ཟླ་བཞི་བའི་ཚེས་ཉེར་དྲུག་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཞིན་ཁྲང་ཞིང་དང་ཧྲིན་ཀྲང་ཚབ་མ་ཝུའུ་ཞོ་ཅུན་གཉིས་ཀྱིས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དུ་རྟོག་ཞིབ་དང་བཞུགས་མོལ་བྱེད་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུས་ཧྲུའུ་ལ་ཐུགས་ཁུར་གནང་བ་དེ་རྒྱུན་མཐུད་སྒོས་དྲིན་འཇལ་འབད་འཐབ་ཀྱི་ཆབ་སྲིད་རང་རྟོགས་དང་བསམ་བློའི་རང་རྟོགས། འགུལ་སྐྱོད་རང་རྟོགས་སུ་སྒྱུར་བ་དང་། གཏན་འཁེལ་གཉིས་ཀྱི་ཆོད་དོན་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་དགོས་ལ། བློ་ཐག་རྦད་ཆོད་སྒོས་སྲུང་སྐྱོབ་གཉིས་ལེགས་པོར་བསྒྲུབ་པ་དང་ཤུགས་ཆེན་པོས་ཡུས་ཧྲུའུ་ཡི་ཡོམ་འགོག་རྒུད་གནོད་སེལ་གྱི་སྙིང་སྟོབས་དར་སྤེལ་བྱེད་པ་དང་། དྲིན་འཇལ་འབད་འཐབ་ལ་བརྟེན་ནས་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་དགོས།
ཞིན་ཁྲང་ཞིང་དང་ཝུའུ་ཞོ་ཅུན་གཉིས་ཀ་ཡུས་ཧྲུའུ་ཁུལ་སྐྱེ་ཁམས་ཁོར་ཡུག་སློབ་གསོའི་རྟེན་གཞི་ལ་སོང་སྟེ་རྒྱང་བསྟེན་བརྙན་རིས་ལྟ་ཞིབ་ཚད་ལེན་མ་ལག་ལ་བརྟེན་ནས་རོང་པོ་བརླན་ས་དང་དཔལ་ཐང་ཆུ་བོ། སྨུག་སའི་སོག་ལམ་སོགས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་བརྙན་རིས་ལ་བལྟས་པར་མ་ཟད། རྣམ་སྲས་གྲོང་རོང་དང་མཁར་གྲོང་རོང་གི་གཞི་རིམ་ལས་བྱེད་པ་དང་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་མཁན་ལ་བརྙན་རིས་ཀྱི་ལམ་ནས་ཁོ་ཚོས་དཀའ་སྤྱད་འབད་འཐབ་སྒོས་སྲུང་སྐྱོབ་བྱས་པར་བཀའ་དྲིན་ཆེ་ཞུས་པ་དང་། ཁོ་ཚོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་ཡིད་ལ་དམ་པོར་བཅངས་དགོས་པའི་སྐུལ་མ་བཏང་བར་མ་ཟད། འགོ་ཁུངས་ཀྱི་འགན་འཁྲི་དང་ལེན་བྱེད་པ་དང་སྐྱེ་ཁམས་སྲུང་སྐྱོབ་ལ་ཤུགས་སྣོན་ཞིང་མང་ཚོགས་ཀྱི་ཡོང་སྒོ་འཕར་བར་སྣེ་ཁྲིད་བྱེད་པ་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་བསྣན་ནས། རྒྱལ་ཁབ་སྤྱི་གླིང་དེ་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་ལེན་བྱེད་པའི་སྒེའུ་ཁུང་གལ་ཆེན་ཞིག་ཏུ་འཛུགས་སྐྲུན་བྱེད་དགོས། ཡུས་ཧྲུའུ་གྲོང་ཁྱེར་རི་ཞིག་སྒལ་དབུལ་སྐྱོར་གནས་སྤོར་སྡེ་ཁུལ་དུ་ཞིན་ཁྲང་ཞིང་དང་ཝུའུ་ཞོ་ཅུན་གཉིས་ཀ་ཏང་ཡོན་དང་མང་ཚོགས་ཀྱི་ཞབས་ཞུའི་ལྟེ་གནས་དང་དམར་པོའི་གཞིས་ཀའི་དོ་དམ་ལྟེ་གནས་ལ་སོང་སྟེ་སྡེ་ཁུལ་ཏང་འཛུགས་བྱ་བ་དང་མང་ཚོགས་ཀྱི་ལས་ཞུགས་ཡོང་འཕར། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པར་མ་ཟད། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཏང་ཀྲི་པུའུ་དང་མཉམ་འབྲེལ་བྱེད་པའི་ཆབ་སྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་ལ། གནས་སྤོར་མང་ཚོགས་དང་མཐུན་སྒྲིལ་དམ་པོ་བྱས་ཏེ། ཁོ་ཚོ་བསམ་བློའི་འདུ་ཤེས་དང་འཚོ་བའི་རྣམ་པ་སོགས་ཀྱི་ཐད་ནས་སྔར་ལས་མགྱོགས་ཤིང་བཟང་བའི་སྒོ་ནས་གྲོང་ཁྱེར་སྡེ་ཁུལ་གྱི་འཚོ་བ་དང་མཉམ་བསྲེས་བྱེད་པར་རོགས་རམ་བྱེད་དགོས་ཞེས་བསྟན།
ཡུས་ཧྲུའུ་ཁུལ་གྱི་བྱ་བའི་ཡར་ཞུ་ལ་ཉན་རྗེས། ཞིན་ཁྲང་ཞིང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུས་ཧྲུའུ་ལ་ཐུགས་ཁུར་ཆེན་པོ་གནང་བ་དང་། ཡུས་ཧྲུའུ་ཡི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་འབད་འཐབ་མདུན་སྐྱོད་བྱེད་པ་དང་། སྟོབས་ཤུགས་ཡོད་རྒུ་བཏོན་ནས་ས་ཡོམ་གནོད་ཐེབས་རྗེས་ཀྱི་བསྐྱར་འཛུགས་དང་དབུལ་ཐར་མཁྲེགས་གཏོར། ཁངས་གནོད་སེལ་བ་སོགས་ཀྱི་བྱ་བ་བཟང་བོར་བསྒྲུབས་ནས་གྲུབ་འབྲས་ཆེན་པོ་ཐོབ་ཡོད། ཞིན་ཁྲང་ཞིང་གིས་བསྟན་དོན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོབ་བྱེད་པ་ནི་མཚོ་སྔོན་གྱིས་སྐྱེ་ཁམས་དཔལ་ཡོན་མཐོ་ས་གསར་སྐྲུན་བྱེད་པའི་བྱ་བ་གཙོ་བོ་ཞིག་ཡིན་པས། བློ་བརྟན་འགྱུར་མེད་སྒོས་ཀྲུང་ཧྭའི་ཆུ་མཛོད་ཀྱི་བདག་སྐྱོང་མཁན་བཟང་བོ་བྱེད་པ་དང་། ཆུའི་ཐོན་ཁུངས་སྲུང་སྐྱོབ་བྱེད་པ་དེ་ལས་འགན་དང་བོར་འཇོག་པ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྤྱི་གླིང་དངོས་སུ་བཙུགས་པ་འགོ་ཚུགས་ས་གསར་བ་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་གི་ནུས་པ་དང་རིན་ཐང་སྒྱུར་བར་འཚོལ་ཞིབ་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་སློབ་གསོ་ལ་ཤུགས་བསྣན་ནས་མཐོ་སྒང་གི་ལྗང་མདོག་སྐྱེ་ཁམས་སྲུང་སྐྱོབ་བཟང་བོ་བྱེད་དགོས། དམངས་ཚིས་ལེགས་བཅོས་བྱེད་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་དགོས་ལ། སློབ་གསོ་དང་སྨན་བཅོས། ལས་ཞུགས། སྤྱི་ཚོགས་འགན་སྲུང་སོགས་ཀྱི་བྱ་བ་བཟང་བོར་བསྒྲུབ་པར་གཅིག་གྱུར་སྒོས་འཆར་འགོད་བྱེད་པ་དང་། དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ་དེ་གྲོང་གསེབ་དར་སྤེལ་དང་ནུས་ལྡན་འབྲེལ་མཐུད་བྱེད་དགོས། ཏང་གི་འགོ་ཁྲིད་ལ་ཁྱོན་ཡོངས་ནས་ཤུགས་བསྣན་ཏེ། ཏང་གི་ཆབ་སྲིད་འཛུགས་སྐྲུན་གྱིས་གཅིག་གྱུར་བཀོད་འདོམས་བྱེད་པ་དང་། བསམ་བློ་སློབ་གསོའི་སྣེ་ཁྲིད་ནུས་པ་ཇེ་ཆེར་གཏོང་དགོས་ལ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་རྒྱུན་རྣམ་ཅན་དང་ཕན་ནུས་ཅན་ལ་སྐུལ་འདེད་གཏོང་བ་དང་། དྲིན་འཇལ་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་བར་མ་ཟད། ཏང་དང་མི་དམངས་ཀྱི་དགོས་མཁོ་འགན་འཁྲི་བྱས་ཏེ་རིམ་པ་སོ་སོའི་ཏང་རྩ་འཛུགས་ལ་སྔར་ལས་སྟོབས་ཤུགས་ལྡན་པར་བྱེད་པ་དང་། རིགས་སོ་སོའི་མང་ཚོགས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་པོ་བྱེད་དགོས།
ཝུའུ་ཞོ་ཅུན་གྱིས་གཏམ་བཤད་སྐབས་བསྟན་དོན། ཡུས་ཧྲུའུ་ཡི་སྐྱེ་ཁམས་གོ་གནས་གལ་ཆེ་བ་དང་འཕེལ་རྒྱས་ཀྱི་འགན་འཁྲི་ཧ་ཅང་ལྕི་ལ། གནོད་ཐེབས་རྗེས་ཀྱི་བསྐྱར་འཛུགས་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་ཐུགས་ཁུར་ཆེན་པོ་གནང་བཞིན་ཡོད་ལ། རྒྱལ་ཡོངས་མི་དམངས་ཀྱིས་སེམས་ཁུར་དང་རྒྱབ་སྐྱོར་གནང་བ་དེ་ལས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་མངོན་པར་བྱས་ཡོད། འགོ་ཚུགས་ས་གསར་བ་དང་སྐྱོད་ལམ་གསར་བའི་སྟེང་། སྐྱེ་ཁམས་དཔལ་ཡོན་མཐོ་ས་གསར་སྐྲུན་བྱེད་པར་ནུས་པ་ཆེན་པོ་འདོན་དགོས་པ་དང་། ཆུའི་ཐོན་ཁུངས་ཕུན་སུམ་ཚོགས་པའི་ས་ཁུལ་གསར་སྐྲུན་བྱེད་པར་དམིགས་ཏེ། ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ནན་ཏན་སྒོས་དངོས་འབེབས་བྱེད་པ་དང་། ཆུའི་སྐྱེ་ཁམས་སྲུང་སྐྱོབ་སླར་གསོའི་ལས་གཞི་དམ་འཛིན་བྱེད་དགོས་ལ། ཆུའི་ཐོན་ཁུངས་དང་ཆུ་བེད་བཟོ་སྐྲུན་མྱུར་དུ་ལག་བསྟར་བྱེད་པ་དང་། སྐྱེ་ཁམས་སླར་གསོ་དང་བཅོས་སྐྱོང་ལ་ཤུགས་བསྣན་ཏེ། རི་བཀག་ནགས་གསོ་དང་ཕྱུགས་སྐྱུར་རྩྭ་འདེབས། ས་ནག་ཐང་བཅོས་སྐྱོང་། བྱེ་མ་འགོག་པ་དང་བཅོས་སྐྱོང་བྱེད་པ་སོགས་ཀྱི་བཟོ་སྐྲུན་གཙོ་བོ་ལག་བསྟར་བྱེད་པ་དང་། སྐྱེ་དངོས་སྣ་མང་ཅན་སྲུང་སྐྱོབ་བྱེད་པར་ཤུགས་བསྣན་ནས། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་བྱེད་པར་སྐུལ་འདེད་གཏོང་དགོས།
བཀྲ་ཤིས་འབུམ་གྱིས་བསྒྱུར།