སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉི་ཤུ་པ་ཟླ་གསུམ་པའི་ཚེས་གཅིག་ཉིན་གྱི་སྔ་དྲོར་པེ་ཅིང་ནས་ཚོགས་འགོ་བརྩམས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གྲོས་ཚོགས་ལ་ཞུགས།
ཚོགས་ཐོག་ནས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བ་བསྡུ་བའི་གཏན་ཁེལ་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་སྐོར་གྱི་འཆར་ཟིན་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་བའི་ཚུན་གྱི་གྲོས་འདོན་བྱ་བའི་གནས་ཚུལ་གྱི་སྙན་ཞུ་འཆར་ཟིན་གྱི་མ་ཟིན་འགོད་པའི་གནས་ཚུལ་སྐོར་གྱི་གསལ་བཤད། འབྲེལ་ཡོད་མི་དོན་བྱ་བའི་གསལ་བཤད་བཅས་ལ་ཉན། ཚོགས་ཐོག་ནས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོའི2021ལོའི་བྱ་བའི་གནས་ཚུལ་གྱི་སྙན་ཞུ་སོགས་ལ་ཉན།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆིན་ལིས་ཀྱིས་གྲོས་ཚོགས་ལ་མགོ་འཛིན་བྱས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་དྲུང་ཡིག་ཆེན་མོ་ལིས་པེན་སོགས་ཀྱིས་སོ་སོར་འབྲེལ་ཡོད་གྲོས་དོན་ཐད་ནས་གསལ་བཤད་བྱས།
ཐེངས་འདིའི་གྲོས་ཚོགས་ཀྱིས་ཡུལ་དངོས་གྲོས་ཚོགས་དང་བརྙན་རིས་གྲོས་ཚོགས་གཉིས་ཟུང་འབྲེལ་བྱེད་པའི་རྣམ་པ་སྤྱད་དེ་བསྡུས་པ་དང་། རྒྱལ་ཡོངས་སྲིད་གྲོས་ལས་ཁུངས་སུ་ཚོགས་ར་གཙོ་བོ་བཙུགས་ཡོད་པ་དང་། ཧྲིན་ཀྲིན་དུ་ཡན་ལག་བཙུགས་ཡོད།
རིན་ཆེན་མཚོས་བསྒྱུར།