཅིག་སྡུད་བྱས་ནས་སྦས་ཤུགས་སྔོག་འདོན་བྱེད་པ། དཀའ་གནད་སེལ་ཏེ་སྒུལ་ཤུགས་ཇེ་ཆེར་གཏོང་བ། དོ་དམ་བྱ་བ་དམ་འཛིན་བྱས་ནས་མཉམ་ཤུགས་ཆགས་པ་རྒྱུན་འཁྱོངས་བྱས་ཏེ། མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཐད་ལ་རྣམ་པ་གསར་པ་གསར་སྐྲུན་བྱེད་པར་མ་ཟད་མཚོ་སྔོན་འཛུགས་སྐྲུན་ཐད་ལ་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས།

ཚོགས་ཐོག་ཏུ་ཀྲའོ་ཆི་ཀྲུང་གིས་བྱ་བའི་སྙན་ཞུ་ཕུལ་ཏེ། ཞིང་ཆེན་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ལོ་སུམ་ཅུའི་རིང་ལ་བསྒྲུབས་པའི་བྱ་བར་ཕྱིར་དྲན་དང་སྤྱི་བསྡོམས་བྱས་པར་མ་ཟད་གོ་རིམ་རྗེས་མའི་བྱ་བར་བཀོད་སྒྲིག་བྱས། ཚོགས་ཐོག་ནས་ཟི་ལིང་གྲོང་ཁྱེར་མཁར་བྱང་ཁུལ་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་ཨུ་ཡོན་ལྷན་ཁང་སོགས་སྔོན་ཐོན་ཐུན་མོང་ཉི་ཤུ་དང་ཞེ་པོ་ཧྭ་སོགས་སྔོན་ཐོན་མི་སྒེར་བཞི་བཅུ་ལ་གཟེངས་བསྟོད་བྱས།

                                                                                                        བཀྲ་ཤིས་འབུམ་གྱིས་བསྒྱུར།