ཟླ་བཞི་པའི་ཚེས་ཉེར་གཉིས་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཞིན་ཁྲང་ཞིང་གིས་མགོ་འཛིན་བྱས་ནས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ཏེ། ཉེ་དུས་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན། ཀྲུང་དབྱང་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། དུས་ཚིགས་དང་པོའི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་གནས་བབ་ལ་ཞིབ་འཇུག་དབྱེ་ཞིབ་བྱས་ལ། དུས་རིམ་རྗེས་མའི་དཔལ་འབྱོར་བྱ་བ་བཀོད་སྒྲིག་བྱས་པ་མ་ཟད། འབྲེལ་ཡོད་བྱ་བར་གྲོས་ཞིབ་བྱས།
ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་བཅོས་སྒྱུར་ཁྱོན་ཡོངས་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་ལྔ་པའི་སྟེང་གི་གསུང་བཤད་གལ་ཆེན་གྱིས། ཏང་དང་རྒྱལ་ཁབ་ལས་དོན་གྱི་སྤྱི་ཡོངས་ཀྱི་མཐོ་ཚད་དུ་འགྲེང་ནས། འབྲེལ་ཡོད་ཁྱབ་ཁོངས་ཀྱི་བཅོས་བསྒྱུར་ཐད་ནས་བཀོད་སྒྲིག་ཞིབ་མོ་བྱས་པ་དང་རེ་བ་གསལ་བོ་བཏོན་ལ། ཆབ་སྲིད་རང་བཞིན་དང་འཐབ་ཇུས་རང་བཞིན། ཁ་གཏད་རང་བཞིན་ཆེན་པོ་ལྡན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཚད་གཞིར་འཛིན་པ་དང་། སྔོན་དུ་འཆར་འགོད་བྱེད་པ་དང་ལས་འགན་གཏན་ཁེལ་གསལ་བོ་བྱེད་པ། མྱུར་དུ་འགུལ་སྐྱོད་བྱེད་པ། གཞི་གྲངས་སྲིད་གཞུང་འཛུགས་སྐྲུན་སྟེང་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ། ནོར་སྲིད་སྒྲིག་གཞི་བཅོས་བསྒྱུར་སྟེང་རྒྱལ་ཁབ་ཀྱི་སྔར་ལས་ཆེ་བའི་རྒྱབ་སྐྱོར་བརྩོན་ལེན་བྱེད་པ། རང་བྱུང་ཐོན་ཁུངས་རྒྱུ་ནོར་ལས་བྲལ་རྩིས་བཤེར་སྟེང་དམིགས་ཚད་བཀག་སྡོམ་ཇེ་དྲག་ཏུ་གཏོང་བ། གསར་གཏོད་མ་ལག་འཛུགས་སྐྲུན་ཐད་རྒྱབ་སྐྱོར་བྱེད་པའི་སྟེང་དངུལ་རྩའི་སྟོབས་ཤུགས་བཀོལ་སྤྱོད་བྱེད་པ། ཚན་རྩལ་སྐུལ་སློང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བའི་སྟེང་སྲིད་ཇུས་ཀྱི་ཕན་ནུས་ཇེ་ཆེར་བཏང་སྟེ། ཏང་ཀྲུང་དབྱང་གི་བཅོས་བསྒྱུར་བཀོད་སྒྲིག་གལ་ཆེན་མཚོ་སྔོན་ནས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧེ་ནན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་བསམ་བློའི་གཏིང་ཟབ་ཅིང་ནང་དོན་ཕུན་སུམ་ཚོགས་པ་དང་། དེ་ནི་ཧེ་ནན་གྱི་བྱ་བའི་ཐད་བཏོན་པའི་བླང་བྱ་གལ་ཆེན་ཡིན་ལ། མཚོ་སྔོན་གྱི་བྱ་བ་བཟང་བོར་བསྒྲུབ་པའི་ཚན་རིག་གི་སྣེ་ཁྲིད་དང་ལག་ལེན་གྱི་ཕྱོགས་སྟོན་ཡང་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་ཟུང་འབྲེལ་བྱེད་པ་དང་། དགོངས་དོན་གྱི་ངོ་བོ་དང་གོ་དོན་གཙོ་བོ། ལག་ལེན་རེ་བར་རྒྱུས་ལོན་བྱེད་པ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པ་དང་། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་སྤེལ་གཉིས་ཕན་ཡོད་སྦྲེལ་མཐུད་བྱེད་པ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་རྒྱུན་སྲོལ་ཅན་དང་ཡུན་ཕན་ཅན་དུ་བསྒྱུར་བ། རིམས་ནད་འགོག་སྡོམ་འགོག་རྒོལ་གཡུལ་འགྱེད་ཀྱི་རྒྱལ་ཁ་ལེན་པ་སོགས་ཀྱི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་ནས། སློབ་སྦྱོང་གི་གྲུབ་འབྲས་དེ་བྱ་བ་བཟང་བོར་བསྒྲུབ་པའི་སྒུལ་ཤུགས་ཆེན་པོ་རུ་བསྒྱུར་དགོས།
ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཝུན་ཁྲང་འཇིག་རྟེན་འཕུར་གྲུ་འཕེན་རར་གཟིགས་ཞིབ་མཛད་སྐབས་གནང་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་ནི། འཇིག་རྟེན་འཕུར་སྐྱོད་བྱ་བ་སྒྲུབ་མཁན་ལ་ཐུགས་ཁུར་གནང་བ་དང་འཇིག་རྟེན་འཕུར་སྐྱོད་ལས་དོན་གྱི་གྲུབ་འབྲས་ལ་ཁས་ལེན་སྐུལ་སློང་གནང་བ། སྤུས་ལེགས་འཕེན་ར་འཛུགས་སྐྲུན་བྱེད་པའི་ཐད་འཐབ་ཇུས་འཆར་འགོད་བྱེད་པ། འཇིག་རྟེན་འཕུར་སྐྱོད་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་ཐད་ཀྱི་མཛུབ་སྟོན་གནང་པ་ཡིན་པས། ང་ཚོས་མདེག་གཉིས་སྐར་གཅིག་དགོངས་དོན་ནང་དུ་འདུ་བའི་ཀྲུང་གོ་གུང་ཁྲན་ཏང་མིའི་དགོངས་དོན་མ་ལག་རྒྱུན་འཛིན་དར་སྤེལ་གཏོང་བ་དང་། མདེལ་གཉིས་སྐར་གཅིག་གི་ཕུགས་འདུན་ཡིད་རྟོན་སློབ་གསོ་སློབ་གླིང་འཛུགས་སྐྲུན་བྱེད་པ་དང་བཀོལ་སྤྱོད་བཟང་བོ་བྱེད་པ། མདེལ་གཉིས་སྐར་གཅིག་དགོངས་དོན་གྱི་གོ་དོན་ཕུན་སུམ་ཚོགས་པ་དང་དུས་རབས་ཀྱི་རིན་ཐང་སྔོག་འདོན་བྱེད་པ། རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་དགོངས་དོན་ཁྲག་རྒྱུན་རྒྱུན་མཐུད་བྱེད་པར་སྣེ་ཁྲིད་བྱས་ནས། མདེལ་གཉིས་སྐར་གཅིག་གི་དགོངས་དོན་ཐད་ནས་དུས་རབས་ཀྱི་གཟི་མདངས་མངོན་པར་བྱེད་དགོས།
གྲོས་ཚོགས་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པོ་ཨོ་ཨེ་ཤ་ཡའི་གླེང་སྟེགས་ཀྱི༢༠༢༢ལོའི་ལོ་ཚོགས་འགོ་རྩོམ་པའི་མཛད་སྒོ་སྟེང་གི་འཆད་ཁྲིད་དགོངས་དོན་སློབ་སྦྱོང་དང་རྒྱུས་ལོན་བྱེད་པ་དང་། འཛམ་གླིང་སེམས་ལ་འཆང་བ་དང་རྒྱལ་ཡོངས་ལ་ལྟ་བ། མཚོ་སྔོན་ལ་རྐང་འཛུགས་པ། བློ་བརྟན་འགྱུར་མེད་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་བཅོས་བསྒྱུར་སྒོ་འབྱེད་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་མཚོ་སྔོན་གྱི་བྱ་བ་བཟང་བོར་བསྒྲུབ་ནས། མཐོ་ས་དང་གནས་བཞི་འཛུགས་སྐྲུན་བྱེད་པའི་རང་རྟོགས་འགུལ་སྐྱོད་ཀྱིས་འཕེལ་རྒྱས་ཀྱི་ཆགས་སྟངས་གསར་བའི་ཁྲོད་འདྲེས་པར་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕན་འབྲས་དངོས་ལ་བརྟེན་ནས་རྒྱལ་ཁབ་སྤྱི་ཁོག་གི་ཕྱི་འབྲེལ་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་གྲུབ་འབྲས་བཟང་བོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས།
གྲོས་ཚོགས་ནས། དུས་ཚིགས་དང་པོར། ཞིང་ཆེན་གོང་འོག་ཡོས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་པ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་དོན་འཁྱོལ་བྱེད་པ། ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་དང་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་གྱིས་གཏན་ཁེལ་བྱས་པའི་དམིགས་འབེན་གཙིགས་སུ་བཟུང་ལ། གཏན་འཇགས་ཁྲོད་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ཁྱོན་ཡོངས་ནས་ལག་བསྟར་ཡང་དག་དང་ཆ་ཚང་ཤིང་། ཚད་ཆེས་ཆེ་བའི་སྒོ་ནས་རིམས་ནད་ཀྱིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ཐེབས་པའི་གནོད་པ་ཇེ་ཆུང་དུ་བཏང་བ་དང་། སྦས་ཤུགས་སྔོག་འདོན་དང་དངུལ་གཏོང་དམ་འཛིན། ལས་གཞི་ལག་བསྟར་བྱེད་པ་བརྒྱུད་དེ། གནོན་ཁུར་མདུན་སྐྱོད་བྱེད་པ་དང་སྤྱི་ཁོག་ནས་བརྟན་བརླིང་ཡིན་པ། སྔོན་དཔག་དང་མཐུན་པ། གཏན་འཇགས་དྲུག་དང་འགན་སྲུང་དྲུག་གི་རེ་བ་དང་མཐུན་པའི་རྒྱུགས་ལན་ཞིག་སྤྲད་པ་དང་། འགོ་བཟང་བོ་རྩོམ་པ་མངོན་འགྱུར་བྱས་ཞེས་བསྟན། གྲོས་ཚོགས་ནས་ནན་གྱིས་བསྟན་དོན། གཞི་གྲངས་འཕར་འགྲིབ་ཀྱི་རྣམ་པ་དང་ཚོང་རའི་འགྱུར་ལྡོག་གི་རྣམ་འགྱུར་ལ་བལྟ་བ་དང་། མང་ཚོགས་ཀྱི་ཁེ་ཕན་གསལ་བོར་འདྲི་བ། ཡུན་རིང་འཕེལ་རྒྱས་ཀྱི་གནས་བབ་ལ་ལྟ་ཞིབ་བྱས་ཏེ། དཔལ་འབྱོར་འཁོར་རྒྱུག་གི་ནང་ཁོག་གི་ཁྱད་ཆོས་ཁོང་དུ་ཆུད་པར་བྱེད་དགོས། རིམས་ནད་འགོག་སྡོམ་དམ་འཛིན་བྱེད་པ་དང་། འགུལ་རྣམ་གཙང་སེལ་གྱི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ། རྒྱུན་རྣམ་ཅན་གྱི་འགོག་སྡོམ་དང་ཆ་ཤས་འཕྲལ་བསྟུན་ཐག་གཅོད་གཉིས་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱེད་པ། རིམས་ནད་ཀྱི་རྒྱུགས་ལེན་ཆེན་པོ་ཁྲོད་དཔལ་འབྱོར་བྱ་བ་བཟང་བོར་བསྒྲུབ་པའི་ནུས་པ་མཐོར་འདེགས་བཏང་སྟེ། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བ་གཉིས་ཐད་ཀྱི་རྒྱལ་ཁ་བརྩོན་ལེན་བྱེད་དགོས། ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ལེགས་བསྒྱུར་བྱེད་པ་དང་། ཁེ་ལས་འཕེལ་རྒྱས་སུ་གཏོང་བའི་ཐད་ཞབས་འདེགས་ཞུ་བ། འབྲེལ་ཡོད་སྲིད་ཇུས་ལག་བསྟར་བྱེད་པ། ཚོང་རའི་གཙོ་གཞི་ལ་དྲོད་ཁོལ་སྦྱིན་པ། འཕེལ་རྒྱས་ཀྱི་སྔོན་དཔག་གཏན་འཇགས་སུ་བཏང་ནས། སྲིད་ཇུས་ཀྱི་ཁེ་སྤོགས་དེ་མྱུར་དུ་འཕེལ་རྒྱས་ཀྱི་ཁེ་སྤོགས་སུ་བསྒྱུར་དགོས། ལས་གཞི་ཐད་ཀྱི་དངུལ་གཏོང་ཚད་ཇེ་མགྱོགས་སུ་གཏོང་བ་དང་། རྒྱལ་ཁབ་ཀྱིས་འོས་འཚམ་སྒོས་སྔོན་དུ་རྨང་གཞི་སྒྲིག་ཆས་ཐད་དངུལ་གཏོང་བྱེད་པའི་གོ་སྐབས་དམ་འཛིན་བྱེད་པ། ཟི་ལིང་དང་ཁྲིན་ཏུའུ་བར་གྱི་ལྕགས་ལམ་སོགས་ལས་གཞི་འཛུགས་སྐྲུན་བཟང་བོ་བྱེད་པ། མ་དངུལ་བཀོལ་སྤྲོད་དང་འགྲོ་གྲོན་བྱེད་ཚད་ཇེ་མགྱོགས་སུ་བཏང་སྟེ། མྱུར་དུ་དངོས་པོའི་ཚད་གྲུབ་པར་བྱེད་དགོས། དངོས་ཟོག་སྐྱེལ་འདྲེན་མཁོ་འདོན་འགན་སྲུང་དམ་འཛིན་བྱེད་པ་དང་། དངོས་ཟོག་སྐྱེལ་འདྲེན་ཤར་བགྲོད་ལ་འགན་སྲུང་བྱས་ནས་ཐོན་ལས་མུ་ཐག་དང་མཁོ་འདོན་མུ་ཐག་གཏན་འཇགས་སུ་གཏོང་བར་སྐུལ་འདེད་གཏོང་བར་དམིགས་ནས། བྱ་བའི་རྐྱེན་སྲོལ་འཛུགས་པ་དང་། ཚོང་རའི་ནུས་པ་འདོན་སྤེལ་བྱེད་པ། འཕར་རྩ་ཆེ་བ་འབྲེལ་མཐུད་དང་འཁོར་རྒྱུག་ཆུང་བ་ཤར་བགྲོད་བྱས་ནས། རྒྱལ་ཡོངས་ཀྱི་གཅིག་གྱུར་ཚོང་ར་ཆེན་པོ་ཁྲོད་འདྲེས་པར་བྱེད་དགོས། བདེ་འཇགས་གཏན་འཇགས་ཀྱི་ཚད་མཐའ་བརྟན་སྲུང་བྱེད་པ་དང་། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱེད་པ། ནམ་ཡང་སེམས་ཁུར་བྱེད་པའི་འགན་འཁྲི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་མ་ལག་འཐུས་ཚང་དུ་གཏོང་བ། བདེ་འཇགས་ཐོན་སྐྱེད་ཀྱི་ཞིབ་བཤེར་ཆེན་པོ་བཀོད་སྒྲིག་བཟང་བོ་བྱས་ཏེ། སྤུས་ཚད་མཐོ་བའི་བདེ་འཇགས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་སྲུང་བྱེད་དགོས།
གྲོས་ཚོགས་ནས༢༠༢༡ལོའི་ཁྲིམས་ལྟར་ཁྱོན་ཡོངས་ནས་ཞིང་ཆེན་བཅོས་སྐྱོང་བྱེད་པའི་བྱ་བར་ཁས་ལེན་གང་ལེགས་བྱས། ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་ཞིང་ཆེན་ཏང་གི་འཐུས་མིའི་གྲོས་ཚོགས་ཐེངས་བཅུ་བཞི་པ་རྒྱལ་ཁའི་ངང་བསྡུ་བར་ཁྲིམས་སྐྱོང་ཁོར་ཡུག་བཟང་བོ་བསྐྲུན་པའི་བརྗོད་དོན་ལ་དམ་དུ་དམིགས་ནས། ཁྱོན་ཡོངས་ནས་ཁྲིམས་ལྟར་ཞིང་ཆེན་བཅོས་སྐྱོང་བྱེད་པའི་བྱ་བ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་སྤྱིའི་དམིགས་འབེན་གྱི་ཚན་རིག་གི་གོ་དོན་དང་ལག་ལེན་རེ་བ་ཁོང་དུ་ཆུད་པར་བྱེད་པ། རྒྱུན་རྣམ་ཅན་གྱི་སློབ་སྦྱོང་དྲིལ་སྒྲོག་དང་ལག་བསྟར་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པར་རྒྱུས་ལོན་ཟབ་མོ་བྱེད་དགོས། ཏང་གི་ཁྲིམས་སྐྱོང་འཛུགས་སྐྲུན་ཐད་ཀྱི་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་མཐུད་ངང་འཐུས་ཚང་དུ་གཏོང་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་མ་ལག་འཛུགས་སྐྲུན་བྱེད་པ། ལས་འགན་གཙོ་བོ་སྣ་ཚོགས་ལག་བསྟར་བྱེད་པ་དང་གྲུབ་འབྲས་ལེན་པའི་ཐད་ཤུགས་འདོན་པ། ཁག་ཁུར་དངོས་གཉེར་བྱེད་པའི་ཁྲོད་ཁྲིམས་སྐྱོང་གི་རྨང་གཞི་བརྟན་པོ་འདིངས་པ་དང་ཁྲིམས་སྐྱོང་གི་ནུས་པ་ལག་བསྟར་བྱེད་པ། ཁྲིམས་སྐྱོང་གི་ནུས་ཤུགས་གཅིག་ཏུ་བསྡུས་ནས། ཁྲིམས་སྐྱོང་གིས་གཞི་རྩ་ཇེ་བརྟན་དུ་གཏོང་བ་དང་སྔོན་དཔག་གཏན་འཇགས་སུ་གཏོང་བ། ཡུན་རིང་ལ་ཕན་འདོགས་པའི་ནུས་པ་སྔར་ལས་འདོན་སྤེལ་བཟང་བོ་བྱེད་དགོས།
ཚོགས་ཐོག་ནས༢༠༢༡ལོའི་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་སྤེལ་གཉིས་ཕན་ཡོད་སྦྲེལ་མཐུད་བྱེད་པའི་ཞིབ་དཔྱད་དཔྱད་འཇོག་གི་འབྲེལ་ཡོད་གནས་ཚུལ་ལ་ཉན་པ་དང་། བྱ་བ་གཞན་པར་ཞིབ་འཇུག་བྱས།