ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བདུན་པས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས།
2022.01.24 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 14

ཟླ་དང་པོའི་ཚེས་ཉེར་གསུམ་ཉིན་གྱི་སྔ་དྲོར། ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བདུན་པས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས། གྲོས་ཚོགས་ལ་ཞུགས་དགོས་པའི་འཐུས་མི་སུམ་བརྒྱ་དང་གོ་གསུམ་ཡོད་པ་དང་། འཐུས་མི་སུམ་བརྒྱ་དང་དོན་གསུམ་ཚོགས་ཐོག་ཏུ་འབྱོར་བས། ཁྲིམས་བཀོད་མི་གྲངས་དང་མཐུན།

ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་མཱ་ཝེ་ཡིས་གྲོས་ཚོགས་ལ་འགོ་འཛིན་བྱས།

ལག་བསྟར་ཀྲུའུ་ཞི་ཁྲིན་རོས་ཧྥིན་དང་མཱ་ཝེ། རྣམ་རྒྱལ། ཝང་ལིན་ཧུའུ། ཝང་ཏེན་པང་། ལོས་ཀང་། པད་གོ། ཚའེ་ཁྲིན་ཡུང་། ཀྲང་ཞའོ་ཅུན། ཝང་ཡའོ་ཁྲུན་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བསྡད་ཡོད།

ཝང་ཅན་ཅུན་དང་། ཞིན་ཁྲང་ཞིང་། རྡོ་རྗེ་རབ་བརྟན། ཝུའུ་ཞའོ་ཅུན། མགོན་པོ་བཀྲ་ཤིས། ལིས་ཅེ་ཞང་། ཡུས་ཚོང་ལི། མཱ་ཅི་ཞའོ། དབྱིན་པའེ། ལིའུ་ཀི་ཕིང་། ཝང་ལིས་མེན། ཀྲའོ་ཡུའེ་ཞཱ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་དང་། ཞིང་ཆེན་སྲིད་གཞུང་དང་ཞིང་ཆེན་སྲིད་གྲོས་ཀྱི་འགོ་ཁྲིད་ཀྲུའུ་ཞི་སྟེགས་བུའི་སྟེང་བསྡད་ཡོད།

གྲོས་ཚོགས་ནས་སྔ་གཞུག་ཏུ་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཀྲང་ཀོང་རོང་གིས་ཕུལ་བའི་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་དང་། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲང་ཙིག་ཅུན་གྱིས་ཕུལ་བའི་མཐོ་རིམ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་ཚབ་མ་ཀྲ་ཆིན་ཅིག་གིས་ཕུལ་བའི་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ་བཅས་ལ་ཉན།

ཀྲང་ཀོང་རོང་གིས་སྙན་ཞུའི་ནང་བཤད་རྒྱུར། ཉིས་སྟོང་ཉེར་གཅིག་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར་བརྒྱ་ལོན་པའི་ལོ་ཡིན་ལ། ལོ་ལྔའི་འཆར་འགོད་བཅུ་བཞི་པ་ལག་བསྟར་བྱེད་འགོ་བརྩམས་པའི་ལོ་ཡིན། ཞིང་ཆེན་ཏང་ཨུའི་འགོ་ཁྲིད་བརྟན་པོ་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མཛུབ་སྟོན་ཞིབ་མོའི་འོག་ཏུ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་དགོངས་པ་གལ་ཆེན་ལག་བསྟར་ནན་མོ་བྱས་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་དག ཀྲུང་དབྱང་དམངས་ཆེན་བྱ་བའི་གྲོས་ཚོགས་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་དག ཞིང་ཆེན་ཏང་ཨུའི་དམངས་ཆེན་བྱ་བའི་གྲོས་ཚོགས་བཅས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ཏེ། འཕེལ་རྒྱས་ཀྱི་དུས་རིམ་གསར་པར་ཞུགས་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་ཆགས་སྟངས་གསར་པའི་ཁྲོད་འདྲེས་པར་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ལ་དམིགས་ཏེ། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱབ་ཁབ་སྐྱོང་བ་བཅས་ནུས་ལྡན་སྒོས་གཅིག་གྱུར་བྱས་པ་དང་། ཁྲིམས་ལྟར་འགན་ནུས་ལག་བསྟར་དང་དངོས་གཉེར་ཁག་ཁུར་གྱིས་བྱ་བ་བསྒྲུབས་ཏེ། ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དྲུག་པས་གཏན་ལ་ཕབ་པའི་དམིགས་འབེན་དང་ལས་འགན་ཡོངས་འགྲུབ་བྱས་ནས། བྱ་བ་སྣ་ཚོགས་ཐད་འཕེལ་རིམ་དང་ཕན་འབྲས་གསར་པ་བླངས་ཡོད། ཉིས་སྟོང་ཉེར་གཉིས་ལོར། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། རླབས་ཆེན་ཏང་འཛུགས་སྙིང་སྟོབས་དར་སྤེལ་བྱེད་པ་དང་། གཏན་ཁེལ་གཉིས་ཀྱི་ཐག་ཆོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ། སྲུང་སྐྱོབ་གཉིས་མཐའ་གཅིག་ཏུ་དོན་འཁྱོལ་བྱེད་པ། ཆབ་སྲིད་འཛུགས་སྐྲུན་གྱིས་གཅིག་འདོམས་བྱས་ཏེ་དུས་ནམ་ཡང་ཏང་གིས་དམངས་ཆེན་བྱ་བར་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་བཅས་བྱེད་དགོས་ལ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་སུ་གཏོང་རྒྱུ་རང་གི་ལས་འགན་དུ་བརྩིས་ནས། དམངས་ཆེན་བྱ་བའི་སྤུས་ཚད་དང་ཆུ་ཚད་བསྟུད་མར་ཇེ་མཐོར་གཏོང་དགོས། མི་དམངས་ལ་རེ་འབོད་ཡོད་ན་ང་ལ་ཨ་ལན་ཡོད་པའི་འགན་འཁྲི་སེམས་སུ་བཅས་ནས་འཐུས་མིས་ཁྲིམས་ལྟར་འགན་ཁུར་སྒྲུབ་པར་སྔར་ལས་རྒྱབ་སྐྱོར་དང་འགན་སྲུང་བྱེད་དགོས། ལས་ཁུངས་བཞིའི་འཛུགས་སྐྲུན་གྱིས་སྣེ་ཁྲིད་དེ། རང་ངོས་འཛུགས་སྐྲུན་ལ་དངོས་སུ་ཤུགས་བསྣན་ནས། ཁྱད་དུ་འཕགས་པའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་བཅུ་བཞི་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས།

ཀྲང་ཙིག་ཅུན་གྱིས་སྙན་ཞུའི་ནང་བཤད་རྒྱུར། ཉིས་སྟོང་ཉེར་གཅིག་ལོར། ཞིང་ཆེན་ཏང་ཨུའི་འགོ་ཁྲིད་བརྟན་པོའི་འོག་དང་། ཞིང་ཆེན་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་ཤུགས་ཆེན་འོག་ཏུ། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་ཞི་ཅིན་ཕིང་གི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་བ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་ནན་མོ་བྱས་ཤིང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་དོན་འཁྱོལ་བྱས་ཏེ། ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དྲུག་པའི་གྲོས་ཆོད་ལག་བསྟར་ནན་མོབ་བྱས་པ་དང་། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་འགན་ནུས་ལྷག་བསམ་རྣམ་དག་གིས་ལག་བསྟར་བྱས་ཏེ། བྱ་བ་སྣ་ཚོགས་ཐད་གྲུབ་འབྲས་ངེས་ཅན་བླངས་ཡོད། ཉིས་སྟོང་ཉེར་གཉིས་ལོར་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་བ་དང་། མི་དམངས་ལྟེ་བ་ཡིན་པའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་བྱེད་པ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཆེས་མཐོ་མི་དམངས་ཁྲིམས་ཁང་བཅས་ཀྱི་ཇུས་ཆོད་བཀོད་སྒྲིག་སྣ་ཚོགས་དོན་འཁྱོལ་ནན་མོ་བྱེད་པ། འདྲི་གཅོད་ལག་བསྟར་གྱི་འགན་ནུས་བཟང་པོར་འདོན་པ། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་གཏན་འཇགས། མི་དམངས་ཀྱི་ལྷིང་འཇགས་བཅས་ལ་སྲུང་སྐྱོབ་བྱེད་པའི་འགན་ཁུར་ཆེན་པོ་དངོས་སུ་ལག་བསྟར་བཟང་པོ་བྱེད་པ། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་དང་ས་བཞིའི་འཛུགས་སྐྲུན་གྱི་དམིགས་འབེན་མངོན་འགྱུར་བྱེད་པར་སྤུས་ཚད་མཐོ་བའི་ཁྲིམས་ཁང་གི་རམ་འདེགས་འདོན་སྤྲོད་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་བྱ་བ་སྤུས་ཚད་མཐོན་པོར་གོང་དུ་སྤེལ་རྒྱུ་ཡིན།

ཀྲ་ཆིན་ཅིག་གིས་སྙན་ཞུའི་ནང་བཤད་རྒྱུར། འདས་པའི་ལོ་གཅིག་གི་རིང་ལ། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དྲུག་པའི་གྲོས་ཆོད་ལག་བསྟར་ནན་མོ་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རང་འགུལ་གྱིས་ཞབས་འདེགས་ཞུས་པ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་གཏན་འཇགས་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱས་ལ། དམངས་ཚིས་བདེ་སྐྱིད་ཇེ་ཆེར་གཏོང་བར་རམ་འདེགས་གང་ལེགས་བྱས་པ་དང་། ཞིབ་དཔྱོད་ཆེན་མོ་བཞིའི་བཅའ་ཁྲིམས་ལྟ་སྐུལ་དངོས་སུ་སྤེལ་ཞིང་། ཞིབ་དཔྱོད་དཔུང་སྡེའི་སློབ་གསོ་དག་ཐེར་ཏན་ཏིག་གིས་སྤེལ་བ་དང་། བཅའ་ཁྲིམས་ལྟ་སྐུལ་གྱི་འགན་ནུས་ལྷག་བསམ་རྣམ་དག་གིས་ལག་བསྟར་བྱས་ཏེ། བྱ་བ་སྣ་ཚོགས་ཐད་ཕན་འབྲས་གསར་པ་བླངས་ཡོད། ཉིས་སྟོང་ཉེར་གཉིས་ལོར། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་བྱ་བའི་ཐད་ཏང་གིས་ཞིབ་དཔྱོད་བྱ་བར་མཐའ་གཅིག་ཏུ་འགོ་ཁྲིད་བྱེད་པ་བློ་བརྟན་འགྱུར་མེད་ཀྱིས་ལག་བསྟར་བྱེད་པ་དང་། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རང་འགུལ་གྱིས་ཞབས་འདེགས་ཞུ་བ། ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་གྱི་ལས་འགན་ཁུར་དུ་ལེན་ཕོད་པ། བློ་བརྟན་འགྱུར་མེད་ཀྱིས་བྱང་ཚད་མཐོ་བའི་ཞིབ་དཔྱོད་དཔུང་སྡེ་འཛུགས་སྐྲུན་བྱེད་པ། ཆབ་སྲིད་རང་རྟོགས་དང་ཁྲིམས་སྐྱོང་རང་རྟོགས། ཞིབ་དཔྱོད་རང་རྟོགས་བཅས་མཐོན་པོར་བརྟེན་ནས་ཆེ་ཕྱོགས་ཀྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། མི་དམངས་ལ་བརྩེ་བ་ཟབ་མོ་བཅངས་པ། རང་ངོས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་པ། རང་འགན་ལག་བསྟར་ནན་མོ་བྱེད་པ་བཅས་བྱས་ཏེ། མཚོ་སྔོན་གྱི་ཞིབ་དཔྱོད་བྱ་བ་ལེགས་པོར་བསྒྲུབ་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་བྱ་གཞག་ཧུར་ཐག་གིས་སྒྲུབ་པར་ཞིབ་དཔྱོད་ཀྱི་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱེད་དགོས།

ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པར་ཞུགས་པའི་ཨུ་ཡོན་རྣམས་གྲོས་ཚོགས་ལ་ཟུར་དུ་ཞུགས།