མཚོ་སྔོན་ཞིང་ཆེན་ཏང་ཨུས་ཞིང་ཆེན་ཁོངས་གཏོགས་འགོ་ཁྲིད་ལས་བྱེད་པའི་ཉེན་བརྡའི་སློབ་གསོ་ཚོགས་ཆེན་བསྡུས།
2021.12.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 15

ཟླ་བཅུ་གཉིས་པའི་ཚེས་ཉེར་གཉིས་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུས་ཞིང་ཆེན་ཁོངས་གཏོགས་འགོ་ཁྲིད་ལས་བྱེད་པའི་ཉེན་བརྡའི་སློབ་གསོ་ཚོགས་ཆེན་བསྡུས། ཚོགས་འདུས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཛུབ་ཁྲིད་དུ་བྱས་པ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ལ། ཉེན་བརྡའི་སློབ་གསོའི་གློག་བརྙན་ལ་བལྟས་པ་མ་ཟད། ཁྲིམས་འགལ་སྒྲིག་འགལ་གྱི་དཔེ་མཚོན་གྱོད་གཞི་ཁྱབ་བསྒྲགས་བྱས་པ་དང་། ལྡོག་ཕྱོགས་ཀྱི་དཔེ་མཚོན་མེ་ལོང་དུ་བཟུང་ནས། ཞིང་ཆེན་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས་ཕུགས་འདུན་ཡིད་རྟོན་ཇེ་བརྟན་དུ་གཏོང་བར་སློབ་གསོ་སྣེ་ཁྲིད་བྱས་པ་དང་། ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིད་ལ་དམ་པོར་བཟུང་ལ། བློ་དཀར་དག་གཙང་དང་ཁག་ཁུར་བྱེད་ཕོད་པའི་རང་རྟོགས་དང་རང་འགུལ་གྱིས་དུས་རབས་གསར་བའི་ཏང་གི་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་གསར་བ་སྤེལ་དགོས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་མགོ་འཛིན་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་ཚོགས་ཆེན་ལ་ཞུགས།

ཝང་ཅན་ཅུན་གྱིས་བསྟན་དོན། ལྡོག་ཕྱོགས་ཀྱི་དཔེ་མཚོན་གྱིས་རུལ་སུངས་གནད་དོན་གསལ་འདོན་བྱེད་པ་དང་། ཏང་གཤིས་གོ་རྟོགས་མཚོན་ལ། ཐོག་མའི་བསམ་འདུན་དང་འགན་འཁྲི་ནན་འདྲི་བྱེད་པ་དང་། ཆབ་སྲིད་ཡིད་ཆེས་ལ་ཞིབ་དཔྱད་བྱེད་པ་ཡིན་ཞིང་། ཏང་བཅོས་སྐྱོང་ནན་མོ་བྱེད་པ་མཚོན། ཏང་ལ་བློ་དཀར་བར་བྱེད་ན། སྲུང་སྐྱོབ་གཉིས་ལག་བསྟར་བྱེད་དགོས། ཏང་ལ་བློ་དཀར་བ་ནི་བྱེ་བྲག་དང་ལག་ལེན། ལྷད་མེད། ཆ་རྐྱེན་མི་དགོས་པ་ཞིག་ཡིན་པས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་གྲོས་ཆོད་དང་ལྷག་པར་དུ་གཏན་ཁེལ་གཉིས་ཏེ་ཆབ་སྲིད་ཀྱི་གྲུབ་འབྲས་ཆེས་གལ་ཆེན་པོ་དང་དུས་རབས་གསར་བའི་ཀྲུང་གོའི་ཆེས་ཆེ་བའི་ཆབ་སྲིད་དང་ཆེས་གལ་ཆེ་བའི་ཆབ་སྲིད་སྒྲིག་ལམ། ཆེས་རྩ་བའི་ཆབ་སྲིད་སྒྲིག་སྲོལ་དང་ལེན་དང་བརྩི་བཀུར། ཡིད་ཆེས་བྱེད་པ་དང་། དེའི་ཁྲོད་འདུས་པའི་ཤེས་བྱའི་འདུས་ཚད་ཀྱིས་བསམ་བློར་དྲག་ཆས་སྤྲས་པ་དང་། བསམ་བློའི་འདུས་ཚད་ཀྱིས་ཁ་ཕྱོགས་ལ་སྣེ་ཁྲིད་བྱེད་པ། སྙིང་སྟོབས་ཀྱི་འདུས་ཚད་ཀྱིས་ཏང་གཤིས་ཇེ་དྲག་ཏུ་གཏོང་བ། རིན་ཐང་འདུས་ཚད་ཀྱིས་འཚོལ་སྙེག་གཏན་ཁེལ་བྱས་ཏེ། ནམ་ཡང་ཏང་ལ་བློ་དཀར་བ་དང་སྲུང་སྐྱོབ་གཉིས་ལག་བསྟར་བྱེད་པའི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། ཕུགས་འདུན་ཡིད་རྟོན་ཇེ་བརྟན་དུ་བཏང་ནས། རྒྱུགས་ལེན་གསར་བའི་ལམ་དུ་བརྟན་པོར་བསྐྱོད་དགོས། ཕུགས་འདུན་ཡིད་རྟོན་བལྟས་ན་གཟུགས་མེད་ཀྱང་། ངོ་བོའི་རྣམ་པ་ལྡན་པས། ངེས་གཏན་བྱས་ཚེ་བརྟན་སྲུང་བྱེད་པ་དང་། མི་ཚེ་གང་བོར་ཡིད་ཆེས་བྱེད་པ་དང་ཚེ་གང་བོར་བརྟན་སྲུང་བྱེད་པ། ཚེ་གང་བོར་ཕན་ཐོགས་ཐུབ། མི་ཚེའི་རྟག་བརྟན་གྱི་བདེ་སྐྱིད་ནི་སྤྱིར་བཏང་གི་མི་ཞིག་བྱེད་རྒྱུ་དེ་ཡིན་ལ། ཕུགས་འདུན་ཡིད་རྟོན་ཇེ་བརྟན་དུ་གཏོང་བའི་མི་དཀྱུས་མ་ཞིག་བྱེད་རྒྱུ་ནི་བླ་ན་མེད་པ་ཞིག་ཡིན། ཕུགས་འདུན་ཡིད་རྟོན་ལ་བརྟེན་ནས་མགོ་འཐོམ་དོགས་ལྡན་གྱི་ལྟ་བ་ཡོད་ཚད་དང་། དུས་རབས་དང་མི་མཐུན་པའི་བསམ་ཚུལ་ཡོད་ཚད། སྒེར་ཕན་བསམ་པའི་བསམ་ཕྱོགས་ཡོད་ཚད། སྒྱིད་ལུག་ལྷོད་གཡེང་གི་བློ་ཁ་ཡོད་ཚད། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནས་ཚུལ་ཡོད་ཚད། མི་དམངས་མང་ཚོགས་མི་དགའ་བའི་སྤྱོད་ཚུལ་ཡོད་ཚད་མེད་པར་བྱས་ཏེ། ཕུགས་འདུན་ལ་བརྟེན་ནས་རྒྱུགས་ལེན་པར་བསྐྱོད་པའི་ལམ་བུ་གསལ་སྟོན་བྱེད་པ་དང་། ཡིད་རྟོན་ནུས་ཤུགས་ཀྱིས་རྒྱུགས་ལེན་པར་བསྐྱོད་པའི་ལེའུ་བཟང་བོར་འབྲི་དགོས། ནམ་ཡང་སློབ་སྦྱོང་ལ་དོ་སྣང་བྱེད་ན། བྱ་བ་བཟང་བོར་བསྒྲུབ་པའི་ནུས་པ་ཁོང་དུ་ཆུད་པར་བྱེད་དགོས། རྒྱལ་ཁབ་ཀྱི་དོན་དག་གལ་ཆེན་ལ་རྒྱུས་ལོན་གསལ་བོ་བྱེད་ན། གཅིག་ནས་སློབ་སྦྱོང་ལ་བརྟེན་པ་དང་གཉིས་ནས་ལག་ལེན་ལ་བརྟེན་དགོས། ཤེས་བྱར་འཛད་མཐའ་མེད་ལ། ལག་ལེན་གྱི་བར་སྟོང་ཧ་ཅང་རྒྱ་ཆེ། ཤེས་བྱ་ཁོང་དུ་ཆུད་པར་བྱེད་པ་དང་། ལག་ལེན་ལས་གྲུབ་འབྲས་ལེན་འདོད་ན། སློབ་སྦྱོང་ལ་འབད་བརྩོན་བྱེད་པ་དང་ལག་ལེན་ནན་མོ་བྱེད་རྒྱུ་དེ་ཚེ་གང་བོའི་ཉམས་ལེན་དུ་བརྩི་དགོས། སློབ་སྦྱོང་དང་ལག་ལེན་བྱེད་དུས་གོམས་སྲོལ་བཟང་བོར་བརྟེན་ནས་བདེན་འཛིན་གསར་གཏོད་བྱེད་པ་དང་། གནད་དོན་ལ་ཞིབ་འཇུག་བྱེད་པ་དང་ཐག་གཅོད་རྒྱུ་དེ་གཞི་འཛིན་ས་རུ་བྱེད་པ། རང་ཉིད་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུ་དེ་ཤུགས་འདོན་ས་རུ་བྱེད་པ། ཤེས་བྱ་ཁོང་དུ་ཆུད་པར་བྱེད་པ་དང་མཐོང་རྒྱ་ཇེ་ཆེར་གཏོང་བ། སྤོབས་པ་ཆེར་སྐྱེད་པ། ངོས་ཟིན་ཇེ་མཐོར་གཏོང་རྒྱུ་དེ་རྐང་འཛུགས་ས་རུ་བྱས་ནས། སློབ་སྦྱོང་བྱེད་པར་བརྟེན་ནས་ཕུགས་འདུན་ཡིད་རྟོན་ཇེ་བརྟན་དུ་གཏོང་བ་དང་། སློབ་སྦྱོང་བྱེད་པར་བརྟེན་ནས་གྲུབ་འབྲས་ལེན་པ། སློབ་སྦྱོང་བྱེད་པར་བརྟེན་ནས་ལག་བསྟར་དམ་འཛིན་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། སློབ་སྦྱོང་གིས་རྒྱུས་ལོན་ལ་སྐུལ་འདེད་གཏོང་བ་དང་། ལག་ལེན་གྱིས་ངོས་འཛིན་ལ་སྐུལ་འདེད་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏང་ཀྲུང་དབྱང་གི་རླབས་ཆེན་འབོད་སྐུལ་དང་ལེན་བྱེད་ན། ཏང་གི་འགོ་ཁྲིད་ནམ་ཡང་རྒྱུན་འཁྱོངས་བྱེད་་པ་དང་། ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིད་ལ་དམ་པོར་འཛིན་པ། འཕེལ་རྒྱས་ཀྱི་དུས་རིམ་གསར་བར་རྐང་འཛུགས་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་ཆགས་སྟངས་གསར་བ་འཛུགས་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མཉམ་དུ་ཕྱུག་པོར་བསྒྱུར་བར་སྐུལ་འདེད་གཏོང་བ། ཆེས་ཆེ་བ་གསུམ་གྱི་གནས་ཐིག་གཏན་ཁེལ་དང་བདེ་འཇགས་གསུམ་གྱི་གོ་གནས་ཐད་ཀྱི་ངོས་འཛིན་ཇེ་ཟབ་ཏུ་གཏོང་བ། རྒྱལ་ཁབ་སྤྱི་ཁོག་གི་བདེ་འཇགས་ལྟ་བ་དོན་འཁྱོལ་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་ཧྭའི་ཆུ་མཛོད་ཀྱི་སྲུང་སྐྱོབ་པ་བྱེད་པ། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་བ། དུས་རབས་གསར་བའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་བྱེད་པ། ཏང་ཁྱོན་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ་བཅས་བྱས་ཏེ། ཧུར་ཐག་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབྲི་དགོས།

ཞིན་ཁྲང་ཞིང་གིས་མགོ་འཛིན་བྱེད་སྐབས་བསྟན་དོན། ཏང་ལ་བློ་དཀར་རྒྱུ་དེ་ཆབ་སྲིད་ཀྱི་བློ་གཤིས་གཙོ་བོ་རུ་བརྩིས་ནས། རང་རྟོགས་སྒོས་བསམ་བློ་དང་ཆབ་སྲིད། འགུལ་སྐྱོད་སྟེང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་གཅིག་གྱུར་མཐོན་པོ་བྱེད་དགོས། དག་གཙང་གི་ཏང་གཤིས་དེ་རང་རྟོགས་ཀྱི་ཆབ་སྲིད་འཚོལ་སྙེག་དུ་བརྩིས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བསམ་བློར་དྲག་ཆས་སྤྲས་པ་་རྒྱུན་འཁྱོངས་བྱེད་པ་དང་། བདེན་ལུགས་ཀྱི་སྟོབས་ཤུགས་དང་ཡིད་རྟོན་གྱི་སྟོབས་ཤུགས། མདུན་སྐྱོད་ཀྱི་སྟོབས་ཤུགས་བསྡུ་ལེན་བྱེད་དགོས། མི་དམངས་ཀྱི་ཆེད་དུ་དབང་ཆ་སྤྱོད་པ་དེ་ཆབ་སྲིད་ཀྱི་གཞི་རྩའི་རེ་བ་རུ་བརྩི་བ་དང་། མི་དམངས་དཀྱིལ་སྙིང་དུ་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་རྒྱུན་འཁྱོངས་བྱེད་པ། ཡང་དག་པའི་ཆབ་སྲིད་གྲུབ་འབྲས་ལྟ་བ་རྒྱུན་འཁྱོངས་བྱས་ཏེ། ལོ་རྒྱུས་ལ་བརྩི་བཀུར་དང་རིག་གནས་ལ་བརྩི་བཀུར། སྐྱེ་ཁམས་ལ་བརྩི་བཀུར་བྱེད་པ། ཇུས་ཆོད་ནན་མོ་འགོད་པ་དང་དབང་ཆ་སེམས་ཆུང་སྒོས་སྤྱོད་དགོས། སྲིད་གཙང་སྤྱོད་བཟང་དེ་སྤྱོད་ལམ་གཙོ་བོར་བརྩིས་ནས། དོན་ཆུང་ལ་དོ་སྣང་བྱེད་པ་དང་། དོན་ཆུང་ལ་དོ་དམ་བཟང་བོ་བྱེད་པའི་ཁྲོད་སྲིད་སྐྱོང་གི་ཀུན་སྤྱོད་བརྟན་སྲུང་བྱེད་དགོས། ཁྲིམས་འགལ་སྒྲིག་འགལ་གྱི་དཔེ་མཚོན་གྱོད་གཞི་ཁྲོད་བསླབ་བྱ་བསྡུ་ལེན་བྱེད་པ་དང་དོགས་ཟོན་ཇེ་མཐོར་གཏོང་བ་དང་། རང་གཅུན་ནན་མོ་བྱེད་པ་དང་བསླབ་བྱར་ལེན་པ། ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་འགན་འཁྲི་ལག་བསྟར་བྱེད་པ། ལམ་ལུགས་དང་སྒྲིག་ལམ། ལྟ་སྐུལ་ཐད་ནས་རྒྱུན་མཐུད་ངང་ཤུགས་འདོན་པ། རུལ་སུངས་བྱེད་མི་འདོད་པའི་རང་རྟོགས་ཇེ་དྲག་ཏུ་གཏོང་བ། རུལ་སུངས་བྱེད་མི་ཕོད་པའི་འཇིགས་ཟིལ་ཇེ་དྲག་ཏུ་གཏོང་བ། རུལ་སུངས་བྱེད་མི་རུང་བའི་འགོག་ར་ཇེ་བརྟན་དུ་བཏང་སྟེ། སྤྱོད་གཙང་སྲོལ་བཟང་དང་དྲང་བདེན་གྱི་ཆབ་སྲིད་སྐྱེ་ཁམས་བསྐྲུན་དགོས།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཞིང་ཆེན་ཁྲིམས་ཁང་གི་ཡོན་ཀྲང་། ཞིང་ཆེན་ཏང་ཨུའི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོ། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ། མི་དམངས་ཚོགས་པ་དང་མང་ཚོགས་ཚོགས་པ་སོ་སོ། དམངས་གཙོ་ཏང་ཁག་དང་མཐོ་རིམ་སློབ་གླིང་། ཞིང་ཆེན་ཁོངས་གཏོགས་ཁེ་ལས་ཀྱི་ཞིང་ཆེན་ཁོངས་གཏོགས་འགོ་ཁྲིད་ལས་བྱེད་པ། ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་འགན་ཁུར་བློ་མཐུན་གཙོ་བོ་བཅས་གྲོས་ཚོགས་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།