མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་སྔ་གཞུག་ཏུ་བསྡུས།
2021.12.31 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 14

ཟླ་བཅུ་གཉིས་པའི་ཚེས་སུམ་ཅུ་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་སྔ་གཞུག་ཏུ་འགོ་འཛིན་བྱས་ནས་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་གི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། རང་ཞིང་གི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་ཀྱི་འཕྲལ་བསྟུན་མ་ལག་འཛུགས་སྐྲུན་དང་དེང་རབས་དངོས་སྐྱེལ་མ་ལག་འཛུགས་སྐྲུན་སོགས་བྱ་བར་ཞིབ་འཇུག་བྱས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཀྲུང་དབྱང་བཅོས་སྒྱུར་ཁྱོན་ཡོངས་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། རང་འགུལ་གྱིས་ཀྲུང་དབྱང་གི་བཅོས་སྒྱུར་བཀོད་སྒྲིག་གི་རྗེས་སྙེག་པ། བཅོས་སྒྱུར་ལས་གནས་གཙོ་བོར་བརྟག་བཤེར་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་བ། མཚོ་སྔོན་གྱི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས་བྱེད་ཐབས་ལག་བསྟར་བྱེད་པ་དང་། སྟོབས་ཤུགས་ཡོད་རྒུས་བཅོས་སྒྱུར་གྱི་བྱ་བ་སྣ་ཚོགས་ལག་བསྟར་བྱེད་པ་དང་གྲུབ་འབྲས་ལེན་པར་སྐུལ་འདེད་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་བཅུ་གཅིག་པ་དང་ཀྲུང་གོ་རྩོམ་པ་པོ་མཐུན་ཚོགས་ཀྱི་གྲོས་ཚོགས་ཐེངས་བཅུ་པ་ཚོགས་འགོ་རྩོམ་པའི་མཛད་སྒོའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ། དར་ཆ་མཐོན་པོར་སྒྲེང་བ་དང་དམངས་སེམས་གཅིག་ཏུ་བསྡུ་བ། མི་གསར་པ་སྐྱེད་སྲིང་བྱེད་པ། རིག་གནས་དར་སྤེལ་གཏོང་བ། སྣང་བརྙན་ངོམ་པའི་འགན་འཁྲི་ལས་འགན་ལ་དམ་དུ་དམིགས་པ། སྤྱི་ཐུན་རིག་གནས་ཞབས་ཞུ་མ་ལག་འཐུས་ཚང་དུ་གཏོང་བ། རིག་གནས་སྒྱུ་རྩལ་གསར་རྩོམ་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། མཚོ་སྔོན་གྱི་ཆེད་ཡོད་རིག་གནས་ཐོན་ཁུངས་སྔོག་འདོན་བྱེད་པ། སྤུས་ལེགས་བརྩམས་ཆོས་སྔར་ལས་མང་པོ་སྤེལ་ནས། ཞིང་ཆེན་ཡོངས་ཀྱི་རིག་གནས་ལས་དོན་དང་རིག་གནས་ཐོན་ལས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྤྱི་སྡོམ་གྲོས་ཚོགས་སྟེང་གནང་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་ཁྱོན་ཡོངས་ནས་སྤྱི་སྡོམ་བཟང་པོ་བྱེད་པ། སྤུས་ཚད་མཐོ་བའི་སྒོ་ནས་སྲིད་གཞུང་ཏང་ཙུའུ་ཡི་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུ་བསྡུས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱ་བསྐྱེད་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱུན་ལས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ་དང་། ཁེ་ལས་ཕྲན་འབྲིང་ཆུང་གསུམ་དང་སྒེར་ཚོང་གཉེར་མཁན་ལ་དངུལ་རྩས་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ལག་བསྟར་བཟང་པོ་བྱེད་པ། བཟོ་སྐྲུན་ལས་རིགས་ཀྱིས་ཁེ་ལས་ཀྱི་དཀའ་ཁག་སེལ་བ་དང་ཁེ་ལས་འཕེལ་རྒྱས་སུ་གཏོང་བའི་ཐད་ཤུགས་སྣོན་པ། ཕྱི་ཚོང་བརྟན་བརླིང་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་སྟེ། གཏན་འཇགས་དྲུག་དང་འགན་སྲུང་དྲུག་གི་བྱ་བ་བཟང་པོར་བསྒྲུབ་དགོས།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། མཚོ་སྔོན་གྱི་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ཁྲོད་ཀྱི་གོ་གནས་དང་ནུས་པར་ངོས་འཛིན་གཏིང་ཟབ་བྱེད་པ། འཕེལ་རྒྱས་ཀྱི་ཆགས་སྟངས་གསར་པའི་ཁྲོད་འདྲེས་པར་བྱེད་པ། ཕྱི་ཕྱོགས་འབྲེལ་མཐུད་ལ་སྔར་ལས་ཤུགས་སྣོན་པ། བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། མཚོ་སྔོན་གྱི་རྒྱུད་གཅིག་ལམ་གཅིག་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བའི་རྣམ་པ་གསར་པ་གྲུབ་པར་བྱེད་དགོས།

གྲོས་ཚོགས་ནས་བསྟན་དོན། དངོས་ཟོག་སྐྱེལ་འདྲེན་ལས་རིགས་འཕེལ་རྒྱས་སུ་གཏོང་བ་དང་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར། ནང་མཁོ་རྒྱ་བསྐྱེད་པའི་འཐབ་ཇུས་ལག་བསྟར་བྱེད་པ་དང་ཆུ་ཚད་མཐོ་བའི་སྒོ་འབྱེད་རྒྱ་བསྐྱེད་པ་སོགས་ཟུང་འབྲེལ་བྱེད་པ་དང་། དངོས་ཟོག་སྐྱེལ་འདྲེན་གྱི་རྨང་གཞི་སྒྲིག་ཆས་དང་རོང་འབྲོག་ཁུལ་གྱི་དངོས་ཟོག་སྐྱེལ་འདྲེན། དྲ་རྒྱའི་དངོས་སྐྱེལ་སོགས་ནང་དོན་གཙོ་བོར་དམ་དུ་དམིགས་པ། བགྲོད་ལམ་དང་ལྟེ་གནས། དྲ་རྒྱ་བཅས་ཀྱི་དེང་རབས་དངོས་སྐྱེལ་འཁོར་རྒྱུག་མ་ལག་བཙུགས་ཏེ། རང་ཞིང་གི་དངོས་ཟོག་སྐྱེལ་འདྲེན་གཞི་ཁྱོན་ཅན་དང་འདུ་འཛོམས་ཅན། རྩ་འཛུགས་ཅན། དྲ་མིག་ཅན་གྱི་ཆུ་ཚད་རྒྱུན་མ་ཆད་པར་མཐོར་འདེགས་གཏོང་དགོས།

གྲོས་ཚོགས་ནས། ལུགས་གསར་ལོ་སར་ཐོན་ལ་ཉེ་བས། རིམས་ནད་འགོག་སྡོམ་བྱ་བ་དམ་འཛིན་བྱེད་པ་དང་། རིམས་ནད་ཕྱི་ནས་ནང་དུ་མཆེད་པ་འགོག་པ་དང་ནང་ནས་བསྐྱར་འཕར་འབྱུང་བ་འགོག་པའི་སྤྱིའི་བླང་བྱ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། མཚོ་སྔོན་དུ་ཡོང་བ་དང་ཕྱིར་མཚོ་སྔོན་དུ་ལོག་པའི་མི་སྣའི་དོ་དམ་ཞབས་ཞུ་ལ་ཤུགས་སྣོན་པ། མི་སྣ་ཕྱིར་བསྐྱོད་པར་ཚོད་འཛིན་ནན་མོ་བྱེད་པ། ཉེན་ཁ་ཆེ་བའི་མི་ཚོགས་ཀྱི་དོ་དམ་ཞབས་ཞུ་ལ་ཤུགས་སྣོན་པ། གནས་ཡུལ་གཙོ་བོའི་དོ་དམ་བྱེད་ཐབས་ལག་བསྟར་བྱེད་པ། འདུ་འཛོམས་རང་བཞིན་གྱི་བྱ་འགུལ་སྤེལ་བར་དོ་དམ་ནན་མོ་བྱེད་པ། མི་སྒེར་གྱི་འགོག་སྲུང་དོ་དམ་ཇེ་དྲག་ཏུ་བཏང་སྟེ། རིམས་ནད་འགོག་སྡོམ་ཐད་ཀྱི་བདེ་འཇགས་འགོག་ཐིག་ཇེ་བརྟན་དུ་གཏོང་དགོས་པའི་བླང་བྱ་བཏོན།

གྲོས་ཚོགས་ནས་སྲིད་གཞུང་བྱ་བའི་སྙན་ཞུའི་གྲོས་ཞིབ་མ་ཟིན་དང་མཚོ་སྔོན་ཞིང་ཆེན་གྱི2021ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་ལག་བསྟར་བྱས་པའི་གནས་ཚུལ་དང2022ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་འཆར་ཟིན་གྱི་སྙན་ཞུའི་གྲོས་ཞིབ་མ་ཟིན། མཚོ་སྔོན་ཞིང་ཆེན་གྱི2021ལོའི་སྔོན་རྩིས་ལག་བསྟར་གནས་ཚུལ་དང2022ལོའི་སྔོན་རྩིས་འཆར་ཟིན་གྱི་སྙན་ཞུའི་གྲོས་ཞིབ་མ་ཟིན་སོགས་ཡིག་ཆར་གྲོས་ཞིབ་བྱས།

ཚོགས་ཐོག་ནས་བྱ་བ་གཞན་པར་ཞིབ་འཇུག་བྱས།

རིན་ཆེན་མཚོས་བསྒྱུར།