ཟླ་དང་པོའི་ཚེས་བཅུ་དང་ཚེས་བཅུ་གཅིག་ཉིན་གཉིས་ལ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་གཅིག་གྱུར་བཀོད་སྒྲིག་ལྟར། ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུ་བསྡུས་ཏེ། ཀྲུང་དབྱང་ཆབ་སྲིད་ཅུའུ་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུ་དང་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའི་འགོ་ཁྲིད་ཚན་ཁག་གི་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུ་དང་གཤིབ་བསྡུར་བྱས་ཤིང་། ཐེངས་འདིའི་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུའི་བརྗོད་དོན་གཅིག་སྡུད་བྱས་པ་དང་། སློབ་སྦྱོང་དང་བགྲོ་གླེང་ནན་མོ་བྱས་པར་མ་ཟད། གནད་དོན་ལ་ཞིབ་བཤེར་དང་རྩད་གཅོད་གང་ལེགས་བྱས་ཤིང་། བསམ་བློ་བརྗེ་རེས་ཞིབ་མོ་བྱས་པ་དང་གཟབ་ནན་དང་ནན་ཏན་སྒོས་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱས།
ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྱིས་ཚོགས་འདུར་འགོ་འཛིན་བྱས་པར་མ་ཟད་སྤྱི་བསྡོམས་གཏམ་བཤད་སྤེལ་ཞིང་། ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཁོངས་མི་རྣམས་ཚོགས་འདུར་ཞུགས་པ་དང་། ཏང་ཕྱིའི་ཀྲུའུ་ཞི་གཞོན་པ་རྣམས་ཟུར་ཞུགས་བྱས་པ། ཞིང་ཆེན་ཏང་ཨུའི་ལྟ་སྐུལ་མཛུབ་སྟོན་ཚན་ཁག་ཚོགས་འདུར་ཞུགས་ནས་མཛུབ་སྟོན་བྱས།
ཚོགས་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཤིང་། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའི་འགོ་ཁྲིད་ཚན་ཁག་གི་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུའི་དགོངས་དོན་དང་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུར་བསྡུ་ལེན་བྱས་པའི་བསམ་འཆར་དང་ཉིས་སྟོང་ཉེར་གཅིག་ལོར་ཞིང་ཆེན་སྲིད་གྲོས་ཀྱིས་ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ཀྱི་དགོངས་དོན་དང་དེ་མིན་ཉིས་སྟོང་ཉི་ཤུ་ལོའི་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་དམངས་གཙོ་འཚོ་བའི་ཚོགས་འདུའི་སྟེང་བཏོན་པའི་གནད་དོན་ལ་དག་ཐེར་ལེགས་སྒྱུར་དང་དངོས་འབེབས་བྱས་པའི་འཕེལ་རིམ་གནས་ཚུལ་ཁྱབ་སྒྲོག་བྱས། རྡོ་རྗེ་རབ་བརྟན་གྱིས་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་ཚབ་བྱས་ཏེ་གཤིབ་བསྡུར་ཞིབ་བཤེར་བྱས་པ་དང་སྣེ་ཁྲིད་དེ་རང་ཉིད་ལ་གཤིབ་བསྡུར་ཞིབ་བཤེར་བྱས་པར་མ་ཟད་རང་འགུལ་སྒོས་སྐྱོན་བརྗོད་དང་ལེན་བྱས། ཏང་ཙུའུ་ཁོངས་མི་རེ་རེ་ཡིས་གཤིབ་བསྡུར་ཞིབ་བཤེར་བྱས་པ་དང་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱས། ཏང་ཕྱིའི་ཀྲུའུ་ཞི་གཞོན་པས་ཞིང་ཆེན་སྲིད་གྲོས་ཀྱིས་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུ་བསྡུས་པའི་གནས་ཚུལ་སྐོར་ནས་རང་ཉིད་ཀྱི་མྱོང་ཚོར་བརྗོད་པ་དང་བསམ་འཆར་དང་གྲོས་གཞི་བཏོན།
རྡོ་རྗེ་རབ་བརྟན་གྱིས་བསྟན་དོན། ཐེངས་འདིའི་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུ་ནི་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་ལ་ཁྱོན་ཡོངས་ནས་སྤྱི་བསྡོམས་དང་ཞིབ་དཔྱད་ཐེངས་ཤིག་བྱས་པ་ཡིན་ལ། བསམ་བློ་གཅིག་གྱུར་དང་ཁ་ཕྱོགས་གཏན་འཁེལ་གསལ་བོ་བྱེད་པ་དང་། སྟོབས་ཤུགས་གཅིག་སྡུད་བྱེད་པའི་དམིགས་ཡུལ་མངོན་འགྱུར་བྱས། ཁོས་བསྟན་དོན། ཞིང་ཆེན་ཏང་ཨུའི་རེ་བ་ལྟར། དག་ཐེར་ལེགས་སྒྱུར་དངོས་འབེབས་བྱ་བ་དམ་འཛིན་བྱེད་དགོས། ཏང་གི་གསར་སྐྲུན་རིགས་གཞུང་ལ་དྲག་ཆས་སྤྲས་པར་ཤུགས་བསྐྱེད་དགོས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་དགོས་ལ། བློ་ཐག་རྦད་ཆོད་སྒོས་གཏན་འཁེལ་གཉིས་ལ་བློ་དཀར་ཞིང་བརྩི་བཀུར་བྱེད་པ་དེ་ཏང་གིས་སྲིད་གྲོས་བྱ་བར་འགོ་ཁྲིད་པའི་ཆབ་སྲིད་ལས་འགན་ཆེན་པོ་དང་ཆེས་མཐོའི་ཆབ་སྲིད་རྩ་དོན་དུ་བརྩིས་ཏེ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་བཟང་བོར་བསྒྲུབ་དགོས། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་འགན་འཁྲི་གལ་ཆེན་དངོས་འབེབས་བྱེད་པའི་ཐད་ནས་ཕན་འབྲས་ངོ་མ་ཐོབ་པར་བྱེད་པ་དང་། དུས་རབས་གསར་བའི་ཏང་གི་འཛུགས་སྐྲུན་གྱི་སྤྱིའི་རེ་བ་ཁྱོན་ཡོངས་ནས་ལག་བསྟར་བྱེད་དགོས་ལ། ཏང་གི་ཆབ་སྲིད་འཛུགས་སྐྲུན་གྱིས་ཏན་ཏིག་སྒོས་སྲིད་གྲོས་ཏང་གི་འཛུགས་སྐྲུན་སྣ་ཚོགས་ལ་སྐུལ་སྤེལ་བྱེད་པར་གཅིག་གྱུར་སྒོས་བཀོད་འདོམས་བྱེད་པ་དང་། དུས་དང་རྣམ་པ་ཀུན་ཏུ་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་རྣམ་པ་བཟང་བོ་སྲུང་འཛིན་བྱས་ནས། དུས་རབས་གསར་བའི་མི་དམངས་སྲིད་གྲོས་བྱ་བར་སྟོབས་ལྡན་ཁག་ཐེག་འདོན་སྤྲོད་བྱེད་དགོས།
བཀྲ་ཤིས་འབུམ་གྱིས་བསྒྱུར།