ཟླ་དང་པོའི་ཚེས་ཉེར་དྲུག་ཉིན་གྱི་སྔ་དྲོར། ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་གསུམ་པའི་མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་ཚོགས་འགོ་བརྩམས་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཁོས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་པ་དང་། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་རྒྱ་ཆེར་སྤེལ་ཞིང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ལ། སྤྱོད་གཙང་སྒྲིག་དམ་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་དོན་དངོས་འགུལ་སྐྱོད་དང་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པ་རྒྱལ་ཁའི་ངང་ཚོགས་པར་བསུ་མ་བྱེད་དགོས།
ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་དང་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་བཅས་ཀྱི་འགོ་ཁྲིད་ཚན་ཁག་གི་ཁོངས་མི། ཞིང་ཆེན་ཁྲིམས་ཁང་དང་ཞིང་ཆེན་ཞིབ་དཔྱོད་ཁང་གི་འགོ་ཁྲིད་བློ་མཐུན་གཙོ་བོ་གྲོས་ཚོགས་ལ་ཞུགས་ཤིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝུའུ་ཞའོ་ཅུན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས།
ཝང་ཅན་ཅུན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་ལས་ལོ་རྒྱུས་ལ་ཕྱིར་ལྟ་བྱས་པ་དང་དངོས་ཡོད་ལ་རྐང་བཙུགས་ཤིང་། གནད་དོན་ལ་ཁ་ཕྱོགས་པ་དང་རྣག་ཐོག་གཙགས་འཁེལ་གྱིས་མི་རྣམས་ལ་ཉེན་སྐུལ་བཏང་བ་དང་། དེ་ལ་ཆབ་སྲིད་རང་བཞིན་དང་བསམ་བློ་རང་བཞིན། མཛུབ་སྟོན་རང་བཞིན། དམིགས་ཡུལ་རང་བཞིན་དྲག་པོ་ལྡན་པས། དུས་རབས་གསར་པའི་ཏང་གི་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་གསར་པར་སྐུལ་སྤེལ་བྱེད་པ་དང་དུས་རབས་གསར་པའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བ་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་བསྟན་པ་དང་གཞི་རྩའི་བསྲུང་བྱ་འདོན་སྤྲོད་བྱས་ཡོད། ཧྲུའུ་ཅི་ཀྲའོ་ལི་ཅི་ཡིས་ཕུལ་བའི་བྱ་བའི་སྙན་ཞུ་ལས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་དང་འཐབ་རྩོད་བྱེད་པར་འགུལ་སྐྱོད་ཕྱོགས་སྟོན་འདོན་སྤྲོད་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ཏེ། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ཐད་ནས་བླངས་པའི་གྲུབ་འབྲས་གསར་པ་དང་ཏང་གི་ལོ་རྒྱུས་འཁོར་ཡུན་བརྒལ་བའི་ལག་ལེན་གསར་པ། ཏང་གིས་ཡུན་རིང་སྲིད་འཛིན་ཆོས་ཉིད་རང་བཞིན་ལ་ངོས་འཛིན་བྱས་པའི་ཉམས་མྱོང་གསར་པ། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་རྙོག་འཛིང་ཛ་དྲག་གི་གནས་བབ་གསར་པ། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་རྒྱ་ཆེར་སྤེལ་ཞིང་འཕེལ་རྒྱས་སུ་གཏོང་བའི་རེ་བ་གསར་པབཅས་་ཁོང་དུ་ཆུད་པར་བྱེད་པ་དང་། ཏང་གི་ལོ་བརྒྱའི་འབད་འཐབ་ལོ་རྒྱུས་ཉམས་མྱོང་དང་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱས་པའི་ནུས་ལྡན་སྒྲུབ་སྟངས་སྤྱི་བསྡོམས་དང་བཀོལ་སྤྱོད་བྱེད་དགོས་ལ། རླབས་ཆེན་ཏང་འཛུགས་སྙིང་སྟོབས་དར་སྤེལ་བྱེད་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་དུ་གཏོང་བར་སྣེ་ཁྲིད་བྱེད་དགོས་པར་མ་ཟད། རང་རྟོགས་སྒོས་ཐོག་མའི་སེམས་འདུན་ཡིད་ལ་དམ་པོར་བཅངས་ཤིང་། དུས་རབས་གསར་པའི་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་འཐབ་ཇུས་དང་ཇུས་གཞི་གཞི་རྩ་བྱེད་པ་དང་། བློ་བརྟན་འགྱུར་མེད་སྒོས་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་གཏིང་ཟབ་ཏུ་སྤེལ་དགོས།
ཝང་ཅན་ཅུན་གྱིས་ཐོག་མར་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཚུན་དང་ན་ནིང་རང་ཞིང་གིས་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ཁོས་བསྟན་དོན། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་གནས་བབ་སྔར་བཞིན་ཛ་དྲག་ཆེ་ཞིང་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་ནམ་ཡང་རྒྱུན་འཁྱོངས་བྱེད་དགོས་པས། ངེས་པར་དུ་འཐབ་ཇུས་ངེས་ཤུགས་སྲུང་འཛིན་བྱེད་དགོས་པ་དང་། ངེས་པར་དུ་འཐབ་རྩོད་སྙིང་སྟོབས་དར་སྤེལ་བྱེད་པ། ངེས་པར་དུ་རྒྱུན་འཁྱོངས་དམ་འཛིན་བྱས་ནས་གྲུབ་འབྲས་ཐོབ་པའི་ཁག་ཁུར་ནུས་པ་ཇེ་ཆེར་གཏོང་དགོས། ཆབ་སྲིད་ལྟ་སྐུལ་ལ་ཤུགས་སྣོན་ཞིང་གཏན་ཁེལ་གཉིས་ལག་ལེན་བྱེད་པ་དང་སྲུང་སྐྱོབ་གཉིས་ལེགས་པོར་བསྒྲུབ་པའི་གཞི་རྩའི་ལས་འགན་དུ་བརྩིས་ཏེ། སྤུས་ཚད་མཐོན་པོས་འགན་འཁུར་ཡུན་ནང་ཕྱོགས་ཡོངས་ལ་སྐོར་ཞིབ་བྱེད་པའི་དམིགས་འབེན་དང་ལས་འགན་ཡོངས་འགྲུབ་བྱེད་པ་དང་། ཀྲུང་དབྱང་སྐོར་ཞིབ་དང་རྒྱལ་ཁབ་རྩིས་བཤེར་ཕྱིར་ལྡོག་གནད་དོན་ལ་དག་ཐེར་ལེགས་སྒྱུར་བྱེད་པའི་བྱ་བ་བཟང་པོར་བསྒྲུབ་དགོས།
ཝུའུ་ཞའོ་ཅུན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱེད་སྐབས་བཤད་རྒྱུར། གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཏེ། ངོས་འཛིན་མཐོར་འདེགས་སུ་བཏང་ནས་དངོས་འབེབས་དམ་འཛིན་བྱེད་པ་དང་། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་གལ་ཆེན་རང་བཞིན་གྱི་ངོས་འཛིན་ཇེ་དྲག་ཏུ་གཏོང་དགོས་ལ། དུས་རབས་གསར་པའི་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་དུས་སྐབས་རང་བཞིན་གྱི་ཁྱད་ཆོས་གསལ་བོར་ཤེས་པར་བྱེད་པ་དང་། རྒྱུན་མཐུད་སྒོས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་དུ་གཏོང་དགོས་པར་མ་ཟད། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལེགས་པོར་བསྒྲུབ་པ་དང་། རྒྱུན་འཁྱོངས་ལྷོད་མེད་སྒོས་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་གཏིང་ཟབ་ཏུ་སྤེལ་དགོས། འགན་འཁྲིའི་ནུས་པ་ཇེ་ཆེར་བཏང་ནས་དངོས་འབེབས་བྱ་བ་དམ་འཛིན་བྱེད་པ་དང་། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་འགན་འཁྲི་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པའི་བྱ་བའི་མ་ལག་དང་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས་ལ། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་གཙོ་གཞིའི་འགན་འཁྲི་དང་འགན་འཁུར་པ་དང་པོའི་འགན་འཁྲི་དང་ལྟ་ལྐུལ་འགན་འཁྲི་དང་ལེན་བཟང་པོ་བྱེད་པ་དང་། དོན་དངོས་ཀྱི་འགུལ་སྐྱོད་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་བཅུ་བཞི་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས།
ཚང་འཛོམས་གྲོས་ཚོགས་ཀྱི་ཚོགས་ཆེན་དང་པོ་བརྙན་འཕྲིན་དང་ཁ་པར་གྲོས་ཚོགས་ཀྱི་རྣམ་པར་བརྟེན་ནས་བསྡུས་པ་དང་། ཞིང་ཆེན་ཏང་ཨུའི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོ་དང་ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ། མི་དམངས་ཚོགས་པ་དང་མང་ཚོགས་ཚོགས་པ་སོ་སོ། ཞིང་ཆེན་གྱི་ཁོངས་སུ་གཏོགས་པའི་མཐོ་རིམ་སློབ་གྲྭ། ཞིང་ཆེན་གྱིས་དོ་དམ་བྱེད་པའི་ཁེ་ལས། མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་ལས་ཁུངས་ཏང་ཙུའུ་ཡི་འགན་འཁུར་བློ་མཐུན་སོགས་གྲོས་ཚོགས་ལ་ཞུགས་པ་དང་། གྲོང་ཁྱེར་དང་ཁུལ་སོ་སོ་རུ་ཡན་ལག་ཚོགས་ར་བཙུགས།
བཀྲ་ཤིས་འབུམ་གྱིས་བསྒྱུར།