ཝང་ཅན་ཅུན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པའི་མཉམ་འབྲེལ་ཚན་ཁག་གི་གྲོས་སྡུར་ལ་ཞུགས།
2022.01.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 11

ཟླ་དང་པོའི་ཚེས་ཉེར་གཅིག་ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པར་ཞུགས་པའི་དམངས་གཙོ་ཏང་ཁག་སོ་སོ་དང་ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ། ཐེ་ཝན་མཉམ་འབྲེལ་ལྷན་ཚོགས། ཕྱིར་ལོག་རང་མི་དང་ཕྱི་སྡོད་རང་མིའི་ཁྱིམ་མིའི་མཉམ་འབྲེལ་ལྷན་ཚོགས། ཕྱི་རྒྱལ་གྱི་མཛའ་མཐུན་ལས་རིགས་ཀྱི་ཨུ་ཡོན་བཅས་ལ་འཚམས་འདྲི་བྱས་པ་དང་། རྒྱ་ཆེའི་ཨུ་ཡོན་རྣམས་ལ་ལོ་སར་གྱི་སྨོན་འདུན་ཞུས་པར་མ་ཟད་མཉམ་འབྲེལ་ཚན་ཁག་གི་གྲོས་ཚོགས་ལ་ཞུགས་ཏེ་བསམ་འཆར་དང་གྲོས་གཞི་ལ་ཉན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཅེ་དང་ཏུའུ་ཏི་ཀྲི་བཅས་གྲོས་ཚོགས་ལ་ཞུགས།

མཉམ་འབྲེལ་ཚན་ཁག་གི་ཚོགས་ཐོག་ཏུ་ཝང་ཧུའུ་དང་ཏུའུ་ཅིན་ཕེན། ཝང་ཁུན། ལིའུ་ཧྲུའུ་ཅེ། ཀྲའོ་ཧེ་ཞིན་སོགས་ཨུ་ཡོན་གྱིས་སྲིད་གཞུང་བྱ་བའི་སྙན་ཞུ་གཞིར་བཟུང་སྟེ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་སའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། བུད་མེད་དང་བྱིས་པའི་བདེ་ཐང་སྤྱི་ཐུན་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་པ། སྐྱེ་ཁམས་དཔལ་ཡོན་གྲུབ་འབྲས་འགྲེམ་སྟོན་ཁང་འཛུགས་པ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ས་བསྐྲུན་པ། གྲངས་འཛིན་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ནས་གཏམ་བཤད། ཝང་ཅན་ཅུན་གྱིས་ནན་ཏན་སྒོས་ཨུ་ཡོན་རྣམས་ཀྱི་གཏམ་བཤད་ལ་ཉན་པར་མ་ཟད་ཚང་མ་དང་མཉམ་དུ་བསམ་བློ་བརྗེ་རེས་པ་དང་། དམངས་གཙོ་ཏང་ཁག་སོ་སོ་དང་ཏང་ཁག་གང་ལའང་མི་གཏོགས་པ། ཐེ་ཝན་མཉམ་འབྲེལ་ལྷན་ཚོགས། ཕྱི་ལོག་རང་མི་དང་ཕྱི་སྡོད་རང་མིའི་ཁྱིམ་མིའི་མཉམ་འབྲེལ་ལྷན་ཚོགས། ཕྱི་རྒྱལ་གྱི་མཛའ་མཐུན་ལས་རིགས་དང་རྒྱ་ཆེའི་ཨུ་ཡོན་གྱིས་རང་རང་གི་འགན་འཁྲི་ལ་རྐང་འཛུགས་པ་དང་འཕེལ་རྒྱས་ལ་ཞབས་འདེགས་ཞུས་ནས། མཚོ་སྔོན་ལ་མཚན་སྙན་སྐྲུན་པ་དང་། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ལ་བྱས་རྗེས་ཆེན་པོ་བཞག་པར་བཀའ་དྲིན་ཆེ་ཞུས་པ་དང་། འབྲེལ་ཡོད་ལས་ཁུངས་ཀྱིས་ལུགས་མཐུན་ཅན་གྱི་གྲོས་གཞི་བཏོན་པར་ཞིབ་འཇུག་དང་དང་ལེན་བྱེད་དགོས་པའི་རེ་བ་བཏོན།

ཝང་ཅན་ཅུན་གྱིས་བཤད་རྒྱུར། སྲིད་གཞུང་བྱ་བའི་སྙན་ཞུ་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་ལག་བསྟར་ནན་མོ་བྱས་པ་དང་། ནུས་ལྡན་སྒོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་བཟང་བོ་བྱས་ཏེ། གནས་ཚུལ་ཡར་ཞུ་དང་ལས་འགན་བཀོད་སྒྲིག་བྱེད་སྐབས་མི་དམངས་ཀྱི་རེ་འབོད་དང་ལེན་བྱས་ཡོད་ལ། ན་ནིང་གི་གྲུབ་འབྲས་ལ་ཕྱིར་དྲན་བྱས་པ་བདེན་པ་བདེན་དྲང་ཡིན་པ་དང་ད་ལོའི་བྱ་བར་བཀོད་སྒྲིག་བྱས་པ་གསལ་བོ་ཡིན་ལ། སྲིད་གཞུང་གི་རང་སྟེང་འཛུགས་སྐྲུན་ལ་ཤུགས་བསྣན་པ་མངོན་གསལ་ཡིན་པས། ལངས་གནས་བརྟན་ཞིང་སྤྲོ་སེམས་ཆེ་བ་དང་དྲོད་ཁོལ་ལྡན་ལ། ཁག་ཁུར་བྱེད་པའི་སྙན་ཞུ་བཟང་བོ་ཞིག་ཡིན། ཞིང་ཆེན་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ལས་ལྟེ་གནས་ལ་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་མཚོན་པར་བྱས་ཤིང་། ཞིང་ཆེན་སྲིད་གྲོས་བྱ་བས་མཚོ་སྔོན་གྱི་གཏམ་བཟང་བརྒྱུད་གཏོང་བྱས་པ་དང་མཚོ་སྔོན་གྱི་གཏམ་རྒྱུད་བཟང་བོ་ལྷུག་པར་བརྗོད་པ། ཏང་དང་སྲིད་གཞུང་གི་དགོས་མཁོ་དང་མི་དམངས་ཀྱི་རེ་སྒུག སྲིད་གྲོས་ཀྱི་བྱ་སྤྱོད་ལེགས་པོར་བསྒྲུབས་པས། དེ་ནི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་ཡིད་ཚིམས་པ་དང་རིགས་སོ་སོ་དང་ལས་རིགས་སོ་སོས་ཁས་ལེན་ཐོབ་པའི་སྙན་ཞུ་བཟང་བོ་ཞིག་ཡིན།

ཝང་ཅན་ཅུན་གྱིས་བཤད་རྒྱུར། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྟེང་གཏན་འཁེལ་གཉིས་ཀྱི་ཆབ་སྲིད་ཆོད་གཏམ་གལ་ཆེན་གཏན་འཁེལ་བྱས་པ་དང་། གཏན་འཁེལ་གཉིས་ཀྱི་ཐུན་མོང་གི་རེ་འདུན་ལ་བརྟེན་ནས་དུས་རབས་གསར་བའི་དམངས་གཙོ་ཏང་ཁག་སོ་སོའི་རང་སྟེང་འཛུགས་སྐྲུན་ལ་སྣེ་ཁྲིད་པ་ནི་ཆེས་ཆེ་བའི་ཆབ་སྲིད་ཡིན་པས། རྒྱུན་མཐུད་སྒོས་དམངས་གཙོ་དང་ཏང་ཁག བྱས་རྗེས། མཐུན་སྒྲིལ་ཐད་ལ་ཤུགས་བསྐྱེད་དགོས།

                                                                                                              བཀྲ་ཤིས་འབུམ་གྱིས་བསྒྱུར།