ཟླ་བཅུ་གཉིས་པའི་ཚེས་བརྒྱད་ཉིན། ཞིང་ཆེན་སྲིད་གྲོས་ཀྱིས་ཏང་ཙུའུ་རྒྱ་བསྐྱེད་གྲོས་ཚོགས་བསྡུས་ཏེ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལ་ཆེད་དུ་སློབ་སྦྱོང་དང་བགྲོ་གླེང་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས་པར་མ་ཟད་གཏམ་བཤད་པ་དང་། ཏུའུ་ཅེ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚང་འཛོམས་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་དང་རེ་བ་བརྒྱུག་སྒྲོག་བྱས། ཀྲང་ཝུན་ཁུའེ་དང་ཝང་ཞོན། དེ་མིན་ཐིན་རིམ་པའི་ལས་བྱེད་པ་དྲུག་གིས་བསམ་བློ་དང་བྱ་བའི་དོན་དངོས་དང་འབྲེལ་ནས་སློབ་སྦྱོང་དང་མྱོང་ཚོར་བརྗེ་རེས་བྱས། རིན་ཆེན་རྣམ་རྒྱལ་གྲོས་ཚོགས་ལ་ཞུགས།
གྲོས་ཚོགས་ནས་དུས་སྐབས་སྔོན་མའི་སློབ་སྦྱོང་དང་ཕན་འབྲས་ལ་ཁས་ལེན་གང་ལེགས་བྱས། གྲོས་ཚོགས་ནས་བསྟན་དོན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་ནི་རྒྱུན་མཐུད་སྐུལ་སྤེལ་དང་མུ་མཐུད་ནས་གཏིང་ཟབ་ཏུ་སྤེལ་བའི་བརྒྱུད་རིམ་ཞིག་ཡིན་པས། ཁྱོན་ཡོངས་དང་གོ་རིམ་ལྡན་པའི་སྒོ་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་བྱས་ཏེ། གཏན་འཁེལ་གཉིས་ཀྱི་ཐག་ཆོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། ལོ་རྒྱུས་ཀྱི་དུས་སྐབས་བཞིའི་རླབས་ཆེན་གྲུབ་འབྲས་ལ་རྒྱུས་ལོན་ཡང་དག་བྱེད་དགོས་ལ། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་དོན་སྙིང་དང་རྒྱུན་འཁྱོངས་བཅུའི་ལོ་རྒྱུས་ཉམས་མྱོང་ཁྱོན་ཡོངས་ནས་ཁོང་དུ་ཆུད་པར་བྱེད་པ་དང་། ལྷག་པར་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་ཞུགས་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་རླབས་ཆེན་གྱི་ལོ་རྒྱུས་འཕོ་འགྱུར་ལ་ངོས་འཛིན་གསལ་བོ་བྱས་ཏེ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལེགས་པོར་བསྒྲུབ་དགོས། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་རླབས་ཆེན་གྲུབ་འབྲས་ཁྲོད་དུ་ཀྲུང་གོ་གུང་ཁྲན་ཏང་གིས་ཅིའི་ཕྱིར་བསྒྲུབས་ནུས་པ་དང་མར་ཁེ་སི་རིང་ལུགས་ཅིའི་ཕྱིར་ལེགས་འགྲུབ་བྱུང་བ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཅིའི་ཕྱིར་བཟང་བའི་ལོ་རྒྱུས་ཀྱི་གཏན་ཚིགས་དང་གཞུང་ལུགས་ཀྱི་གཏན་ཚིགས། ལག་ལེན་གྱི་གཏན་ཚིགས་བཅས་ལ་གོ་བ་ཟབ་མོ་བླངས་ཏེ། འགྱུར་མེད་ཀྱི་དད་སེམས་དང་ཆབ་སྲིད་ཀྱི་ལྷག་བསམ། འགན་འཁྲི་ཁག་ཁུར་བཅས་གསལ་བོར་རྟོགས་པར་བྱེད་དགོས། གྲོས་ཆོད་ཀྱི་དགོངས་པ་ཟབ་མོའི་ཁྲོད་དུ་མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་ལྟ་བ། བྱེད་ཐབས་བཅས་ལ་གོ་བ་ཟབ་མོ་བླངས་ཏེ། ཏང་གི་གཞི་རྩའི་རིགས་གཞུང་དང་གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཇུས་གཞི་ལ་རྒྱུས་ལོན་ཟབ་མོ་བྱེད་པ་དང་གསལ་བོར་ཤེས་པར་བྱེད་དགོས་ལ། རིགས་གཞུང་བྱང་ཚད་ཇེ་ཆེར་གཏོང་བ་དང་བསམ་བློའི་རང་རྟོགས་ཇེ་དྲག་ཏུ་གཏོང་བ། ལོ་རྒྱུས་ཀྱི་གནས་བབ་ཆེན་པོ་གསལ་བོར་རྟོགས་པར་བྱེད་པ། འབད་འཐབ་དམིགས་འབེན་ལེགས་འགྲུབ་བྱེད་པར་མ་ཟད་ཆབ་སྲིད་བརྡར་གཅོད་ཀྱི་ནུས་པ་དང་ཆབ་སྲིད་ཤེས་རྟོགས་་ཀྱིནུས་པ། ཆབ་སྲིད་ལག་བསྟར་གྱི་ནུས་པ་སྔར་ལས་མཐོར་འདེགས་སུ་བཏང་ནས། དུས་རབས་གསར་པར་སྔར་ལས་ལྷག་པའི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་གོང་སྤེལ་བྱེད་དགོས།
ཚོགས་ཐོག་ནས་བསྟན་དོན། ཞིང་ཆེན་ཏང་ཨུའི་གཅིག་གྱུར་བཀོད་སྒྲིག་ལྟར། སྲིད་གྲོས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ཞིང་ཆེན་སྲིད་གྲོས་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཇུས་གཞི་གཏན་འཁེལ་བྱས་ཏེ་ལག་ལེན་བྱེད་པ་དང་། རྣམ་པ་མང་ཞིང་ཕན་འབྲས་ལ་ཡིད་འཇོག་བྱེད་པའི་སློབ་སྦྱོང་དང་བཞུགས་མོལ་སོགས་ཀྱི་བྱ་འགུལ་སྤེལ་དགོས་ལ། སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་པར་རྩ་འཛུགས་དང་སྣེ་ཁྲིད་བྱས་ཏེ་ཏང་གི་ལོ་རྒྱུས་གྲུབ་འབྲས་རིག་པ་དང་ཟུང་འབྲེལ་བྱེད་པ་དང་། ཏང་གི་འབད་འཐབ་དམིགས་འབེན་རིག་པ་དང་ཟུང་འབྲེལ་བྱེད་པ། དེང་སྐབས་ཀྱི་གནས་བབ་རིག་པ་དང་ཟུང་འབྲེལ་བྱས་ནས། གྲོས་ཚོགས་ཀྱི་དགོངས་དོན་གསལ་བོར་ཤེས་པར་བྱེད་པ་དང་དོན་དངོས་ལ་སྦྲེལ་ནས་བསམ་གཞིགས་གཏོང་བ། སློབ་སྦྱོང་རྗེས་ཆོད་པར་བྱེད་པ་དང་ངོས་འཛིན་རྗེས་ཆོད་པར་བྱེད་པ། བསམ་བློ་རྗེས་ཆོད་པར་བྱེད་པ། འགུལ་སྐྱོད་རྗེས་ཆོད་པར་བྱེད་དགོས། ལོ་རྒྱུས་དཔྱད་གཞིར་འཛིན་པ་དང་མ་འོངས་པ་གསར་གཏོད་བྱེད་པའི་བླང་བྱ་གལ་ཆེན་ལྟར། གསར་སྐྲུན་གྱི་བྱ་བའི་བསམ་ཕྱོགས་དང་དངོས་གཉེར་གྱི་བྱ་བའི་བྱེད་ཐབས་ལ་བརྟེན་ནས་སྲིད་གྲོས་ཀྱི་བྱ་བ་སྣ་ཚོགས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། སྔར་ལས་ལྷག་པའི་སྒོ་ནས་ཞིང་ཆེན་ཡོངས་ཀྱི་བྱ་བའི་ཁྱོན་ཡོངས་ལ་ཞབས་འདེགས་ཞུས་ནས་སློབ་སྦྱོང་གྲུབ་འབྲས་དེ་སྲིད་གྲོས་བྱ་བར་སྐུལ་སྤེལ་བྱེད་པའི་སྒུལ་ཤུགས་ཆེན་པོ་དང་དོན་དངོས་ཕན་འབྲས་སུ་བསྒྱུར་དགོས།
བཀྲ་ཤིས་འབུམ་གྱིས་བསྒྱུར།