ཞིན་ཁྲང་ཞིང་གིས་སྔ་གཞུག་ཏུ་འགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས།
2022.02.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 8

ཟླ་གཉིས་པའི་ཚེས་བདུན་ཉིན། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་སྔ་གཞུག་ཏུ་འགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་ལམ་གནང་བའི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་གི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཤིང་། བྱ་བ་སྒྲུབ་མ་ཐག་ཏུ་གྲུབ་འབྲས་ཐོབ་ཅིང་ལོ་ཧྲིལ་བོ་བརྟན་འཇགས་ཡོང་བ་འགན་སྲུང་བྱེད་པ་དང་། གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཁེ་ལས་དང་འབྲེལ་བའི་དངུལ་བསྡུ་བཅོས་སྐྱོང་ནུས་ལྡན་རྐྱེན་སྲོལ་འཛུགས་པ་སོགས་ཀྱི་བྱ་བར་ཞིབ་འཇུག་བྱས།

ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་ནི་དུས་རབས་གསར་བའི་ཏང་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་གསར་བའི་གཞི་རྩའི་བསྲུང་བྱ་ཡིན། གྲོས་ཚོགས་ཀྱི་དགོངས་དོན་གལ་ཆེན་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ཏེ། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་ལྟར། དུས་རབས་གསར་བའི་ཏང་གི་རང་ངོས་གསར་བརྗེ་ལེགས་འགྲུབ་བྱུང་བའི་ལག་ལེན་གྱི་སྤྱི་བསྡོམས་གསལ་བོར་རྟོགས་པར་བྱེད་པ་དང་། ཆོས་ཉིད་རང་བཞིན་གྱི་ངོས་ཟིན་གསལ་བོར་ཤེས་པར་བྱེད་དགོས་ལ། ལས་འགན་དངོས་འབེབས་བྱ་བ་གཙོར་བཟུང་ནས་དམ་འཛིན་བྱེད་པ་དང་། རྒྱུན་མཐུད་སྒོས་ཁྱབ་ཁོངས་གཙོ་བོའི་བཅོས་སྒྱུར་ལ་སྐུལ་སྤེལ་བྱེད་པ། ཁྱབ་ཁོངས་གཙོ་བོའི་ལྟ་རྟོག་དོ་དམ་ནུས་པ་ཇེ་ཆེར་གཏོང་བ། འགན་འཁྲིའི་དངོས་འབེབས་བྱ་བ་འབུར་དུ་ཐོན་པར་བྱེད་པར་མ་ཟད།      སྤོབས་པ་ཆེར་བསྐྱེད་སྒོས་སྤྱོད་ངན་བཞི་ཡོ་བསྲང་དང་དར་སྲོལ་བཟང་བོ་ཆགས་པར་བྱེད་པ་དང་། སྲོལ་བཟང་སྤྱོད་གཙང་གི་ཆབ་སྲིད་ངོ་བོ་ནམ་ཡང་འགྱུར་བ་མེད་པར་བྱེད་དགོས།                                                                                   

ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་གི་སློབ་སྦྱོང་ཐེངས་སོ་དྲུག་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཟུང་འབྲེལ་བྱས་ཏེ། ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་བྱ་བ་དེ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་སྤྱིའི་བཀོད་སྒྲིག་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཁྲོད་དུ་འཇོག་པ་དང་། གོ་རིམ་ལྡན་པའི་འདུ་ཤེས་ཆགས་པར་བྱེད་དགོས་ལ། འཕེལ་རྒྱས་དང་ཉུང་འདོན་དང་སྤྱི་ཡོངས་དང་ཆ་ཤས།  ཡུན་རིང་གི་དམིགས་འབེན་དང་དུས་ཡུན་ཐུང་བའི་དམིགས་འབེན། སྲིད་གཞུང་དང་ཚོང་ར་སོགས་ཀྱི་འབྲེལ་བ་གཙོར་བཟུང་ནས་ཐག་གཅོད་བཟང་བོ་བྱེད་པ་དང་། གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་ལ་ཤུགས་སྣོན་ཞིང་ཕྱོགས་སོ་སོའི་འགན་འཁྲི་ལག་ལེན་བྱེད་པ་དང་། ནུས་ཁུངས་གསར་བརྗེ་ལ་སྐུལ་འདེད་གཏོང་བར་མ་ཟད་ཐོན་ལས་ལེགས་སྒྱུར་རིམ་འཕར་ལ་ཡར་སྐུལ་བྱེད་དགོས།

ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་གི་སློབ་སྦྱོང་ཐེངས་སོ་བཞི་བའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཏེ། འཕེལ་རྒྱས་གྲངས་འཛིན་དཔལ་འབྱོར་གྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གསལ་བོ་བྱེད་པ་དང་། ཞིང་ཆེན་གྱི་དོན་དངོས་ལ་རྐང་བཙུགས་ནས། གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་དཔལ་ཡོན་མཐོ་ས་གསར་སྐྲུན་བྱེད་པ་དང་། ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པ་བཅས་མཉམ་བསྲེས་བྱེད་པར་མ་ཟད། གྲངས་འཛིན་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མྱུར་དུ་སྐུལ་སྤེལ་བྱེད་དགོས།

ཚོགས་ཐོག་ནས་བསྟན་དོན། སྲིད་གཞུང་ཁོངས་གཏོགས་ཀྱིས་བརྟན་འཇགས་གཙོར་འཛིན་པ་དང་བརྟན་ཐོག་ཡར་འཕེལ་དང་དུས་ཚིགས་དང་པོ་དང་ལོ་ཧྲིལ་བོ། མཁོ་བ་དང་མཁོ་སྲིད་པའི་འབྲེལ་བ་ཐག་གཅོད་བཟང་བོ་བྱེད་པར་ཡིད་འཇོག་བྱེད་དགོས་པ་དང་། དུས་ཚིགས་དང་པོའི་བྱ་བ་སྔ་སྣུར་སྒོས་དམ་འཛིན་བྱེད་དགོས་པར་མ་ཟད། འཕར་སྣོན་བརྟན་འཇགས་ལ་ཕན་པའི་སྲིད་ཇུས་དང་བྱེད་ཐབས་སྔ་མོ་ནས་དངོས་འབེབས་བྱེད་པ་དང་། སྟོབས་ཤུགས་ཡོད་རྒུ་བཏོན་ནས་ཐོན་སྐྱེད་བརྟན་འཇགས་དང་འཕར་སྣོན་འགན་སྲུང་བྱེད་དགོས་ལ། སྟོབས་ཤུགས་གཅིག་བསྡུས་སྒོས་གནས་བཞི་འཛུགས་སྐྲུན་བྱེད་པ་དང་།  གནད་འཁེལ་ཇུས་བསྟར་ལ་བརྟེན་ནས་དཀའ་ཁག་ཁྱད་སེལ་བྱེད་པ། དམངས་ཚིས་ཚད་མཐའ་བརྟན་སྲུང་བྱེད་དགོས་ལ། ཧུར་ཐག་སྒོས་དུས་ཚིགས་དང་པོའི་བྱ་བའི་ཐད་ནས་གྲུབ་འབྲས་མངོན་གསལ་ཐོབ་པར་བྱེད་པ་དང་ལོ་ཧྲིལ་བོ་བརྟན་འཇགས་ཡོང་བ་འགན་སྲུང་བྱེད་དགོས།

ཚོགས་ཐོག་ནས་བསྟན་དོན། འཚོལ་ཞིབ་གསར་སྐྲུན་བརྒྱུད་དེ་རྒྱུན་མཐུད་སྒོས་ཁེ་ལས་དང་འབྲེལ་བའི་དངུལ་བསྡུ་བཅོས་སྐྱོང་གཏིང་ཟབ་ཏུ་སྤེལ་བ་དང་། ཁྲལ་བསྡུ་ཡོན་གཅོག་ཕན་འབྲས་སྲ་བརྟན་དུ་གཏོང་དགོས་ལ། ནུས་ལྡན་བྱ་བའི་རྐྱེན་སྲོལ་བཙུགས་ནས། ཁེ་ལས་དང་འབྲེལ་བའི་དངུལ་བསྡུ་བཅོས་སྐྱོང་ཚད་ལྡན་ཅན་དང་ཁྲིམས་སྐྱོང་ཅན། ནུས་ལྡན་ཅན་དུ་འགྱུར་བར་སྔར་ལས་སྐུལ་འདེད་གཏོང་བ་དང་། ཁེ་ལས་ཀྱི་ཁུར་བོ་ཇེ་ཡང་དུ་གཏོང་བ། ཚོང་གཉེར་ཁོར་ཡུག་བཟང་བོ་གསར་སྐྲུན་བྱེད་དགོས།

ཚོགས་ཐོག་ནས་ཉིས་སྟོང་ཉེར་གཅིག་ལོ་ནས་ཉིས་སྟོང་སུམ་ཅུ་ལོའི་མཚོ་སྔོན་ཞིང་ཆེན་བུད་མེད་འཕེལ་རྒྱས་འཆར་འགོད་དང་ཉིས་སྟོང་ཉེར་གཅིག་ལོ་ནས་ཉིས་སྟོང་སུམ་ཅུ་ལོའི་མཚོ་སྔོན་ཞིང་ཆེན་བྱིས་པའི་འཕེལ་རྒྱས་འཆར་འགོད་ལ་གྲོས་ཞིབ་བྱས་པར་མ་ཟད་རྩ་དོན་ཐོག་ནས་གྲོས་འཆམ་བྱུང་།

ཚོགས་ཐོག་ནས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།

                                                                                                         བཀྲ་ཤིས་འབུམ་གྱིས་བསྒྱུར།