རྡོ་རྗེ་རབ་བརྟན་གྱིས་མཚོ་ཤར་གྲོང་ཁྱེར་ལི་ཏུའུ་ཆུས་ཀྱི་གཞི་རིམ་སྲིད་གྲོས་བྱ་བར་རྟོག་ཞིབ་དང་མཛུབ་སྟོན་བྱས།
2021.12.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 13

ཟླ་བཅུ་གཉིས་པའི་ཚེས་བཅུ་ཉིན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་མཚོ་ཤར་གྲོང་ཁྱེར་ལི་ཏུའུ་ཆུས་ལ་སོང་སྟེ་གཞི་རིམ་སྲིད་གྲོས་བྱ་བར་རྟོག་ཞིབ་དང་མཛུབ་སྟོན་བྱས་པ་དང་། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སྒྲོག་འགྲེལ་བྱས། དེའི་སྐབས་སུ། རྨ་ཙོང་རིག་གནས་རྟེན་མཛོད་ཁང་དང་མཚོ་ཤར་གྲོང་ཁྱེར་གྱི་གྲོང་ཁྱེར་འཆེར་འགོད་འགྲེམ་སྟོན་ཁང་། མཚོ་ཤར་གྲོང་ཁྱེར་གྱི་སློབ་འབྲིང་དང་པོ། མཚོ་ཤར་གྲོང་ཁྱེར་མི་དམངས་སྨན་ཁང་གཉིས་པ་སོགས་ལ་ལྟ་ཞིབ་བྱས་པར་མ་ཟད་ཕྱོགས་སོ་སོའི་བསམ་འཆར་དང་གྲོས་གཞི་ལ་ཞིབ་མོར་ཉན།

རྡོ་རྗེ་རབ་བརྟན་གྱིས་མཚོ་ཤར་གྲོང་ཁྱེར་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་དང་བཀོད་སྒྲིག་གལ་ཆེན་ལག་བསྟར་ནན་མོ་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་ལས་དོན་སྣ་ཚོགས་ཐད་ནས་བླངས་པའི་གྲུབ་འབྲས་དང་དེ་མིན་ལས་བྱེད་པ་དང་མང་ཚོགས་ཀྱིས་ལས་སྒྲུབ་ལས་སྤེལ་བྱས་པའི་བསམ་བློའི་ཉམས་འགྱུར་ལ་ཁས་ལེན་གང་ལེགས་བྱས་པར་མ་ཟད། ད་ལོའི་བྱ་བ་གཙོ་བོ་བཟང་པོར་སྒྲུབ་པའི་ཐད་ལ་མཛུབ་སྟོན་བསམ་འཆར་བཏོན།

དེའི་རྗེས་སུ་ལི་ཏུའུ་ཆུས་སྲིད་གྲོས་ནས་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། རྡོ་རྗེ་རབ་བརྟན་གྱིས་གཞི་རིམ་སྲིད་གྲོས་ལས་བྱེད་པ་དང་ལས་བྱེད་པ། ཨུ་ཡོན་གྱི་འཐུབ་ཚབ་དང་མཉམ་དུ་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལ་སློབ་སྦྱོང་བྱས། ཁོས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་གཞི་རིམ་སྲིད་གྲོས་ཀྱིས་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དེ་དེང་སྐབས་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ལས་འགན་གལ་ཆེན་དུ་བརྩིས་ཏེ། གཙོ་བོ་དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཐད་ནས་བླངས་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་བྱུང་བའི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ལ་ནན་ཏན་སྒོས་སློབ་སྦྱོང་དང་གསལ་བོར་ཤེས་པར་བྱེད་པ་དང་། གཏན་འཁེལ་གཉིས་ཀྱི་ཐག་ཆོད་རང་བཞིན་གྱི་དོན་སྙིང་དང་གཞི་རྩ་རང་བཞིན་གྱི་བླང་བྱ་ཤེས་རྟོགས་ཟབ་མོ་བྱེད་དགོས་ལ། ཧུར་ཐག་སྒོས་ཆབ་སྲིད་བརྡར་གཅོད་ནུས་པ་དང་ཆབ་སྲིད་ཤེས་རྟོགས་ནུས་པ། ཆབ་སྲིད་ལག་བསྟར་ནུས་པ་མཐོར་འདེགས་སུ་གཏོང་བ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལེགས་པོར་བསྒྲུབ་དགོས། ཁྱོན་ཡོངས་དང་གོ་རིམ་ལྡན་པའི་སྒོ་ནས་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཉམས་མྱོང་། དོན་སྙིང་གལ་ཆེན་བཅས་ལ་སློབ་སྦྱོང་བྱས་ཏེ། ཀྲུང་གོ་གུང་ཁྲན་ཏང་གིས་ཅིའི་ཕྱིར་བསྒྲུབས་ནུས་པ་དང་མར་ཁེ་སི་རིང་ལུགས་ཅིའི་ཕྱིར་ལེགས་འགྲུབ་བྱུང་བ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཅིའི་ཕྱིར་བཟང་བའི་གཞི་རྩའི་གནས་ལུགས་གསལ་བོར་རྟོགས་པར་བྱེད་པ་དང་། ཏང་གི་གཞི་རྩའི་རིགས་གཞུང་དང་གཞི་རྩའི་ལམ་ཕྱོགས། གཞི་རྩའི་བྱེད་ཕྱོགས་ལ་རྒྱུས་ལོན་དང་ངོས་འཛིན་ཟབ་མོ་བྱེད་དགོས་ལ། རང་རྟོགས་སྒོས་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་མཐར་ཕྱིན་བྱས་ནས། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་གོང་སྤེལ་བཟང་པོ་བྱེད་དགོས། 

བཀྲ་ཤིས་འབུམ་གྱིས་བསྒྱུར།