ཟླ་དང་པོའི་ཚེས་བརྒྱད་ཉིན་ནས་ཚེས་དགུ་ཉིན་བར། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་གཅིག་གྱུར་བཀོད་སྒྲིག་ལྟར་དུ། ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུ་བསྡུས། ཚོགས་ཐོག་ནས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུ་དང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་འགོ་ཁྲིད་ཚན་ཁག་གི་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུ་ཚད་ཤིང་དུ་བཟུང་སྟེ། རླབས་ཆེན་གྱི་ཏང་འཛུགས་སྙིང་སྟོབས་དར་སྤེལ་གང་ལེགས་གཏོང་བ་དང་། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་ཉམས་མྱོང་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ། ལོ་རྒྱུས་ཀྱི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་བ། དུས་རབས་ཀྱི་འགན་འཁྲི་ཕྲག་སྟེང་དུ་ལེན་པ། དམངས་ལ་བཅངས་པའི་བརྩེ་སེམས་ཇེ་ཟབ་ཏུ་གཏོང་བ། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་སྒོ་ནས་མི་དམངས་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། རྒྱུགས་སྤྲོད་ཀྱི་ལམ་གསར་པའི་སྟེང་ཡག་པོ་བསྐྱོད་དགོས་ཞེས་པ་བརྗོད་གཞིར་བཟུང་ནས། སློབ་སྦྱོང་དང་བགྲོ་གླེང་ནན་ཏན་བྱས་པ་དང་། གནད་དོན་འཚོལ་ཞིབ་གཏིང་ཟབ་བྱས་ནས་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ནན་མོ་བྱས།
ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་འགོ་འཛིན་བྱས་ཏེ་སྤྱི་སྡོམ་གཏམ་བཤད་བྱས་པ་དང་། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཁོངས་མི་ཚོགས་འདུར་ཞུགས། ཏང་ཡོན་མ་ཡིན་པའི་ཧྲིན་ཀྲང་གཞོན་པ་ཟུར་ཞུགས་བྱས། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་འབྲེལ་ཡོད་བློ་མཐུན་ཚོགས་འདུར་མཛུབ་སྟོན་བྱེད་དུ་ཡོང་།
ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡིས་ད་ཐེངས་ཀྱི་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུ་ཡག་པོ་འཚོགས་རྒྱུར་མཐོང་ཆེན་བླ་མེད་བྱས་ཏེ། ཚོགས་འདུ་མ་བསྡུས་པའི་གོང་ལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལ་སློབ་སྦྱོང་ནན་ཏན་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ཐད་གནང་བའི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ལ་སློབ་སྦྱོང་བྱས་པ་ལས་གཞན། ལྷག་བསམ་ཟོལ་མེད་སྒོས་སེམས་གཏམ་བཤད་རེས་དང་གླེང་མོལ་བྱེད་རེས་བྱས་པར་མ་ཟད། བསམ་འཆར་དང་གྲོས་གཞི་རྒྱ་ཁྱབ་ངང་བསྡུ་ལེན་དང་ཞིབ་བསྡུར་སྐྱོན་བཤེར་གྱི་རྒྱུ་ཆ་བྲིས་ཏེ། སྤུས་ཚད་མཐོ་བའི་ངང་ནས་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུ་ཡག་པོ་འཚོགས་རྒྱུར་གྲ་སྒྲིག་གང་ལེགས་བྱས།
ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྤྱི་སྡོམ་ཚོགས་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་སློབ་སྦྱོང་བྱས་ལ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་འགོ་ཁྲིད་ཚན་ཁག་གི་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུའི་དགོངས་དོན་དང་ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡི་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུའི་སྐོར་ནས་བསམ་འཆར་བསྡུ་ལེན་བྱས་པ་དང་། ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡི་ཉིས་སྟོང་ཉི་ཤུ་ལོའི་དམངས་གཙོ་འཚོ་བའི་ཚོགས་འདུའི་ཐོག་གནད་དོན་ཞིབ་བཤེར་གསལ་སྟོན་དང་དག་ཐེར་དོན་འཁྱོལ་བྱས་ཚུལ་སྐོར་བསྒྲགས་པ་དང་། རྩ་འཛུགས་བྱས་ཏེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་དོན་བརྙན་རིས་ལ་བལྟས། ཞིན་ཁྲང་ཞིང་གིས་ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡི་ཚབ་བྱས་ཏེ་ཞིབ་བསྡུར་ཞིབ་བཤེར་བྱས་པ་དང་། མི་སྒེར་གྱི་ལྟ་སྡུར་ཞིབ་བཤེར་གཏམ་བཤད་བྱ་རྒྱུའི་ཐད་ནས་ཀུན་གྱི་སྣེ་ཁྲིད་དེ་རང་འགུལ་ངང་སྐྱོན་བརྗོད་དང་ལེན་བྱས། དེའི་རྗེས། ཏང་ཙུའུ་ཁོངས་མི་ཚོས་མི་སྒེར་ལ་ལྟ་སྡུར་ཞིབ་བཤེར་བྱས་ནས་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱས།
ཞིན་ཁྲང་ཞིང་གིས་ནན་གྱིས་བསྟན་དོན། ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པའི་ལས་དོན་ཁྲོད་ཆབ་སྲིད་ལ་བློ་དཀར་བ་དང་ལོ་རྒྱུས་ཀྱི་ཡིད་ཆེས་རྒྱུན་ཆད་མེད་པར་ཇེ་བརྟན་དུ་གཏོང་དགོས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པར་དམིགས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུའི་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བཅས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་བ་དང་། གཏན་འབེབས་གཉིས་ཀྱི་ཐག་ཆོད་རང་བཞིན་གྱི་དོན་སྙིང་ལ་ངོས་འཛིན་དང་གོ་བ་གཏིང་ཟབ་བླངས་ནས། འདུ་ཤེས་བཞི་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་ཡིད་རྟོན་བཞི་སྔར་ལས་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་བྱེད་དགོས་པ་གཉིས་བཟང་པོར་སྒྲུབ་པ། རྒྱལ་དོན་གྱི་ཆེ་ཕྱོགས་ཡིད་ལ་འཛིན་པ། ཆབ་སྲིད་བརྡར་གཅོད་ཀྱི་ནུས་པ་དང་ཆབ་སྲིད་ཤེས་རྟོགས་ཀྱི་ནུས་པ། ཆབ་སྲིད་ལག་བསྟར་གྱི་ནུས་པ་བཅས་ཆེ་རུ་བཏང་ནས། རླབས་ཆེན་ཏང་འཛུགས་སྙིང་སྟོབས་དར་སྤེལ་བཏང་སྟེ། ལོ་རྒྱུས་མེ་ལོང་དུ་འཛིན་པ་དང་འབྱུང་འགྱུར་གསར་གཏོད་བྱེད་པའི་བསམ་བློའི་རང་རྟོགས་དང་ཆབ་སྲིད་ཀྱི་རང་རྟོགས། བསམ་སྦྱོར་གྱི་རང་རྟོགས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། བསམ་བློ་རྟོགས་པར་བྱེད་པའི་ཁྲོད་ནས་རིགས་པའི་གཞུང་ལུགས་ཀྱི་རང་རྟོགས་དང་བློ་གྲོས་ཀྱི་སྟོབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཁྱད་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་བྱ་རྒྱུ་དེ་ལས་དོན་སྤྱིའི་གཙོ་གནད་དུ་འཛིན་པ། བསླབ་ནས་ཤེས་པར་བྱེད་པ་དང་ཤེས་ནས་བྱང་ཆུབ་པར་བྱེད་པའི་ཐད་ཤུགས་སྣོན་པ། གནད་དེའི་ནང་ཁྱབ་པའི་མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་ལྟ་བ། ཐབས་ཤེས་བཅས་ཁོང་དུ་ཡང་དག་པར་ཁོང་དུ་ཆུད་པར་བྱེད་པ། དེའི་ཁྲོད་ཀྱི་བདེན་ལུགས་ཀྱི་སྟོབས་ཤུགས་དང་བསམ་བློའི་སྟོབས་ཤུགས། ལག་ལེན་གྱི་སྟོབས་ཤུགས་བཅས་བསྡུ་ལེན་དང་བེད་སྤྱོད་བྱས་ནས། འཕེལ་ཕྱོགས་ཆེན་མོར་རྟོག་ཞིབ་དང་འགྱུར་ལྡོག་ལ་བསྟུན་ཤེས། འབྱུང་འགྱུར་ལ་རྒྱང་ལྟ་བྱེད་པ་བཅས་ཀྱི་བསམ་གཞིགས་ནུས་པ་ཆེ་རུ་གཏོང་རྒྱུ་དང་། བློ་སྟོབས་ཆེར་སྐྱེད་དང་བྱ་སྤྱོད་ནན་མོ་སྤེལ་རྒྱུ་ལས་ལྷོད་གཡེང་མི་བྱེད་པའི་བསམ་པའི་སྒུལ་ཤུགས་ཆེ་རུ་གཏོང་བ། ཡིན་མིན་དབྱེ་འབྱེད་བྱེད་པའི་ཆབ་སྲིད་ཀྱི་ཚོར་དབང་རྣོན་པོ་དང་། རུལ་བསླད་འགོག་པ་དང་ངོ་བོ་འགྱུར་བར་སྔོན་འགོག་བྱེད་པའི་འགོག་གཟུགས་བརྟན་པོ་བཅས་ཡོང་བར་འབད་དེ། སྲིད་གཞུང་གི་ལས་དོན་ཁག་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས། དོན་དངོས་སྒྲུབ་པའི་ཁྲོད་དུ་དམངས་ལ་བཅངས་པའི་བརྩེ་སེམས་དང་དམངས་ཚིས་བདེ་སྐྱིད་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་གཏོང་དགོས། མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་དངོས་ལ་དམིགས་པ་དང་མཉམ་དུ་ཕྱུག་པོར་འགྱུར་རྒྱུར་དམིགས་ཏེ། ནོར་སྲིད་ཆུང་གྲས་ཀྱིས་དམངས་ཚིས་ཆེན་པོ་གཉེར་རྒྱུ་རྒྱུན་འཁྱོངས་བྱས་ནས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་དང་སྦྲེལ་མཐུད་ནུས་ལྡན་ཡོང་བར་སྐུལ་འདེད་གཏོང་རྒྱུ་དང་། མང་ཚོགས་ཀྱིས་དོ་ཁུར་བྱེད་ཀྱིན་པའི་དཀའ་ཁག་དང་ཉེན་ཁ་ལ་སེམས་ཁུར་དང་རེ་སྒུག་བྱེད་པའི་གནད་དོན་ཅི་རིགས་ཐག་གཅོད་གང་ལེགས་བྱེད་པ། སྐྱེ་ཁམས་དང་དམངས་ཚིས་ཀྱི་འབྲེལ་བ་ཐག་གཅོད་འོས་འཚམ་བྱེད་པ། སྐྱེ་ཁམས་སྲུང་སྐྱོབ་དང་དམངས་ཚིས་འགན་སྲུང་ཕན་ཚུན་མཐུན་སྦྱོར་ཡོང་བ་བཅས་བྱས་ནས། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་དེར་སྔར་ལས་འགན་ལེན་བྱེད་པ། སྔར་ལས་རྒྱུན་མཐུད་བཅས་ཡོང་བར་བྱེད་དགོས། འགོ་གསར་པ་རྩོམ་པའི་ཁྲོད་དུ་ལས་འགན་དང་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་དང་། དུས་རབས་ཀྱི་འགན་འཁྲི་འཁུར་ཤུགས་ཟམ་མ་ཆད་པར་ཆེ་རུ་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ཐད་གནང་བའི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་དོན་འཁྱོལ་ཡོང་བར་མུ་མཐུད་སྐུལ་འདེད་གཏོང་རྒྱུ་དང་། དངོས་གཉེར་ལ་མཐོང་ཆེན་དང་དོན་འཁྱོལ་དམ་འཛིན་བྱས་ནས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁྱོན་ཡོངས་ནས་ལག་བསྟར་ཡང་དག་བྱེད་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ཁྲོད་སྔར་ལས་ཟབ་ཞུགས་གང་ལེགས་བྱེད་པ། སྟོབས་ཤུགས་གཅིག་བསྡུས་སྒོས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་གནས་བསྐྲུན་པ། ཐོན་ལས་ཀྱི་གནས་བཞི་གང་མགྱོགས་ངང་བསྐྲུན་པ། སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས། གཡུར་དུ་ཟ་བའི་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས།
ཞིན་ཁྲང་ཞིང་གིས་བསྟན་དོན། མུ་མཐུད་དུ་སློབ་སྦྱོང་གཏིང་ཟབ་བྱས་ནས་ལོ་རྒྱུས་དངོས་གཙོ་སྨྲ་བའི་ལྟ་བ་དང་ཡང་དག་པའི་ཏང་གི་ལོ་རྒྱུས་ལྟ་བ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་ལོ་བརྒྱའི་འབད་འཐབ་ཁྲོད་ནས་ང་ཚོར་གྲུབ་འབྲས་ཐོབ་པ་དང་མ་འོངས་པར་ང་ཚོས་ཇི་ལྟར་བྱས་ན་གཞི་ནས་མུ་མཐུད་གྲུབ་འབྲས་ཐོབ་ཐུབ་པ་གསལ་པོར་ཤེས་པར་བྱས་ནས། ཐོག་མའི་བསམ་འདུན་དང་འགན་འཁྲི་སྔར་ལས་བློ་བརྟན་འགྱུར་མེད་དང་སྔར་ལས་རང་རྟོགས་ངང་ལག་བསྟར་བྱས་ཏེ། དུས་རབས་གསར་པའི་ནང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སྔར་ལས་གང་ལེགས་གཏོང་དགོས། ཐེངས་འདིའི་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུ་འགོ་རྩོམ་ས་གསར་པར་བརྩིས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་དམངས་གཙོ་འཚོ་བའི་ཚོགས་འདུའི་གྲུབ་འབྲས་སྔར་ལས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་བ་དང་། རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་དུ་འགྱུར་བའི་སློབ་སྦྱོང་མངོན་འགྱུར་བྱེད་པ། དག་ཐེར་ཡོ་བསྲང་གི་རྩིས་ཐོ་བཟོ་བ། དག་ཐེར་ཡོ་བསྲང་གི་བྱེད་ཐབས་ནུས་ལྡན་འདོན་པ། བདེན་པ་བདེན་ཐུབ་ཀྱི་སྒོ་ནས་རྗེས་མཐུད་ལས་དོན་དམ་པོར་འཛིན་དགོས།
ཞིན་ཁྲང་ཞིང་གིས་རེ་བ་བཏོན་དོན། ད་ལོ་ནི་ཞིང་ཆེན་རིམ་པའི་འགོ་ཁྲིད་ཚན་ཁག་གི་སྐབས་བརྗེ་དུས་སྐབས་ཡིན་པས། བློ་མཐུན་ཚོས་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ལ་བརྩི་སྲུང་ནན་མོ་བྱེད་རྒྱུ་དང་། རྩ་འཛུགས་ཀྱི་སྒྲིག་ཁྲིམས་དང་སྐབས་བརྗེའི་སྒྲིག་ཁྲིམས་ལ་བརྩི་སྲུང་ནན་མོ་བྱེད་པ། རང་ཉིད་ཀྱི་གནད་དོན་ལ་ལྟ་སྟངས་ཡང་དག་འཛིན་པ། ཐོག་མཐའ་བར་གསུམ་དུ་རྣམ་པ་བཟང་པོ་རྒྱུན་འཁྱོངས་བྱེད་པ། རང་འགན་གཙང་སྒྲུབ་ནན་ཏན་བཅས་བྱས་ནས། བསམ་བློ་ལྷོད་གཡེང་མི་གཏོང་བ་དང་ལས་དོན་ཟམ་མི་ཆད་པར་སྒྲུབ་པ། འབད་འཐབ་ལྷོད་མེད་བཅས་བྱས་ཏེ། མུ་མཐུད་དུ་སེམས་ཤུགས་ཡོད་རྒུ་བཏོན་ནས་ལས་དོན་ཡག་པོ་སྒྲུབ་པ་དང་དོན་འཁྱོལ་གང་ལེགས་བྱེད་དགོས།
བན་དེ་སྐྱབས་ཀྱིས་བསྒྱུར།