མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱ་སྐྱེད་གྲོས་ཚོགས་བསྡུས།
2021.12.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 13

ཟླ་བཅུ་གཉིས་པའི་ཚེས་ཉེར་གཅིག་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱ་སྐྱེད་གྲོས་ཚོགས་བསྡུས་ནས། 2021ལོའི་ཞིང་ཆེན་ཏང་ཨུའི་ཏང་གི་འཛུགས་སྐྲུན་བྱ་བའི་སྙན་ཞུ་དང་ཞིང་ཆེན་ཡོངས་ཀྱི2021ལོའི་གྲོང་ཁྱེར་དང་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་དང་། ཞིང་ཆེན་ཏང་ཨུའི་མངག་གཏོང་བྱས་པའི་ཏང་གི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིས་གཞི་རིམ་ཏང་འཛུགས་བྱ་བ་སྤེལ་བའི་གནས་ཚུལ་གྱི་སྙན་ཞུ་ལ་ཉན་པ་དང་། སོ་སོར་གྲོང་ཁྱེར་དང་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་དང་ཞིང་ཆེན་ཏང་ཨུས་མངག་གཏོང་བྱས་པའི་ཏང་གི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིས2021ལོའི་གཞི་རིམ་ཏང་འཛུགས་བྱ་བའི་འགན་འཁྲི་ལམ་ལུགས་ལག་བསྟར་བྱས་པའི་ཐད་ཀྱི་སྙན་ཞུ་དང་། ཏང་སྲོལ་སྲིད་གཙང་འཛགས་སྐྲུན་གྱི་འགན་འཁྲིའི་ལམ་ལུགས་ལག་བསྟར་དང་འདུ་ཤེས་འཛིན་སྟངས་བྱ་བའི་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱས་པའི་ཐད་ཀྱི་སྙན་ཞུ་ལ་ཉན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་འགོ་འཛིན་བྱས་པར་མ་ཟད་གདེང་འཇོག་གཏམ་བཤད་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གཉིས་གྲོས་ཚོགས་ལ་ཞུགས། ཀྲུང་དབྱང་རྩ་འཛུགས་པུའུ་རྩ་འཛུགས་ཅུའུ་གཉིས་པའི་ཅུའུ་ཀྲང་གཞོན་པ་སུའུ་ཅིན་ཞིན་གྲོས་ཚོགས་ལ་ཞུགས་ནས་གཞི་རིམ་ཏང་འཛུགས་བྱ་བའི་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱེད་པར་མཛུབ་སྟོན་བྱས།

ཝང་ཅན་ཅུན་གྱིས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་ཨུའི་ཧྲུའུ་ཅི་དང་ཞིང་ཆེན་ཏང་ཨུས་མངག་གཏོང་བྱས་པའི་ཏང་གི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིས་གཞི་རིམ་ཏང་འཛུགས་བྱ་བ་སྤེལ་བར་རིམ་པ་བཞིན་དཔྱད་འཇོག་བྱས་པ་དང་། ཁྱད་ཆོས་དང་བར་ཐག་གསལ་བོར་བསྟན་པ་དང་རེ་བ་བཏོན། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཏང་གིས་ཏང་ལ་བཅོས་སྐྱོང་བྱེད་ན་ཐོག་མར་ཏང་ནང་དུ་ཡོད་སྐབས་ཏང་ལ་དགའ་བ་དང་ཏང་གི་དོན་དག་གླེང་བ། ཏང་ལ་བྱ་བ་བསྒྲུབ་པ། ཏང་གི་ཆེད་དུ་གཟི་བརྗིད་བརྩོན་ལེན་བྱེད་པ་བཅས་བྱེད་དགོས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་ནན་མོ་དང་རྒྱུས་ལོན་གསལ་བོ་བྱེད་པ། དུས་རབས་གསར་པའི་ཏང་འཛུགས་སྐྲུན་གྱི་སྤྱིའི་རེ་བ་ལག་བསྟར་བྱེད་པ། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པའི་ཁྲོད་བྱེ་བྲག་གི་གནད་དོན་ཐག་གཅོད་པ་རྒྱུན་འཁྱོངས་བྱེད་པ། འདུ་ཤེས་བྱེད་ཐབས་གསར་གཏོད་བྱེད་པའི་ཁྲོད་མཚོ་སྔོན་གྱི་ཁྱད་ཆོས་བསྐྲུན་པ། ལག་ལེན་ལ་སྤྱི་སྡོམ་བྱེད་པའི་ཁྲོད་དཔེ་མཚོན་མིག་དཔེ་འཛུགས་པ། འགན་འཁྲི་ཤེས་པར་བྱེད་པ་དང་འགན་འཁྲི་ལག་བསྟར་བྱེད་པའི་ཁྲོད་གཞི་རིམ་ཏང་འཛུགས་བྱ་བ་དེ་བྱ་བ་ཡོངས་ཀྱི་མདུན་གྲས་སུ་བསྐྱོད་པར་སྐུལ་འདེད་བཏང་སྟེ། ཏང་གི་ཆབ་སྲིད་འཛུགས་སྐྲུན་དང་བསམ་བློ་འཛུགས་སྐྲུན། རྩ་འཛུགས་འཛུགས་སྐྲུན། སྤྱོད་ཚུལ་འཛུགས་སྐྲུན། སྒྲིག་ལམ་འཛུགས་སྐྲུན། ལམ་ལུགས་འཛུགས་སྐྲུན་བཅས་གཞི་རིམ་ནས་ལག་བསྟར་ནན་མོ་བྱེད་པ་དང་གྲུབ་འབྲས་བཟང་པོ་ལེན་དགོས།

ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་འདུ་ཤེས་འཛིན་སྟབས་བྱ་བའི་འགན་འཁྲིའི་ལམ་ལུགས་ཐད་ཀྱི་སྙན་ཞུ་ལ་ཉན་རྗེས། ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་རྒྱུ་ནི་ཆེས་སྟོབས་ཤུགས་ལྡན་པའི་ཏང་སྲོལ་ཡིན་པ་དང་། མི་དམངས་མང་ཚོགས་བར་གྱི་འབྲེལ་འདྲིས་ཇེ་དམ་དུ་གཏོང་རྒྱུ་ནི་གཏིང་ཆེས་ཟབ་པའི་སྲིད་གཙང་ཡིན་ལ། རང་ཉིད་གསར་བརྗེ་བྱེད་ཕོད་པ་ནི་ཆེས་ནུས་ལྡན་གྱི་འཛུགས་སྐྲུན་ཡིན་པ་དང་། ཏང་གི་མཐུན་སྒྲིལ་གཅིག་གྱུར་ལ་སྲུང་སྐྱོབ་བྱེད་རྒྱུ་ནི་ཆེས་བླ་མེད་ཀྱི་འགན་འཁྲི་ཡིན་པས། ཏང་དང་མི་དམངས་མང་ཚོགས་ཀྱི་འབྲེལ་བ་དང་། ལས་བྱེད་པ་དང་མང་ཚོགས་ཀྱི་འབྲེལ་བ། སྤྱི་དང་སྒེར་གྱི་འབྲེལ་བ་བཅས་ཐག་གཅོད་ཡང་དག་བྱེད་པ་དང་། གཟབ་ནན་གྱི་སྤྱིའི་དགོངས་གཞི་ཡུན་རིང་བོར་རྒྱུན་འཁྱོངས་བྱེད་པ། ཕུགས་འདུན་ཡིད་རྟོན་གྱི་འགག་སྒོ་བརྟན་སྲུང་བྱས་ནས། སྤྱོད་གཙང་སྲོལ་བཟང་གི་ཆབ་སྲིད་སྐྱེ་ཁམས་འཛུགས་སྐྲུན་བྱེད་དགོས། ཏང་གི་འགོ་ཁྲིད་འོག་གི་ཀྲུང་གོའི་ཁྱད་ཆོས་ཀྱི་འདུ་ཤེས་འཛིན་སྟངས་བྱ་བ་བཟང་པོར་བསྒྲུབ་པ་དང་། འགག་སྒོ་བརྟན་སྲུང་དང་གཡུལ་ས་བརྟན་སྲུང་བྱེད་པ། བབ་བསྟུན་མདུན་སྐྱོད་དང་བཅོས་སྒྱུར་གསར་གཏོད་བྱེད་པ། རྩ་བའི་ཐོག་ནས་སྒྱུར་བཅོས་བྱེད་པ་དང་སྲོལ་བཟང་གི་སྣེ་ཁྲིད་པ། སེམས་ཁུར་བྱེད་པ་དང་མཉམ་ཤུགས་གཅིག་ཏུ་བསྡུ་བ། དབྱངས་རྟ་གཙོ་བོ་སྒྲོག་པ་དང་། དྲང་ཕྱོགས་ཀྱི་ནུས་ཚད་དར་སྤེལ་གཏོང་བ། དར་ཆ་མཐོན་པོར་སྒྲེང་བ་དང་དམངས་སེམས་གཅིག་ཏུ་བསྡུ་བ། མི་གསར་ན་སྐྱེད་སྲིང་བྱེད་པ། རིག་གནས་དར་སྤེལ་གཏོང་བ། སྣང་བརྙན་ངོམ་པའི་བླ་མེད་འགན་འཁྲི་ཕྲག་ཏུ་བླངས་ཏེ། ཞིང་ཆེན་ཡོངས་ཀྱི་ཏང་ཡོན་དང་མང་ཚོགས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་དུ་འཇུག་དགོས་ཟེར།

སུའུ་ཅིན་ཞིན་གྱིས་མཚོ་སྔོན་གྱི་གཞི་རིམ་ཏང་འཛུགས་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་ནས་བསྟན་དོན། 2021ལོར་མཚོ་སྔོན་གྱི་གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་ཨུ་དང་ཞིང་ཆེན་ཏང་ཨུས་མངག་གཏོང་བྱས་པའི་ཏང་གི་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བ་དང་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བ་དེ་གོ་སྐབས་སུ་བརྩིས་ནས། གཞི་རིམ་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་གྱི་མུ་མཐུད་དུ་འབད་འཐབ་བྱེད་པའི་བརྩོན་སེམས་ཆེརུ་བསྐྱེད་ཡོད། སྡེ་བ་དང་སྡེ་ཁུལ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་སྐབས་བརྗེ་དམ་འཛིན་བྱེད་རྒྱུ་དེ་གཙོ་གནད་དུ་བཟུང་ནས། སྣེ་ཁྲིད་མི་སྣའི་དཔུང་སྡེ་འཛུགས་སྐྲུན་ལེགས་བསྒྱུར་བྱས་ཡོད་ལ། རྩ་འཛུགས་མ་ལག་འཛུགས་སྐྲུན་གྱི་ལོ་གསུམ་གྱི་འགུལ་སྐྱོད་སྤེལ་རྒྱུ་དེ་སྣེ་ཁྲིད་བྱས་ཏེ། ཁྱབ་ཁོངས་སོ་སོའི་ཏང་འཛུགས་ལས་འགན་ལག་བསྟར་བྱེད་པར་སྐུལ་འདེད་བཏང་ཡོད། ཆེད་དོན་བཅོས་སྐྱོང་སྤེལ་རྒྱུ་དེ་ཐོད་བརྒལ་བྱེད་ས་རུ་བྱས་ནས། གཅིག་བསྡུས་སྒོས་ཤུགས་བཏོན་ནས་ཞན་ཆ་ཁ་གསབ་བྱས་ཡོད། དཀྱིལ་སྙིང་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་དེ་ཁྲིད་ཕྱོགས་སུ་བྱས་ཏེ། གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་ནུས་པ་འདོན་སྤེལ་བྱས་པ་དང་། བྱ་བ་སྣ་ཚོགས་བརྟན་བརླིང་ངང་སྤེལ་བས། གྲུབ་འབྲས་མངོན་གསལ་བླངས་ཡོད། 2022ལོར། གཞི་རིམ་ཏང་འཛུགས་བྱ་བའི་ཐད་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་བཀོད་སྒྲིག་གལ་ཆེན་ལག་བསྟར་ནན་མོ་བྱེད་པ་དང་། རླབས་ཆེ་བའི་ཏང་འཛུགས་སྙིང་སྟོབས་དར་སྤེལ་གཏོང་བ། ཆབ་སྲིད་འཛུགས་སྐྲུན་འབུར་དུ་ཐོན་པར་བྱེད་པ་དང་། ནུས་པ་འདོན་སྤེལ་བྱེད་པར་སྐུལ་འདེད་གཏོང་བ། བྱ་བའི་ཐད་ཀྱི་མི་འདང་ས་ཁ་གསབ་བྱེད་པ། འགན་འཁྲི་ལག་བསྟར་བྱེད་པར་ཤུགས་བསྣན་ནས། གཞི་རིམ་ཏང་འཛུགས་བྱ་བའི་སྤུས་ཚད་མཐོར་འདེགས་གཏོང་བ་དང་། གྲུབ་འབྲས་བཟང་པོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཞིང་ཆེན་སྲིད་གཞུང་གི་ཏང་ཡོན་ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཡོན་ཀྲུའུ་ཞི་གཞོན་པ། ཞིང་ཆེན་ཁྲིམས་ཁང་གི་ཡོན་ཀྲང་། ཞིང་ཆེན་ཞིབ་དཔྱོད་ཁང་ཏང་ཙུའུ་ཧྲུའུ་ཅི་བཅས་གྲོས་ཚོགས་ལ་ཞུགས། ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་དང་དམངས་གཙོ་ཏང་ཁག་སོ་སོ། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱི་འགན་ཁུར་བློ་མཐུན་དང་། གྲོང་ཁྱེར་དང་ཁུལ་སོ་སོའི་འབྲེལ་ཡོད་འགན་ཁུར་བློ་མཐུན། ཏང་གི་འཐུས་མིདང་དམངས་ཆེན་གྱི་འཐུས་མི། སྲིད་གྲོས་ཀྱི་ཨུ་ཡོན་བཅས་སྐོར་ཞིག་དང་གཞི་རིམ་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་ཚབ་པ། ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་གསར་འགྱུར་སྨྱན་བྱད་ཀྱི་འགན་ཁུར་བློ་མཐུན་གཙོ་བོ་བཅས་གྲོས་ཚོགས་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།