ཟླ་བཅུ་གཉིས་པའི་ཚེས་བཅུ་གསུམ་ཉིན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱ་བསྐྱེད་གྲོས་ཚོགས་བསྡུས་ཏེ། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། རང་གི་ལག་བསྟར་དངོས་འབེབས་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས།
ཚོགས་ཐོག་ནས་བསྟན་དོན། གྲོལ་མ་ཐག་པའི་ཀྲུང་དབྱང་དཔལ་འབྱོར་བྱ་བ་ནི་ཏང་ཡོངས་དང་རྒྱལ་ཡོངས་སུ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐབས་སུ་བསྡུས་པའི་གྲོས་ཚོགས་གལ་ཆེན་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལས་བསམ་བློ་ཁྱོན་ཡོངས་གཉིས་ལ་བཏང་ཞིང་རྒྱལ་ཁབ་ཀྱི་ལས་དོན་ཆེན་པོར་དམིགས་པ་དང་། མཐོང་རྒྱ་ཡངས་ཤིང་ནང་དོན་ཕུན་སུམ་ཚོགས་པ་དང་། རྒྱལ་ནང་གི་གནས་བབ་ལ་བརྡར་ཤ་བཅད་པ་ལུགས་དང་མཐུན་ཞིང་རྒྱལ་སྤྱིའི་གནས་བབ་ལ་དབྱེ་ཞིབ་བྱས་པ་ཡང་དག་པ་དང་། སྤྱིའི་བླང་བྱར་སྤྱི་བསྡོམས་བྱས་པ་གསལ་བོ་ཡིན་ལ། སྲིད་ཇུས་ཀྱི་ཁ་ཕྱོགས་དངོས་གཉེར་གནད་འཁེལ་ཡིན་པས། ང་ཚོས་དེང་སྐབས་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་དཔལ་འབྱོར་བྱ་བ་བཟང་བོར་བསྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་བསྟན་པ་དང་གཞི་རྩའི་བསྲུང་བྱ་འདོན་སྤྲོད་བྱས་ཡོད། ཙུང་ལི་ལིས་ཁི་ཆང་གི་གསུང་བཤད་ལས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དཔལ་འབྱོར་དགོངས་པ་གསལ་བོར་རྟོགས་པར་བྱས་པ་དང་། ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་དང་ཁྱོན་ཡོངས་བཞི་ཡི་འཐབ་ཇུས་བཀོད་སྒྲིག་གསལ་བོར་རྟོགས་པར་བྱས་ཤིང་། ལོ་ལྔའི་འཆར་འགོད་བཅུ་བཞི་བ་དང་ཉིས་སྟོང་སོ་ལྔ་ལོའི་རྒྱང་རིང་དམིགས་འབེན་གསལ་བོར་རྟོགས་པར་བྱས་པ་དང་། དེ་ལ་མཛུབ་སྟོན་རང་བཞིན་དང་དམིགས་ཡུལ་རང་བཞིན། ལག་བསྟར་རང་བཞིན་དྲག་པོ་ལྡན། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལེགས་པོར་བསྒྲུབ་དགོས་པར་མ་ཟད། བསམ་བློ་དང་འགུལ་སྐྱོད་གཉིས་ཀ་ཏང་ཀྲུང་དབྱང་གིས་དེང་སྐབས་ཀྱི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་དང་བརྡར་ཤ་བཅད་པ་དང་སང་ལོའི་དཔལ་འབྱོར་བྱ་བའི་རེ་བ་གལ་ཆེན་དང་གཅིག་གྱུར་བྱེད་པ་དང་། རང་འགུལ་སྒོས་བྱ་སྤྱོད་སྤེལ་ཞིང་དངོས་འབེབས་བྱ་བ་དམ་འཛིན་བྱས་ཏེ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་མཚོ་སྔོན་ནས་ལག་བསྟར་བྱས་ནས་ཕན་འབྲས་ཐོབ་པར་འགན་སྲུང་བྱེད་དགོས།
ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཙུང་ལི་ལིས་ཁི་ཆང་གི་གསུང་བཤད་ཀྱི་དགོངས་དོན་ཇི་མ་ཇི་བཞིན་དུ་སློབ་སྦྱོང་བྱེད་པ་དང་། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ཏེ། སློབ་སྦྱོང་ནན་མོ་བྱས་ནས་གོ་བ་ཟབ་མོ་ལེན་པ་དང་། སྔར་ལས་བཟང་བའི་སྒོ་ནས་གནས་བབ་ལ་ངོས་འཛིན་གསལ་བོ་བྱེད་པ་དང་གནས་བབ་ལ་དབྱེ་ཞིབ་གསལ་བོ་བྱེད་པ། གནས་བབ་ཁོང་དུ་ཆུད་པར་བྱེད་དགོས། གནད་ལ་འཁེལ་ཞིང་ཞིབ་ཕྲ་སྒོས་སྔོན་དཔག་དུས་སྐབས་ཀྱི་དམིགས་འབེན་དང་སྲིད་ཇུས་ཀྱི་ཁ་ཕྱོགས་ལ་ཞིབ་འཇུག་བྱས་ཏེ། རང་ཞིང་གིས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དང་དངོས་འབེབས་བྱེད་པའི་དོ་མཉམ་བྱེད་ས་དང་ཟུང་འབྲེལ་བྱེད་ས། རྐང་འཛུགས་པ་བཅས་འཚོལ་དགོས་པ་དང་། སྤྱིའི་བླང་བྱར་གོ་བ་ཟབ་མོ་ལེན་པ་དང་སྔོན་དཔག་དུས་སྐབས་ཀྱི་དམིགས་འབེན་ཚད་ལེན་ཞིབ་རྩིས་བཟང་བོ་བྱེད་པ། སྲིད་ཇུས་ཀྱི་རྒྱབ་སྐྱོར་བརྩོན་ལེན་བཟང་བོ་བྱེད་དགོས་ལ། ས་གནས་ཏང་ཨུ་དང་སྲིད་གཞུང་གི་འགན་འཁྲི་ཕྲག་ཏུ་འཁུར་ཞིང་སྔར་ལས་བཟང་བའི་སྒོ་ནས་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་དགོས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཀྱི་གནད་དོན་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱེད་པར་ཤུགས་སྣོན་པ་དང་། འཛམ་གླིང་གི་གནས་ཚུལ་དང་རྒྱལ་ཁབ་ཀྱི་གནས་ཚུལ། ཞིང་ཆེན་གྱི་གནས་ཚུལ་བཅས་ལ་ངོས་འཛིན་ཟབ་མོ་བྱས་ཏེ། དུས་རབས་གསར་བའི་དཔལ་འབྱོར་བྱ་བའི་གོ་སྐབས་དང་འགྲན་རྩོད་ལ་ཞིབ་འཇུག་བྱེད་པ་དང་། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་བཅོས་སྒྱུར་གྱི་ཐབས་ལམ་དང་བྱེད་ཐབས་ལ་ཞིབ་འཇུག་བྱེད་པ། མཚོ་སྔོན་འཕེལ་རྒྱས་ཀྱི་མདུན་དུ་ལྷགས་པའི་ཞན་ཆ་དང་མི་འདང་སར་ཞིབ་འཇུག་བྱེད་དགོས་པར་མ་ཟད། བློ་ཐག་རྦད་ཆོད་སྒོས་ཡུན་རིང་དམིགས་འབེན་ཇེ་ཐུང་དུ་འགྲོ་བ་དང་གོ་རིམ་དམིགས་འབེན་ཁ་ཤས་ཅན་དུ་འགྱུར་བ་གཏན་འགོག་བྱེད་དགོས་པ་དང་། རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་རྗེས་ཤུགས་ཇེ་ཆེར་བཏང་ནས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། སང་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འཆར་འགོད་བྱས་ཏེ། སྔ་མོ་ནས་ཞིབ་འཇུག་དང་སྔ་མོ་ནས་བཀོད་སྒྲིག སྔ་མོ་ནས་ཕན་འབྲས་ཐོབ་པར་བྱེད་པ་དང་། བློ་བརྟན་འགྱུར་མེད་སྒོས་མཚོ་སྔོན་གྱི་དོན་དག་བཟང་བོར་བསྒྲུབ་སྟེ་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་བ་རྒྱལ་ཁའི་ངང་ཚོགས་པར་བསུ་མ་བྱེད་དགོས།
བཀྲ་ཤིས་འབུམ་གྱིས་བསྒྱུར།