ཝང་ཅན་ཅུན་གྱིས་འགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་དྲུག་པ་བསྡུས།
2022.02.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 13

ཟླ་གཉིས་པའི་ཚེས་ཉེར་གཉིས་ཉིན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་འགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་དྲུག་པ་བསྡུས་ནས། ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གསུམ་པའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཤིང་། ན་ནིང་གི་བཅོས་སྒྱུར་བྱ་བར་སྤྱི་བསྡོམས་བྱས་པ་དང་། ད་ལོའི་བཅོས་སྒྱུར་ལས་འགན་ལ་བཀོད་སྒྲིག་བྱས་པར་མ་ཟད། རང་ཞིང་གི་ཚན་རྩལ་སྒྲིག་སྲོལ་བཅོས་སྒྱུར་བྱ་བར་ཞིབ་འཇུག་བྱས་ཤིང་། སན་མེན་སྨན་བཅོས་བཅོས་སྒྱུར་ཉམས་མྱོང་མཚོ་སྔོན་ཅན་གྱི་གནས་ཚུལ་ཡར་ཞུ་བྱས་པར་ཉན་པ་དང་འབྲེལ་ཡོད་བཅོས་སྒྱུར་ཇུས་གཞི་ལ་གྲོས་ཞིབ་བྱས།

ཞིང་ཆེན་ཏང་ཨུའི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཞིན་ཁྲང་ཞིང་དང་ཝུའུ་ཞའོ་ཅུན། ཞིང་ཆེན་ཏང་ཨུའི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཡུས་ཚོང་ལི་དང་ཀྲའོ་ཡུའེ་ཞ། ཞིང་ཆེན་གྱི་འགོ་ཁྲིད་པ་ཝང་དབྱང་དང་ཁོང་ཡུང་། ལིའུ་ཁྲའོ་བཅས་གྲོས་ཚོགས་ལ་ཞུགས།

ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གསུམ་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཏེ། རྒྱལ་ཡོངས་གཅིག་གྱུར་གྱི་ཚོང་ར་ཆེན་པོ་མྱུར་དུ་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་བཀོད་སྒྲིག་དང་སྲིད་གཞུང་གི་ལྟ་སྐུལ་དོ་དམ་ཕན་ནུས་མཐོར་འདེགས་སུ་གཏོང་བའི་དོན་སྙིང་གལ་ཆེན། འཛམ་གླིང་དུ་མིང་གྲགས་ཆེ་བའི་སློབ་ཆེན་དང་ཕན་ནུས་ལྡན་པའི་བསླབ་ཚན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་ཁྲིད་ཕྱོགས། ཚན་རྩལ་མི་ཆོས་ཀྱི་བཅོས་སྐྱོང་རྩ་དོན། མི་སྒེར་རྒན་གསོ་མ་དངུལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལམ་ལུགས་བཀོད་སྒྲིག་བཅས་ལ་གོ་བ་ཟབ་མོ་ལེན་པ་དང་། ཡང་དག་པའི་སྒོ་ནས་བཅོས་སྒྱུར་གྱི་རེ་བར་རྒྱུས་ལོན་ཟབ་མོ་བྱེད་པ་དང་ཁོང་དུ་ཆུད་པར་བྱེད་དགོས་ལ། དུས་དང་རྣམ་པ་ཀུན་ཏུ་ཡང་དག་པའི་བཅོས་སྒྱུར་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཇི་མ་ཇི་བཞིན་དུ་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྣ་ཚོགས་མཚོ་སྔོན་དུ་དངོས་འབེབས་བཟང་པོ་བྱེད་པར་སྐུལ་འདེད་གཏོང་དགོས།

ཚོགས་ཐོག་ནས་བསྟན་དོན། ཆབ་སྲིད་སྐྱོང་བའི་མཐོ་ཚད་ནས་སྨན་བཅོས་བཅོས་སྒྱུར་བྱ་བར་མཐོང་ཆེན་བྱས་ཏེ། སན་མེན་སྨན་བཅོས་བཅོས་སྒྱུར་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ་དེ་མི་དམངས་མང་ཚོགས་ལ་ཕྱོགས་ཡོངས་དང་འཁོར་ཡུན་ཡོངས་ཀྱི་བདེ་ཐང་ཞབས་ཞུ་འདོན་སྤྲོད་བྱེད་པ་དང་ཟུང་འབྲེལ་བྱེད་པ་དང་། མཚོ་སྔོན་གྱི་བཅོས་སྒྱུར་ལག་ལེན་དང་ཟུང་འབྲེལ་བྱས་ནས། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ། བདེ་ཐང་བླ་ན་མེད་པའི་སྙིང་བོ་འབུར་དུ་ཐོན་པར་བྱེད་པ་དང་། མང་ཚོགས་ལ་ཁེ་ཕན་ཐོབ་པ་དང་སྨན་ཁང་འཕེལ་རྒྱས་སུ་འགྲོ་བ། སྨན་བཅོས་མི་སྣར་སྐུལ་ལྕག་ཐེབས་པའི་དམིགས་འབེན་འབུར་དུ་ཐོན་པར་བྱེད་དགོས་ལ།  མཉམ་འབྲེལ་དང་དོན་ཐོག་ཏུ་འབྱོར་བའི་གནད་འགག་བྱ་བ་འབུར་དུ་ཐོན་པར་བྱེད་པ་དང་། གོ་རིམ་གཅིག་བསྡུས་ཀྱི་བསམ་ཕྱོགས་ལ་བརྟེན་ནས་སྨན་བཅོས་བཅོས་སྒྱུར་དམ་འཛིན་བྱས་ནས། སྨན་རྫས་ཀྱིས་ནད་ལ་སྨན་བཅོས་བྱེད་པའི་ནུས་པ་འདོན་པ་དང་སྨན་པས་ནད་ལ་ལྟ་བའི་ནུས་པ་འདོན་དགོས། རྒྱུན་མཐུད་སྒོས་སྨན་རྫས་འཕྲོད་བསྟེན་སྒྲིག་སྲོལ་བཅོས་སྒྱུར་ལ་སྐུལ་འདེད་བཏང་སྟེ། མི་དམངས་ཡིད་ཚིམས་པའི་སྨན་ཁང་ལེགས་སྒྲུབ་བྱེད་པ་དང་། སྤྱོད་ཡོན་གཉིས་ལྡན་གྱི་ཡོན་ཀྲང་གདམ་གསེས་བྱེད་དགོས་ལ། ཤེས་ཡོན་ལྡན་ཞིང་བྱམས་སེམས་ཆེ་བའི་སྨན་བཅོས་བྱ་བ་སྒྲུབ་མཁན་སྐྱེད་སྲིང་བྱེད་པ་དང་། སྨན་བཅོས་ཞབས་ཞུའི་མ་ལག་ལེགས་སྒྱུར་བྱེད་པར་མ་ཟད། འཆམ་མཐུན་གྱི་སྨན་པ་དང་ནད་པའི་འབྲེལ་བ་གསར་སྐྲུན་བྱས་ནས། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སྨན་བཅོས་བཅོས་སྒྱུར་ཐབས་ལམ་དུ་བསྐྱོད་དགོས།

ཚོགས་ཐོག་ནས་བསྟན་དོན། ཚན་རྩལ་སྒྲིག་སྲོལ་བཅོས་སྒྱུར་ཟབ་སྤེལ་བྱེད་པ་ནི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་དང་དངོས་འབེབས་བྱེད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཀྱི་འགོ་ཁུངས་ཡིན། ཚན་རྩལ་བསམ་ཕྱོགས་ནུས་པ་ཇེ་ཆེར་གཏོང་བ་དང་། ཚན་རྩལ་ལ་བརྟེན་ནས་གནད་དོན་ལ་བསམ་གཞིགས་གཏོང་བ་དང་བྱ་བར་ཇུས་འགོད་བྱེད་པ། ལས་དོན་བསྒྲུབ་པའི་ནུས་པ་མཐོར་འདེགས་སུ་གཏོང་བར་མ་ཟད་ཚན་རིག་དང་ཆོས་ཉིད་ལྟར་དོན་དག་བསྒྲུབ་དགོས།  རྒྱལ་ཁབ་ཀྱི་ལས་དོན་ཆེན་པོ་བསམ་པ་དང་ཞིང་ཆེན་གྱི་བྱ་བ་གཙོར་བཟུང་སྟེ་མཚོ་སྔོན་གྱི་དམའ་རིམ་ཐོན་རྫས་འགན་སྲུང་དང་མཁོ་འདོན་ཕྱོགས་ཀྱི་ཁྱད་སྟོབས་འདོན་སྤེལ་བཟང་བོ་བྱེད་པ་དང་། ཚན་རྩལ་གསར་སྐྲུན་ལ་སྐུལ་འདེད་བཏང་ནས་སྐྱེ་ཁམས་དང་དམ་དུ་སྦྲེལ་ཞིང་ཐོན་སྐྱེད་དང་དམ་དུ་སྦྲེལ་བ་དང་། འཚོ་བ་དང་དམ་དུ་སྦྲེལ་དགོས། ཁེ་ལས་ཀྱི་གསར་སྐྲུན་གསོན་ཤུགས་ཇེ་ཆེར་གཏོང་བ་དང་། ཁེ་ལས་པའི་ལག་ཤེས་སྙིང་སྟོབས་དར་སྤེལ་བྱེད་པ། རང་ཚུགས་རང་སྟོབས་དར་སྤེལ་བྱེད་པ། ཚན་རྩལ་དང་ཚོང་རའི་སྐྱོད་ལམ་ཡངས་པར་ཕྱེས་པར་མ་ཟད། ཐོག་མའི་གསར་སྐྲུན་དང་རྨང་གཞིའི་གསར་སྐྲུན། ཁོངས་གཏོགས་གསར་སྐྲུན། རྒྱུ་རྐྱེན་འགན་སྲུང་དང་ཚན་རིག་ཁྱབ་གདལ་དང་དྲིལ་སྒྲོག་བྱེད་པར་ཡིད་འཇོག་ཆེན་པོ་བྱེད་དགོས།  ཇུས་འདོན་དང་བློ་འདོན། ཚོད་ལྟ་ཁང་། རིག་མཛོད་བཅས་ཀྱི་གསོན་ཤུགས་ཇེ་ཆེར་བཏང་ནས། རང་ཞིང་གི་ཚན་རྩལ་ལས་དོན་སྔར་ལས་གོང་འཕེལ་དུ་འགྲོ་བར་སྐུལ་འདེད་གཏོང་དགོས།

ཚོགས་ཐོག་ནས་འབྲེལ་ཡོད་ལས་ཁུངས་ཀྱི་གནས་ཚུལ་ཡར་ཞུ་ལ་ཉན་པ་དང་། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཉིས་སྟོང་ཉེར་གཉིས་ལོའི་བྱ་བ་གཙོ་བོ་དང་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཉིས་སྟོང་ཉེར་གཅིག་ལོའི་བྱ་བའི་སྤྱི་བསྡོམས་སྙན་ཞུ། དུས་རབས་གསར་བའི་རྒྱལ་གཉེར་དཔལ་འབྱོར་བཀོད་སྒྲིག་ལེགས་སྒྱུར་དང་སྒྲིག་གཞི་ལེགས་སྒྲིག་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་ལག་བསྟར་ཇུས་གཞི། རོང་འབྲོག་ཕྱོགས་ཀྱི་རྫོང་དང་ཡུལ་ཚོ། སྡེ་བ་བཅས་རིམ་པ་གསུམ་གྱི་དངོས་རྒྱུག་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བའི་སྐོར་གྱི་ཇུས་གཞི་སོགས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

                                                                                                          བཀྲ་ཤིས་འབུམ་གྱིས་བསྒྱུར།