ཟླ་དང་པོའི་ཚེས་བཅུ་གསུམ་ཉིན། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ལས་ཁུངས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྤྱི་བསྡོམས་གྲོས་ཚོགས་བསྡུས་ཏེ། ཀྲུང་དབྱང་དང་ཞིང་ཆེན་ཡོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྤྱི་བསྡོམས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཤིང་། གྲུབ་འབྲས་ཐོབ་པའི་ཉམས་མྱོང་ཁྱོན་ཡོངས་ནས་སྤྱི་བསྡོམས་བྱས་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པའི་ཐད་ལ་བཀོད་སྒྲིག་བྱས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཀྲང་ཀོང་རོང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་རིན་གཞོན་པ་མཱ་ཝེ་དང་ཏང་ཙུའུ་ཁོངས་མི། ཀྲུའུ་རིན་གཞོན་པ་ཉེའོ་ཁྲིན་ཡུན་དང་ཝུའུ་ཧེ་ཁུན། ཀྲང་ཧོང་ཡོན། ཀྲུའུ་རིན་གཞོན་པ་ལིའུ་ཐུང་ཏི། ཏང་ཙུའུ་ཁོངས་མི། དྲུང་ཡིག་ཆེན་མོ་ཅ་དབྱིན་ཀྲུང་བཅས་གྲོས་ཚོགས་ལ་ཞུགས།
ཚོགས་ཐོག་ནས་བསྟན་དོན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ལས་ཁུངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དེ་འབུར་དུ་ཐོན་པའི་གོ་གནས་སུ་བཞག་སྟེ། ཏང་གི་ལོ་རྒྱུས་སློབ་སྦྱོང་བྱས་ཏེ་གནས་ལུགས་རྟོགས་པར་བྱེད་པ་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱས་ཏེ་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། ཏང་གི་ལོ་རྒྱུས་སློབ་སྦྱོང་བྱས་ཏེ་ཀུན་སྤྱོད་བླ་རུ་འཕགས་པར་བྱེད་པ། ཏང་གི་ལོ་རྒྱུས་སློབ་སྦྱོང་བྱས་ཏེ་ལག་བསྟར་ནུས་པ་ཇེ་ཆེར་གཏོང་བ་བཅས་ཀྱི་ལས་འགན་ཆེན་པོ་བཞི་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱས་ནས། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་བསམ་བློའི་གོ་རྟོགས་ཆེ་རུ་ཕྱིན་པ། དོན་དངོས་སྒྲུབ་པ། རྣམ་པ་གསར་བ་གསར་སྐྲུན་བྱེད་པའི་དམིགས་འབེན་དང་རེ་བ་ཡོངས་འགྲུབ་བྱས་ཤིང་། ཏང་ཡོན་ལས་བྱེད་པ་ཡོངས་ཀྱིས་བློ་ཐག་རྦད་ཆོད་སྒོས་གཏན་འཁེལ་གཉིས་ལ་བརྩི་བཀུར་བྱེད་པའི་ཆབ་སྲིད་རང་རྟོགས་དང་འགུལ་སྐྱོད་རང་རྟོགས་ཇེ་དྲག་ཏུ་གྱུར་བ་དང་། དུས་རབས་གསར་བའི་དམངས་ཆེན་བྱ་བའི་དངོས་གཉེར་གསར་སྐྲུན་འཕེལ་རྒྱས་ལ་སྐུལ་སྤེལ་ཆེན་པོ་བྱས།
ཚོགས་ཐོག་ནས་བསྟན་དོན། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྔར་ལས་སྲ་བརྟན་དང་རྒྱ་བསྐྱེད་དགོས་པ་དང་། ལྷག་བསམ་རྣམ་དག་སྒོས་གཏན་འཁེལ་གཉིས་ལ་བརྩི་བཀུར་བྱེད་དགོས་ལ། བློ་ཐག་རྦད་ཆོད་སྒོས་སྲུང་སྐྱོབ་གཉིས་བཟང་བོར་བསྒྲུབ་པ་དང་ལོ་རྒྱུས་རང་རྟོན་ཇེ་བརྟན་དུ་གཏོང་བ། དམངས་ཆེན་ལམ་ལུགས་རང་རྟོན་ཇེ་བརྟན་དུ་གཏོང་བ། མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། བརྒྱུད་རིམ་ཡོངས་ཀྱི་མི་དམངས་དམངས་གཙོ་འཕེལ་རྒྱས་སུ་གཏོང་དགོས་ལ། དཀྱིལ་སྙིང་ལ་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་ཞུ་བསྒྲུབ་པ་རྒྱུན་འཁྱོངས་བྱས་ཏེ། ། ཧུར་ཐག་སྒོས་ཕན་འབྲས་མཐོ་བའི་འགན་འཁྲི་ལག་བསྟར་བྱེད་པ་དང་། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་མ་ཟད་ལས་ཁུངས་རང་སྟེང་གི་འཛུགས་སྐྲུན་ལ་སྔར་ལས་ཤུགས་སྣོན་ཞིང་། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བའི་སྐྱོད་ལམ་གསར་བའི་སྟེང་དུ་དམངས་ཆེན་གྱི་ནུས་པ་མངོན་པར་བྱེད་དགོས་པ་དང་། གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས།
བཀྲ་ཤིས་འབུམ་གྱིས་བསྒྱུར།