ཞིན་ཁྲང་ཞིང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་དབྱི་སི་ལན་ཆོས་ལུགས་ལས་རིགས་དང་གྲངས་ཉུང་མི་རིགས་ཀྱི་མང་ཚོགས་ཀྱི་འཐུས་མི་དང་བཞུགས་མོལ་བྱས།
2022.05.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 23

སྨྱུང་གྲོལ་དུས་ཆེན་ཐོན་ལ་ཉེ་བའི་སྐབས་ཏེ། ཟླ་ལྔ་པའི་ཚེས་གཅིག་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཞིན་ཁྲང་ཞིང་དང་ཧྲིན་ཀྲང་ཚབ་མ་ཝུའུ་ཞའོ་ཅུན་གཉིས་ཀྱིས་དབྱི་སི་ལན་ཆོས་ལུགས་ལས་རིགས་དང་གྲངས་ཉུང་མི་རིགས་ཀྱི་མང་ཚོགས་ཀྱི་འཐུས་མི་དང་བཞུགས་མོལ་བྱས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཞིང་ཆེན་ཡོངས་ཀྱི་ཧོས་རིགས་དང་ཟ་ལར་རིགས། ཏུང་ཞང་རིགས་སོགས་གྲངས་ཉུང་མི་རིགས་ཀྱི་སྤུན་ཟླར་དུས་ཆེན་གྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས།

བཞུགས་མོལ་ཚོགས་འདུའི་སྟེང་། དབྱི་སི་ལན་ཆོས་ལུགས་ལས་རིགས་ཀྱི་འཐུས་མི་མཱ་ཡའོ་ཞང་དང་ཧན་གྲོ་ཧོས། མ་ཝུན་ཀྲུང་། ཏུང་ཞང་རིགས་ཀྱི་མང་ཚོགས་ཀྱི་འཐུས་མི་མཱ་ཐེན་ཞོན་བཅས་ཀྱིས་སྔ་གཞུག་ཏུ་གཏམ་བཤད།

ཞིན་ཁྲང་ཞིང་གིས་ཚང་མའི་གཏམ་བཤད་ལ་ཞིབ་མོར་ཉན་རྗེས། དུས་ངེས་མེད་དུ་ཁོ་ཚོ་དང་བསམ་བློ་བརྗེ་རེས་བྱས། ཁོས་བསྟན་དོན། མཚོ་སྔོན་ནི་མི་རིགས་མང་ཞིང་ཆོས་ལུགས་མང་པོའི་ཞིང་ཆེན་ཞིག་ཡིན། དུས་ཡུན་རིང་བོར་ཞིང་ཆེན་ཡོངས་ཀྱི་དབྱི་སི་ལན་ཆོས་ལུགས་ལས་རིགས་དང་རྒྱ་ཆེའི་གྲངས་ཉུང་མི་རིགས་ཀྱི་མང་ཚོགས་ཀྱིས་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་བོ་རྒྱུན་འཛིན་བྱས་པ་དང་། མི་རིགས་སོ་སོ་དང་ཆོས་ལུགས་སོ་སོའི་བར་གྱི་མཐུན་སྒྲིལ་ལ་ཤུགས་བསྣན་ཞིང་དབུལ་ཐར་མཁྲེགས་གཏོར་ཁྲོད་དུ་སེམས་ཤུགས་གཅིག་སྒྲིལ་བྱས་པ་དང་རིམས་ནད་འགོག་སྡོམ་ཁྲོད་དུ་སོ་སྲུང་རོགས་རེས་བྱས་ནས། ཆོས་ལུགས་འཆམ་མཐུན་དང་སྤྱི་ཚོགས་མཐུན་སྦྱོར། མི་རིགས་མཉམ་གནས་བྱེད་པར་སྐུལ་འདེད་གཏོང་བ་དང་མཚོ་སྔོན་གྱི་བཅོས་སྒྱུར་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པར་བྱས་རྗེས་ཆེན་པོ་བཞག ལྷག་པར་དུ་ད་ལོའི་སྨྱུང་གྲོལ་དུས་ཆེན་དེ་རིམས་ནད་འགོག་སྡོམ་གྱི་དམིགས་བསལ་དུས་སྐབས་དང་འཕྲད་ཡོད་པས། རང་རྟོགས་སྒོས་རིམས་ནད་འགོག་སྡོམ་གྱི་རེ་བ་བརྩི་སྲུང་ནན་མོ་བྱས་ཏེ། རང་ས་གནས་སུ་བདེ་འཇགས་འཆམ་མཐུན་གྱི་དུས་ཆེན་ཞིག་རོལ་དགོས།

ཞིན་ཁྲང་ཞིང་གིས་བསྟན་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པ་རྒྱལ་ཁའི་ངང་བསྡུ་བར་བརྟན་བརླིང་དང་བདེ་ཐང་གི་དཔལ་འབྱོར་ཁོར་ཡུག་དང་སྤྱོད་གཙང་སྲོལ་བཟང་གི་ཆབ་སྲིད་ཁོར་ཡུག རྒྱལ་བདེ་དམངས་སྐྱིད་ཀྱི་སྤྱི་ཚོགས་ཁོར་ཡུག་གསར་སྐྲུན་བྱེད་པ་ནི་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོ་དང་ལས་རིགས་སོ་སོའི་ཐུན་མོང་གི་རེ་འདུན་དང་འགན་འཁྲི་ཡིན། ཏང་གཅེས་རྒྱལ་གཅེས་དང་སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་ཆེ་བའི་དར་ཆ་མཐོན་པོར་སྒྲེང་སྟེ། ཏང་དང་རྒྱལ་ཁབ་ལ་དགའ་ཞེན་ཆེ་བ་དང་སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་ཆེ་བའི་བརྩེ་སེམས་དེ་ཏང་ལ་དྲིན་འཇལ་བ་དང་ཏང་གི་གསུང་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲངས་པའི་དོན་དངོས་འགུལ་སྐྱོད་དུ་བསྒྱུར་བ་དང་། གཏན་འཁེལ་གཉིས་ཀྱི་ཐག་ཆོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་དགོས་ལ། རང་རྟོན་བཞི་ཇེ་བརྟན་དུ་བཏང་སྟེ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་པོ་བྱེད་དགོས། ཀྲུང་ཧྭ་མི་རིགས་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་མི་རིགས་བྱ་བའི་གྲོས་ཚོགས་སྟེང་བཏོན་པའི་ངེས་པར་བཅུ་གཉིས་ཀྱི་རེ་བ་གལ་ཆེན་ཡིད་ལ་དམ་པོར་བཅངས་དགོས་ལ། ཀྲུང་ཧྭ་མི་རིགས་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བར་ཕན་པའི་སྐད་ཆ་མང་པོ་བརྗོད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བར་ཕན་པའི་དོན་དག་མང་པོ་བསྒྲུབ་དགོས་པར་མ་ཟད། ཀྲུང་ཧྭ་མི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་གཙོ་སྙིང་དུ་བཟུང་སྟེ། རིགས་སོ་སོའི་མང་ཚོགས་ལ་དབང་བའི་བསམ་བློའི་གཞིས་ཁྱིམ་གསར་སྐྲུན་བྱེད་དགོས། དབྱི་སི་ལན་ཆོས་ལུགས་ཀྲུང་གོ་ཅན་དུ་སྒྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཆོས་ལུགས་བྱ་བའི་གྲོས་ཚོགས་སྟེང་བཏོན་པའི་ངེས་པར་དགུ་ཡི་རེ་བ་གལ་ཆེན་ཡིད་ལ་དམ་པོར་བཅངས་ཏེ། ཀྲུང་ཧྭའི་རིག་གནས་དང་ཀྲུང་གོའི་སྙིང་སྟོབས་ཀྱི་དུས་རབས་ཉིང་བཅུད་ལ་བརྟེན་ནས་ཆོས་དད་མང་ཚོགས་ལ་སྣེ་ཁྲིད་བྱེད་པ་དང་། རླབས་ཆེན་མེས་རྒྱལ་དང་ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ཁས་ལེན་བྱེད་ཚད་ཇེ་མཐོར་གཏོང་བ། ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣ་རྣམས་ཆབ་སྲིད་ཐད་ནས་བློ་གཏད་ཆོག་པ་དང་ཆོས་ལུགས་ཐད་ནས་ཤེས་རྒྱ་ཆེ་བ། གཤིས་སྤྱོད་ཐད་ནས་ཞབས་ཞུ་སྒྲུབ་ཐུབ་པ། གནད་འགག་དུས་སྐབས་སུ་ནུས་པ་འདོན་པའི་དཔེ་ལེགས་ཅན་བྱེད་དགོས།  ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པ་རྒྱལ་ཁའི་ངང་བསྡུ་བར་སེམས་ཤུགས་གཅིག་སྒྲིལ་བྱས་ཏེ། དབྱི་སི་ལན་ཆོས་ལུགས་ལས་རིགས་དང་གྲངས་ཉུང་མི་རིགས་མང་ཚོགས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་གཞི་ཆེན་པོའི་ནང་མཉམ་དུ་མཐུན་སྒྲིལ་འབད་འཐབ་བྱེད་པ་དང་མཉམ་དུ་དར་རྒྱས་གོང་འཕེལ་དུ་འགྲོ་བའི་གཏམ་རྒྱུད་ལེགས་པར་བརྗོད་པ་དང་། ཡང་དག་པའི་རྒྱལ་ཁབ་ལྟ་བ་དང་ལོ་རྒྱུས་ལྟ་བ། མི་རིགས་ལྟ་བ། རིག་གནས་ལྟ་བ། ཆོས་ལུགས་ལྟ་བ་བཅས་ཆགས་པར་བྱེད་པ། སྔར་ལས་ཤུགས་ཆེ་བའི་བཟོད་སྒོམ་རང་བཞིན་དང་གཅིག་སྡུད་སྟོབས་ཤུགས་ལ་བརྟེན་ནས་སྐྱོད་ལམ་གསར་བའི་སྟེང་མདུན་སྐྱོད་བྱེད་པ་དང་དུས་རབས་གསར་བར་བྱས་རྗེས་འཇོག་དགོས།

ཝུའུ་ཞའོ་ཅུན་གྱིས་བཞུགས་མོལ་བྱེད་སྐབས་བསྟན་དོན། དེང་སྐབས་ང་ཚོ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ལོ་རྒྱུས་སྐྱོད་ལམ་གསར་བར་ཞུགས་ཡོད་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་མཚོ་སྔོན་འཛུགས་སྐྲུན་བྱེད་རྒྱུ་དེ་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་མཐུན་སྒྲིལ་འབད་འཐབ་དང་འབྲལ་ཐབས་མེད། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་པོ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་རེ་བ་ལག་བསྟར་ནན་མོ་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་མཉམ་དུ་འཛུགས་སྐྲུན་བྱེད་པའི་སྐྱོད་ལམ་གསར་བའི་སྟེང་དུ་བྱས་རྗེས་ཆེན་པོ་འཇོག་དགོས། མཚོ་སྔོན་དེང་རབས་ཅན་འཛུགས་སྐྲུན་གྱི་སྐྱོད་ལམ་ཁྲོད་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པར་སེམས་ཤུགས་གཅིག་སྒྲིལ་བྱེད་དགོས་པ་དང་། ཏང་གི་སྟོབས་ལྡན་འགོ་ཁྲིད་འོག འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་པ་དང་། ཧུར་ཐག་སྒོས་འཕེལ་རྒྱས་ཀྱི་ཆགས་སྟངས་གསར་བར་མཉམ་བསྲེས་བྱེད་པ་དང་ཞབས་འདེགས་ཞུ་དགོས་ལ། མཉམ་དུ་ཕྱུག་སྒྱུར་གྱི་ལམ་ལ་སྐྱོད་པ་དང་མཛེས་པའི་མ་འོངས་པ་མཉམ་སྐྲུན་བྱེད་དགོས། མཚོ་སྔོན་དེང་རབས་ཅན་འཛུགས་སྐྲུན་གྱི་སྐྱོད་ལམ་ཁྲོད་དུ་རིགས་སོ་སོའི་མི་དམངས་ཀྱིས་སེམས་ཤུགས་གཅིག་སྒྲིལ་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། སྤྱི་ཚོགས་རིང་ལུགས་སྲོག་ཤིང་རིན་ཐང་ལྟ་བ་ལག་ལེན་མཐར་ཕྱིན་བྱེད་དགོས་ལ། རང་རྟོགས་སྒོས་སྤུན་ཟླའི་མི་རིགས་བར་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ་དང་། འབྲེལ་འདྲིས་དང་བརྗེ་རེས་མཉམ་བསྲེས་བྱེད་པར་སྐུལ་འདེད་གཏོང་བ། སོ་སྲུང་རོགས་རེས་དང་བློ་སེམས་གཅིག་མཐུན་བྱས་ནས། ཕུགས་འདུན་དང་འདུ་ཤེས། བརྩེ་བ། རིག་གནས་བཅས་ཀྱི་ཐད་ནས་མཐུན་སྒྲིལ་གཅིག་མཐུན་ཡོང་བར་སྐུལ་འདེད་གཏོང་དགོས། དེང་སྐབས་རིམས་ནད་འགོག་སྡོམ་གནས་བབ་སྔར་བཞིན་ཛ་དྲག་ཆེ་བས། སྟོབས་ཤུགས་ཡོད་རྒུ་བཏོན་ནས་ཏང་ཨུ་དང་སྲིད་གཞུང་གི་ལས་ཁུངས་དང་གཞོགས་འདེགས་བྱས་ཏེ་མཉམ་འགོག་མཉམ་སྲུང་བྱེད་པ་དང་། མི་སྣ་འདུ་ཚོགས་བྱེད་པ་གཏན་འགོག་བྱེད་པར་མ་ཟད། ཐོབ་དཀའ་བའི་རིམས་ནད་འགོག་སྡོམ་གྲུབ་འབྲས་ལ་གཅེས་སྐྱོང་དང་སྲ་བརྟན་དུ་བཏང་ནས། བདེ་འཇགས་འཆམ་མཐུན་དང་དུས་རབས་ཀྱི་དོན་སྙིང་ལྡན་པའི་སྨྱུང་གྲོལ་དུས་ཆེན་ཞིག་རོལ་དགོས།

ཡུས་ཚོང་ལི་བཞུགས་མོལ་ཚོགས་འདུར་ཞུགས། 

                                                                                                          བཀྲ་ཤིས་འབུམ་གྱིས་བསྒྱུར།