ཟླ་དང་པོའི་ཚེས་བཅོ་བརྒྱད་ཉིན། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་བྱ་བའི་གྲོས་ཚོགས་ཟི་ལིང་ནས་ཚོགས། ཚོགས་ཐོག་ནས་ཀྲུང་དབྱང་སྲིད་ཁྲིམས་བྱ་བའི་གྲོས་ཚོགས་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་དགོངས་དོན་ལག་བསྟར་དང་དངོས་འབེབས་བཟང་བོ་བྱས་ཤིང་། ཉིས་སྟོང་ཉེར་གཅིག་ལོའི་སྲིད་ཁྲིམས་བྱ་བར་སྤྱི་བསྡོམས་བྱས་པ་དང་། དེང་སྐབས་ཀྱི་གནས་བབ་ལ་དབྱེ་ཞིབ་བྱས་པར་མ་ཟད་ཉིས་སྟོང་ཉེར་གཉིས་ལོའི་བྱ་བར་བཀོད་སྒྲིག་བྱས། ཚོགས་འདུའི་སྔོན་ལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་སྲིད་ཁྲིམས་བྱ་བར་རེ་བ་བཏོན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དབྱིན་པའེ་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད་པ་དང་། ཧྲིན་ཀྲང་གཞོན་པ་ལིས་ཧོང་ཡ་ཡིས་གྲོས་ཚོགས་ལ་འགོ་འཛིན་བྱས། ཞིང་ཆེན་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲང་ཙི་ཅུན་དང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཞིབ་དཔྱོད་དཔོན་པོ་ཚབ་མ་ཁྲ་ཆིན་ཅིག་གྲོས་ཚོགས་ལ་ཞུགས།
ཝང་ཅན་ཅུན་གྱིས་བསྟན་དོན། ཉིས་སྟོང་ཉེར་གཅིག་ལོར་ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་ཁོངས་གཏོགས་ཀྱིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ་ལྟེ་བར་དམིགས་ཤིང་ཁྱོན་ཡོངས་ལ་ཞབས་འདེགས་ཞུས་པ་དང་། ཆབ་སྲིད་བདེ་འཇགས་དང་སྤྱི་ཚོགས་བརྟན་འཇགས། མི་དམངས་ཀྱི་བདེ་འཇགས་བཅས་སྲུང་སྐྱོབ་བྱས་པར་མ་ཟད། རང་སྟེང་གི་འཛུགས་སྐྲུན་ནུས་པ་ཇེ་ཆེར་བཏང་ནས། ཏང་དབུ་བརྙེས་ནས་ལོ་བརྒྱ་ལོན་པ་དང་ལོ་ལྔའི་འཆར་འགོད་བཅུ་བཞི་བ་འགོ་བཟང་བོ་ཞིག་ཚུགས་པར་བདེ་འཇགས་དང་བརྟན་འཇགས། འཆམ་མཐུན་བཅས་ཀྱི་ཁོར་ཡུག་གསར་སྐྲུན་བྱས།
ཝང་ཅན་ཅུན་གྱིས་བསྟན་དོན། ཉིས་སྟོང་ཉེར་གཉིས་ལོ་ནི་ཧ་ཅང་གལ་ཆེ་བའི་ལོ་ཞིག་ཡིན་ལ། ང་ཚོའི་ཏང་གིས་ཚོགས་ཆེན་ཐེངས་ཉི་ཤུ་བ་བསྡུ་དགོས་པ་དང་། རང་ཞིང་གིས་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་བ་བསྡུ་དགོས་ལ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བ་དང་ཞིང་ཆེན་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་བ་རྒྱལ་ཁའི་ངང་བསྡུ་བར་བརྟན་བརླིང་དང་བདེ་ཐང་གི་དཔལ་འབྱོར་ཁོར་ཡུག་དང་རྒྱལ་བདེ་དམངས་སྐྱིད་ཀྱི་སྤྱི་ཚོགས་ཁོར་ཡུག སྤྱོད་གཙང་སྲོལ་བཟང་གི་ཆབ་སྲིད་ཁོར་ཡུག་གསར་སྐྲུན་བྱེད་དགོས་པས། སྲིད་ཁྲིམས་བྱ་བའི་ལས་འགན་ཧ་ཅང་ལྗིད། ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་འཐབ་ཕྱོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཀྲུང་དབྱང་སྲིད་ཁྲིམས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དང་དངོས་འབེབས་བཟང་བོ་བྱས་ཏེ། རླབས་ཆེན་ཏང་འཛུགས་སྙིང་སྟོབས་ལག་ལེན་བྱེད་པ་དང་། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ཆགས་པར་བྱེད་དགོས་ལ། ཉེན་ཁ་འགོག་སྲུང་དང་བདེ་འཇགས་འགན་སྲུང་། བརྟན་འཇགས་སྲུང་སྐྱོབ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་བ་ནན་ཏན་དང་ཞིབ་ཕྲ་སྒོས་བསྒྲུབ་དགོས་པ་དང་། མཚོ་སྔོན་ཁྱབ་ཁོངས་བརྟན་འཇགས་སུ་བཏང་ནས་རྒྱལ་ཡོངས་ཀྱི་ཁྱོན་ཡོངས་བརྟན་འཇགས་ཡོང་བར་ཞབས་འདེགས་ཞུ་བ་དང་། དོན་དངོས་ཀྱི་འགུལ་སྐྱོད་ལ་བརྟེན་ནས་དུས་རབས་གསར་བའི་སྲིད་ཁྲིམས་བྱ་བ་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས།
ཚོགས་ཐོག་ནས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་གསུང་བཤད་གལ་ཆེན་གྱི་དགོངས་པ་ལག་བསྟར་ནན་མོ་བྱེད་པ་དང་། རླབས་ཆེན་ཏང་འཛུགས་སྙིང་སྟོབས་དར་སྤེལ་བྱེད་དགོས་ལ། རྦད་ཆོད་སྒོས་གཏན་འཁེལ་གཉིས་སྲུང་སྐྱོབ་དང་སྲུང་སྐྱོབ་གཉིས་ལེགས་པོར་བསྒྲུབ་དགོས་པ་དང་། འགྱུར་བ་མེད་པའི་སྒོ་ནས་ཏང་གིས་སྲིད་ཁྲིམས་བྱ་བར་མཐའ་གཅིག་ཏུ་འགོ་ཁྲིད་པ་རྒྱུན་འཁྱོངས་བྱེད་དགོས་ལ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བ་རྒྱལ་ཁའི་ངང་ཚོགས་པར་བདེ་འཇགས་དང་བརྟན་འཇགས་ཀྱི་ཆབ་སྲིད་ཁོར་ཡུག་གསར་སྐྲུན་པ་གཙོ་སྙིང་དུ་འཛིན་པ་དང་། རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་བརྟན་འཇགས། མི་དམངས་བདེ་འཇགས་བཅས་ལ་ཤུགས་རྐྱེན་ཐེབས་པའི་འབུར་ཐོན་གནད་དོན་གཅིག་སྡུད་བྱས་ནས། ནུས་ལྡན་སྒོས་རིགས་སོ་སོའི་ཉེན་ཁ་འགོག་སྲུང་དང་ཞི་འཇགས་སུ་གཏོང་བ་དང་། རྒྱུན་རྣམ་ཅན་གྱིས་ནག་འཇོམས་ངན་སེལ་འཐབ་རྩོད་ལ་སྐུལ་འདེད་གཏོང་དགོས་བར་མ་ཟད། གྲོང་ཁྱེར་མངའ་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་གྱི་ཆུ་ཚད་མཐོར་འདེགས་སུ་གཏོང་བ་དང་། སྲིད་ཁྲིམས་བཅོས་སྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་བྱེད་དགོས་ལ། སྲིད་ཁྲིམས་དཔུང་སྡེ་སློབ་གསོའི་དག་ཐེར་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། དཀའ་སྤྱད་འབད་བརྩོན་སྒོས་ཆུ་ཚད་མཐོ་བའི་བདེ་འཇགས་མཚོ་སྔོན་དང་ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་བྱེད་པ། སྲིད་ཁྲིམས་བྱ་བའི་དེང་རབས་ཅན་གྱི་ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་བར་མ་ཟད། གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བ་རྒྱལ་ཁའི་ངང་ཚོགས་པར་བསུ་མ་བྱེད་པ་དང་། ཧུར་ཐག་སྒོས་སྤུས་ལེགས་གཅིག་དང་སྔོན་འགྲོ་གཉིས་ལ་སྐུལ་འདེད་གཏོང་བར་སྲིད་ཁྲིམས་ཀྱིས་སྟོབས་ཤུགས་འདོན་དགོས།