ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས་པ་དང་ཝང་ཅན་ཅུན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས།
2022.02.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 32

ཟླ་གཉིས་པའི་ཚེས་ཉེར་བཞི་ཉིན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་མཛུབ་སྟོན་གལ་ཆེན་དང་ཀྲུང་དབྱང་གི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཤིང་། རང་ཞིང་གི་ལག་བསྟར་དངོས་འབེབས་བསམ་འཆར་ལ་ཞིབ་འཇུག་བྱས་པ་དང་། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས།

གྲོས་ཚོགས་ནས་བསྟན་དོན། ད་ལོར་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པ་བསྡུ་རྒྱུ་ཡིན་པས། ཏང་གི་འཛུགས་སྐྲུན་བྱ་བ་བཟང་བོར་བསྒྲུབ་པར་དོན་སྙིང་གལ་ཆེན་ལྡན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཤུགས་ཆེན་པོས་རླབས་ཆེན་ཏང་འཛུགས་སྙིང་སྟོབས་དར་སྤེལ་བྱེད་པ་དང་། ཏང་གི་ལོ་བརྒྱའི་འབད་འཐབ་ལོ་རྒྱུས་ཉམས་མྱོང་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་བཏང་ནས། ཏང་གི་འཛུགས་སྐྲུན་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་ལས་སྐུལ་འདེད་གཏོང་དགོས། ཆབ་སྲིད་སྣེ་ཁྲིད་འབུར་དུ་ཐོན་པར་བྱས་ཏེ། གཏན་འཁེལ་གཉིས་ལག་ལེན་བྱེད་པའི་བསམ་བློའི་རང་རྟོགས་དང་ཆབ་སྲིད་རང་རྟོགས། འགུལ་སྐྱོད་རང་རྟོགས་ལ་བརྟེན་ནས་དུས་རབས་གསར་བའི་ཏང་གི་འཛུགས་སྐྲུན་གྱི་སྤྱིའི་རེ་བ་ལག་བསྟར་དང་དངོས་འབེབས་བཟང་བོ་བྱེད་པ་དང་། རྒྱུན་མཐུད་སྒོས་ཏང་གི་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་གསར་བ་གོང་དུ་སྤེལ་དགོས། དག་སྲུང་གསར་སྐྲུན་ལ་ཡིད་འཇོག་བྱས་ཏེ། བརྟན་ཐོག་ཡར་འཕེལ་སྒོས་གཞི་རྩ་དམ་འཛིན་དང་རྨང་གཞི་བརྟན་པོ་འདིང་བ་དང་། དག་སྲུང་གསར་སྐྲུན་གྱིས་འདུ་ཤེས་ལེགས་སྒྱུར་བྱེད་པ་དང་བསམ་ཕྱོགས་ཇེ་གསལ་དུ་བཏང་ནས། ཏང་འཛུགས་བྱ་བའི་སྤུས་ཚད་མཐོར་འདེགས་དང་ཕན་འབྲས་འཕར་བར་སྔར་ལས་སྐུལ་འདེད་གཏོང་དགོས། ལག་ལེན་ལ་ཟུང་འབྲེལ་དམ་པོ་བྱེད་པ་དང་། རིགས་གཞུང་དང་ལག་ལེན་ཟུང་དུ་སྦྲེལ་བ་རྒྱུན་འཁྱོངས་བྱས་ནས། གྲུབ་འབྲས་སྒྱུར་བ་དང་མཛུབ་སྟོན་ལག་ལེན་དེ་ཏང་འཛུགས་ཞིབ་འཇུག་ལ་རིན་ཐང་ཡོད་པར་བྱེད་དགོས། གནད་དོན་ཁྲིད་ཕྱོགས་འབུར་དུ་ཐོན་པར་བྱས་ཏེ། ཀྲུང་དབྱང་གི་རེ་བ་དང་མང་ཚོགས་ཀྱི་རེ་སྒུག ལག་ལེན་གྱི་དགོས་མཁོ། ཕུན་སུམ་ཚོགས་པའི་ཉམས་མྱོང་བཅས་ཟུང་འབྲེལ་བྱས་ནས། ཏང་གི་ལམ་ལུགས་འཛུགས་སྐྲུན་གྱིས་ཁྱོན་ཡོངས་ནས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་གཏོང་དགོས། གོང་རིམ་གྱིས་འོག་རིམ་ལ་སྣེ་ཁྲིད་པ་རྒྱུན་འཁྱོངས་བྱས་ཏེ། གཙོ་གཞིའི་འགན་འཁྲི་ལག་བསྟར་ནན་མོ་བྱེད་པ་དང་། དུས་རིམ་ལྟར་བྱ་བ་དམ་འཛིན་བྱེད་་དགོས་ལ། ནུས་ལྡན་དང་གོ་རིམ་ཡོད་པའི་སྒོ་ནས་བྱ་བ་སྣ་ཚོགས་དངོས་འབེབས་བྱེད་པར་སྐུལ་འདེད་གཏོང་དགོས། སློབ་བཀོལ་ཟུང་འབྲེལ་ལ་སྐུལ་འདེད་བཏང་སྟེ། རིགས་གཞུང་སློབ་སྦྱོང་ལྟེ་གནས་ཚན་ཁག་གིས་མཉམ་དུ་སློབ་སྦྱོང་བྱེད་པར་ཤུགས་སྣོན་པ་དང་། རང་སྦྱོང་ནན་མོ་དང་ལག་ལེན་ཟབ་མོ་བྱེད་པ་དང་། ཏང་ཡོན་ལས་བྱེད་པའི་སློབ་སྦྱོང་ལ་ཤུགས་སྣོན་དགོས་པར་མ་ཟད།  ལངས་ཕྱོགས་ཇེ་བརྟན་དུ་གཏོང་བ་དང་ལག་ལེན་ལ་མཛུབ་སྟོན་བྱེད་པ། བྱ་བར་སྐུལ་འདེད་གཏོང་བ་ཟུང་འབྲེལ་བྱེད་པའི་ཁྲོད་དུ་སྐྱོད་ལམ་གསར་པར་ཞུགས་པ་དང་དུས་རབས་གསར་པར་བྱས་རྗེས་འཇོག་དགོས།

གྲོས་ཚོགས་ནས་བསྟན་དོན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྤྱི་བདེ་བྱ་བའི་ཡར་ཞུ་ལ་ཉན་པ་ནི་ཏང་གིས་སྲིད་ཁྲིམས་ལ་དོ་དམ་དང་ཏང་གིས་སྤྱི་བདེ་ལ་དོ་དམ་བྱེད་པ་རྒྱུན་འཁྱོངས་བྱེད་པའི་མཚོན་བྱེད་གཙོ་བོ་ཡིན། འདས་པའི་ལོ་གཅིག་གི་ནང་། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ཁོངས་གཏོགས་ཀྱིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་ནན་མོ་བྱས་ཏེ། གཟབ་ནན་དང་ཏན་ཏིག ཞིབ་ཕྲ་སྒོས་འགན་འཁྲི་དང་ལེན་བྱས་པ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བདེ་འཇགས། མི་དམངས་བདེ་འཇགས་ནུས་ལྡན་སྒོས་སྲུང་སྐྱོབ་བྱས་ནས། ཞིང་ཆེན་ཡོངས་ཀྱི་བཅོས་སྒྱུར་འཕེལ་རྒྱས་དང་བརྟན་འཇགས་ཐད་ལ་བྱས་རྗེས་ཆེན་པོ་བཞག ལོ་གསར་པའི་ནང་། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲིད་ཁྲིམས་བྱ་བའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་ལག་བསྟར་ནན་མོ་བྱེད་པ་དང་། ཏང་ཀྲུང་དབྱང་གི་དུས་རབས་གསར་པའི་སྤྱི་བདེ་བྱ་བར་ཤུགས་སྣོན་པའི་སྐོར་གྱི་རེ་བ་དང་ཀྲུང་དབྱང་སྲིད་ཁྲིམས་བྱ་བའི་གྲོས་ཚོགས་དང་རྒྱལ་ཡོངས་སྤྱི་བདེ་ཐིན་ཀྲུང་དང་ཅུའུ་ཀྲང་གྲོས་ཚོགས་ཀྱི་དགོངས་དོན་དངོས་འབེབས་གང་ལེགས་བྱས་ཏེ། ཏང་ལ་བློ་དཀར་ཞིང་མི་དམངས་ལ་ཞབས་འདེགས་ཞུ་བ་དང་། ཁྲིམས་སྐྱོང་དྲག་གཞག སྒྲིག་ལམ་གཟབ་ནན་གྱི་སྤྱིའི་རེ་བ་དང་གཤིབ་བསྡུར་བྱེད་པ་དང་། སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་གཏིང་ཟབ་ཏུ་སྤེལ་བའི་དག་ཐེར་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་བློ་ཐག་རྦད་ཆོད་སྒོས་མཐའ་གཅིག་ཏུ་བློ་དཀར་བ་དང་མཐའ་གཅིག་ཏུ་རྣམ་དག་ཡིན་པ། མཐའ་གཅིག་ཏུ་ཡིད་རྟོན་རུང་བའི་ཉེན་རྟོག་པའི་སྤྱོད་བཟང་ངོམ་དགོས་ལ། མི་དམངས་སྤྱི་བདེ་ཡིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་འབེན་ལག་ལེན་བཟང་བོ་བྱེད་པ་དང་། འདྲ་མཉམ་དྲག་གཞག་གི་ཁྲིམས་སྐྱོང་དད་མོས་བརྩི་སྲུང་ནན་མོ་བྱེད་དགོས་པར་མ་ཟད། ཁྱོན་ཡོངས་ནས་ཉེན་རྟོག་བྱ་བར་བཅོས་སྐྱོང་ནན་མོ་བྱེད་པའི་རེ་བ་སྣ་ཚོགས་དངོས་འབེབས་བཟང་བོ་བྱེད་པ་དང་། ད་ལོའི་སྤྱི་བདེ་བྱ་བའི་བརྗོད་སྙིང་དང་གཙོ་སྙིང་གསལ་བོར་ཤེས་པར་བྱས་ནས། འགོ་ཁྲིད་ཚན་ཁག་སྟོབས་ལྡན་དུ་གཏོང་བ་དང་བྱང་ཚད་མཐོ་བའི་དཔུང་སྡེ་འཛུགས་སྐྲུན་བྱེད་དགོས་ལ། ཉེན་རྟོག་པའི་སྒྲིག་ལམ་དམ་ཞིང་དར་སྲོལ་བཟང་བ་དང་ཉེན་རྟོག་པར་གཅེས་པའི་བྱེད་ཐབས་འཐུས་ཚང་དུ་བཏང་ནས། དུས་རབས་གསར་བའི་མཚོ་སྔོན་སྤྱི་བདེ་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ནས་གྲུབ་འབྲས་གསར་བ་ཐོབ་པར་འབད་བརྩོན་བྱེད་དགོས།

གྲོས་ཚོགས་ནས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།

                                                                                                                   བཀྲ་ཤིས་འབུམ་གྱིས་བསྒྱུར།