ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཀྱིས་སློབ་སྦྱོང་རྒྱ་བསྐྱེད་ཚོགས་འདུ་བསྡུས། 
2021.12.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 12

ཟླ་བཅུ་གཉིས་པའི་ཚེས་བཅོ་ལྔ་ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཀྱིས་སློབ་སྦྱོང་རྒྱ་བསྐྱེད་ཚོགས་འདུ་བསྡུས་པ་དང་། རྒྱལ་ཁབ་གཏེར་ཁའི་བདེ་འཇགས་ལྟ་རྟོག་ཅུའུ་ཡི་རྡོ་སོལ་མ་ཡིན་པའི་གཏེར་ཁའི་བདེ་འཇགས་ལྟ་རྟོག་ཟི་ཡི་ཟི་ཀྲང་གཞོན་པ་ལན་ཆོན་ཙུའུ་ཡིས་ཁ་བྱང་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་སྐོར་གྱི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཏེ་གསར་དུ་བཟོ་བཅོས་བྱས་པའི་བདེ་འཇགས་ཐོན་སྐྱེད་བཅའ་ཁྲིམས་ལག་ལེན་དངོས་འབེབ་བྱེད་དགོས་ཞེས་པའི་ཟུར་ཁྲིད་སྙན་ཞུ་ཕུལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅོན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་སོགས་ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་ཁོངས་མི་གྲོས་ཚོགས་ལ་ཞུགས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཀྲའོ་ཡའོ་ཞཱ་ཡིས་སློབ་སྦྱོང་ཚོགས་འདུར་མགོ་འཛིན་བྱས། 

ལན་ཆོན་ཙུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་སྐོར་གྱི་གསུང་བཤད་གལ་ཆེན་ལ་འགྲེལ་བརྗོད་ཀློག་འདོན་བྱས་པ་དང་། གསར་དུ་བཟོ་བཅོས་བྱས་པའི་བདེ་འཇགས་ཐོན་སྐྱེད་བཅའ་ཁྲིམས་ཀྱི་བཟོ་བཅོས་རྒྱབ་ལྗོངས་དང་སྤྱིའི་བསམ་ཕྱོགས། ནང་དོན་གཙོ་བོ་སོགས་ཐད་ནས་རྒྱས་འགྲེལ་གང་ལེགས་བྱས། ཚང་མས་གཅིག་གྱུར་སྒོས་བལྟས་ན། སྙན་ཞུའི་བརྗོད་སྙིང་འབུར་དུ་ཐོན་པ་དང་ནང་དོན་གཅིག་འདུས་ཡིན་ལ། ཆེད་ལས་འགྲེལ་བརྗོད་ཡོད་པར་མ་ཟད་གྱོད་དོན་དབྱེ་ཞིབ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་ཐད་ཀྱི་གསུང་བཤད་གལ་ཆེན་ལ་གཏིང་ཟབ་ཏུ་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ་དང་། བདེ་འཇགས་ཐོན་སྐྱེད་བཅའ་ཁྲིམས་ཀྱི་ཁྲིམས་འཛུགས་དམིགས་ཡུལ་དང་བཅའ་ཁྲིམས་ལམ་ལུགས། གཏན་འཁེལ་བཅས་ཡང་དག་པར་ཁོང་དུ་ཆུད་པར་བྱས་ཏེ། བདེ་འཇགས་ཐོན་སྐྱེད་ཀྱི་འདུ་ཤེས་མཐོར་འདེགས་དང་བདེ་འཇགས་ཐོན་སྐྱེད་བྱ་བའི་ཆུ་ཚད་མཐོར་འདེགས་བྱེད་པ། ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་པར་འདོད། 

ཚང་མས་བསྟན་དོན། སློབ་སྦྱོང་དང་ཟུང་འབྲེལ་བྱས་ཏེ་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དང་ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་དགོས་པ་དང་། ནན་ཏན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་སྐོར་གྱི་གསུང་བཤད་གལ་ཆེན་དང་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་དགོས། མི་དམངས་བླ་རུ་བཀུར་བ་དང་ཚེ་སྲོག་བླ་རུ་བཀུར་བ་རྒྱུན་འཁྱོངས་བྱས་ཤིང་། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་གོ་གནས་གཙོ་བོར་བཞག་སྟེ། བདེ་འཇགས་ཨང་དང་པོ་དང་སྔོན་འགོག་གཙོར་བཟུང་ནས་ཕྱོགས་སོ་སོའི་འགན་འཁྲི་ལག་བསྟར་བྱེད་པ་རྒྱུན་འཁྱོངས་སྒོས་འཕྲལ་སྒྲུབ་ཐག་གཅོད་ལ་ཤུགས་སྣོན་བྱེད་པ་དང་། བདེ་འཇགས་ཀྱི་དོན་རྐྱེན་ཆེན་པོ་འབྱུང་བར་དོགས་ཟོན་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་བདེ་འཇགས་ཐོན་སྐྱེད་ཀྱི་ཁོར་ཡུག་བཟང་བོ་ཞིག་བསྐྲུན་དགོས་ཟེར། 

ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་ཁོངས་མི་མ་ཡིན་པའི་ཞིང་ཆེན་གྱི་མགོ་ཁྲིད་པ་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་ཏང་ཨུའི་པུའུ་ཨུ་སོ་སོ། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ། མི་དམངས་ཚོགས་པ་སོ་སོ། མཐོ་རིམ་སློབ་གླིང་། ཟི་ལིང་དུ་ཡོད་པའི་ཞིང་ཆེན་གྱིས་དོ་དམ་བྱེད་པའི་ཁེ་ལས་དང་མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་ལས་ཁུངས་ཀྱི་ཏང་ཙུའུ་ཡི་འགན་ཁུར་བློ་མཐུན་གཙོ་བོ། དེ་མིན་མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་གི་གསར་འགྱུར་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ་བཅས་སློབ་སྦྱོང་ཚོགས་འདུར་ཞུགས། 


བསོད་ནམས་ཚེ་རིང་གིས་བསྒྱུར།