ཞིན་ཁྲང་ཞིང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་མགོ་ལོག་ཏུ་རྟོག་ཞིབ་བཞུགས་མོལ་བྱས།
2022.05.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

ཟླ་ལྔ་པའི་ཚེས་བཅུ་གཅིག་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཞིན་ཁྲང་ཞིང་དང་ཧྲིན་ཀྲང་ཚབ་མ་ཝུའུ་ཞའོ་ཅུན་གཉིས་ཀྱིས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ་རྟོག་ཞིབ་བཞུགས་མོལ་བྱེད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་རབ་དང་རིམ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པའི་འགན་འཁྲི་ཕྲག་ཏུ་བླངས་ནས། ཧུར་ཐག་གིས་སྐྱེ་ཁམས་དང་ཐོན་སྐྱེད་འཚོ་བ་མཉམ་རྒྱལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་དགོས།

ཞིན་ཁྲང་ཞིང་དང་ཝུའུ་ཞའོ་ཅུན་གཉིས་རྨ་ཆེན་རྫོང་རྟ་བོ་གྲོང་རྡལ་གྱི་རྩྭ་ས་རུ་སོང་ནས། བོད་ལུག་གསོ་སྤེལ་དང་ས་ནག་ཐང་བཅོས་སྐྱོང་། གཟན་རྩྭ་འདེབས་པ་སོགས་སྐྱེ་ཁམས་སྐྱེ་ལྡན་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བའི་གནས་ཚུལ་ལ་ཡུལ་དངོས་ནས་རྒྱུས་ལོན་བྱས་པ་དང་། སྡེ་བས་མཉམ་ལས་ཁང་བརྒྱུད་དེ་ཐོན་ཁུངས་མཉམ་བསྲེས་དང་ངལ་རྩོལ་པ་བཅིངས་འགྲོལ་བྱེད་པའི་བྱེད་ཐབས་ལ་ཁས་ལེན་གང་ལེགས་བྱས་ནས་བསྟན་དོན། ཧུར་ཐག་གིས་ཏང་འཛུགས་ཀྱིས་སྣེ་ཁྲིད་བྱེད་པ་དང་སྐྱེ་ཁམས་གཙོར་འཛིན་པ། འབྲོག་དམངས་ཟབ་ཞུགས་བྱེད་པ། ཁེ་ལས་ཀྱིས་ཚོང་གཉེར་བྱེད་པ། ཚན་རྩལ་འདྲེས་སྦྱོར་བྱེད་པ། ཚོང་རྟགས་སྐྱེད་སྲིང་བྱེད་པའི་སྐྱེ་ཁམས་སྐྱེ་ལྡན་ཕྱུགས་ལས་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་པ་དང་། རང་བྱུང་ཆོས་ཉིད་ལ་བརྩི་མཐོང་བྱེད་པ། རྩྭ་ཕྱུགས་དོ་མཉམ་པར་བྱེད་པ། འཁོར་རྒྱུག་བཟང་བོ་གྲུབ་པར་བྱས་ནས། ཕྱོགས་མང་པོ་ནས་ཤུགས་ཆེན་པོ་བཏོན་ཏེ་འགོ་ཁུངས་ནས་ས་ནག་ཐང་བཅོས་སྐྱོང་བྱེད་དགོས། མགོ་ལོག་ཁུལ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐྱེ་ལྡན་ཐོན་ལས་ར་བའི་ཁུལ་དུ། ཞིན་ཁྲང་ཞིང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་མཐོ་སྒང་གི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་ལ་ཉན་པ་དང་། ཁྱད་ལྡན་ཐོན་རྫས་འགྲེམ་སྟོན་ལ་བལྟས་ནས་ནན་གྱིས་བསྟན་དོན། འཕེལ་རྒྱས་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་ན། རྒྱུ་སྤུས་དང་ཚོང་རྟགས། ཕན་འབྲས་ཇེ་མཐོར་གཏོང་བའི་སྟེང་ཤུགས་འདོན་པ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་གྲོང་གསེབ་དར་སྤེལ། མི་རིགས་མཐུན་སྒྲིལ་ཡར་ཐོན་སོགས་ཀྱི་འདུ་ཤེས་ཁྲོད་འདྲེས་པར་བྱས་ཏེ། དག་གཙང་ཁུལ་དང་སྤྱི་གནོད་མེད་པ། འགོ་ཁུངས་རྩད་ཆོད་པ། ར་སྤྲོད་བྱེད་ཆོག་པའི་ལྗང་མདོག་སྐྱེ་ལྡན་མཐོ་རིམ་ཚོང་རྟགས་འཛུགས་སྐྲུན་བྱེད་དགོས། མགོ་ལོག་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དུ། ཞིན་ཁྲང་ཞིང་དང་ཝུའུ་ཞའོ་ཅུན་གཉིས་གྲངས་ཉུང་མི་རིགས་ས་ཁུལ་གྱི་རྨང་གཞིའི་སློབ་གསོ་དང་ཀུན་སྤྱོད་སྐད་ཡིག་གི་ཚད་ལྡན་ཅན་གྱི་སློབ་དེབ་ཚད་ལྡན་བཀོལ་སྤྱོད་སོགས་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་པ་དང་། བསམ་བློ་ཆབ་སྲིད་སློབ་ཁྲིད་ཀྱི་དགེ་རྒན་དང་མཛའ་བརྩེའི་གླེང་མོལ་བྱས་ནས་ནན་གྱིས་བསྟན་དོན། ཀུན་སྤྱོད་འཛུགས་པ་དང་མི་སྐྱོང་བ་རྒྱུན་འཁྱོངས་བྱེད་པ་དང་། བསམ་བློ་ཆབ་སྲིད་ཀྱི་གཞི་རྒྱུ་གཙོ་བོ་སློབ་ཁྲིད་རེ་རེའི་ཁྲོད་འདྲེས་པར་བྱས་ནས། བྱིས་པ་ཚོས་ཕུགས་འདུན་ཡིད་རྟོན་ཇེ་བརྟན་དུ་གཏོང་བར་རོགས་བྱེད་དགོས། ཞིན་ཁྲང་ཞིང་དང་ཝུའུ་ཞའོ་ཅུན་་གཉིས་ཀྱིས་ད་དུང་ཧྲང་ཧེའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་དགེ་རྒན་ལ་འཚམས་འདྲི་བྱས་པ་དང་། ཁོ་ཚོས་ཚོགས་སྒྲིག་རང་བཞིན་གྱི་རོགས་སྐྱོར་བརྒྱུད་དེ་ས་གནས་དེའི་དགེ་རྒན་དཔུང་སྡེའི་སྤྱིའི་ཆུ་ཚད་མཐོར་འདེགས་བཏང་སྟེ། ཕུལ་དུ་བྱུང་བའི་ཤེས་ལྡན་མི་སྣ་སྔར་ལས་མང་པོ་སྐྱེད་སྲིང་བྱེད་རྒྱུའི་སྐུལ་མ་བཏང་།

མགོ་ལོག་ཁུལ་གྱི་བྱ་བའི་སྙན་ཞུ་ལ་ཉན་རྗེས། ཞིན་ཁྲང་ཞིང་གིས་བསྟན་དོན། མགོ་ལོག་ནི་ཞིང་ཆེན་ཡོངས་ཀྱི་ཆེས་དཀའ་ཁག་ཆེ་བའི་ས་ཆ་དང་ས་བབ་མཐོ་བའི་ས་ཆ་ཡིན་ལ། བསམ་པའི་ཡུལ་ཁམས་ཀྱི་མཐོ་ས་དེ་ལས་ཀྱང་ཡིན་པས། ལས་བྱེད་པ་དང་མང་ཚོགས་ཚོའི་བསམ་པའི་རྣམ་པ་བཟང་བ་དང་། རྨ་སྟོད་ས་འགུལ་རྗེས་ཀྱི་བསྐྱར་འཛུགས་བདེ་བླག་ངང་སྤེལ་ལ། དཔལ་འབྱོར་སྤྱི་ཚོགས་ཐད་ནས་འཕེལ་རྒྱས་ཀྱི་གནས་བབ་བཟང་བོ་རྒྱུན་འཁྱོངས་བྱས་ཡོད། ཞིན་ཁྲང་ཞིང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིས་སྟོང་བཅུ་དྲུག་ལོར་རྨ་ཆུའི་འགོ་ཁུངས་ཀྱི་གཞི་རིམ་ལས་བྱེད་པ་དང་དོ་སྲུང་བར་བརྙན་རིས་བརྒྱུད་དེ་འབྲེལ་འདྲིས་བྱས་པ་དེ་ནི། མགོ་ལོག་གི་ལས་བྱེད་པ་དང་མང་ཚོགས་ལ་གནང་བའི་ཆེས་ཆེ་བའི་སྐུལ་སློང་ཡིན་པས། འགོ་ཁུངས་ཀྱི་འགན་འཁྲི་ཁག་ཁུར་རྒྱུན་འཁྱོངས་ལྷོད་མེད་བྱེད་པ་དང་། རྨ་ཆུའི་སྟོད་རྒྱུད་བཅོས་སྐྱོང་དང་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་པ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པའི་སྟེང་མིག་དཔེ་བྱེད་པ་དང་མདུན་གྲས་སུ་བསྐྱོད་པ། རང་བྱུང་ནགས་ཚལ་ཐོན་ཁུངས་སྲུང་སྐྱོབ་བྱེད་པ་དང་ལྟག་ཆུ་བསྐྱིལ་གསོག་ཁུལ་སྲུང་སྐྱོབ་བྱེད་པ། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པ། ཆུ་རྐ་བཅོས་སྐྱོང་བྱེད་པ། ཁུལ་ཁོངས་གཙོ་བོའི་སྐྱེ་ཁམས་སླར་གསོ་བྱེད་པ་སོགས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་བཟོ་སྐྲུན་ལག་བསྟར་བྱེད་པ། རི་ཆུ་ནགས་ཞིང་དང་མཚེའུ། རྩྭ་ས། བྱེ་དར་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་ལ་གཅིག་གྱུར་འཆར་འགོད་བྱས་ཏེ། བློ་སེམས་རྩེ་གཅིག་དང་སེམས་ཤུགས་གཅིག་སྒྲིལ་གྱིས་ཀྲུང་ཧྭའི་ཆུ་མཛོད་ལ་སྲུང་སྐྱོབ་བཟང་བོ་བྱེད་དགོས། དམངས་ཚིས་བདེ་སྐྱིད་ལེགས་སྒྱུར་བྱེད་པའི་ཐད་འབད་བརྩོན་ལྷོད་མེད་བྱེད་པ་དང་། མགོ་ལོག་གི་ནོར་ནག་དང་བོད་ལུག་སོགས་ཁྱད་ལྡན་ཟོང་རྟགས་ལ་རྐང་འཛུགས་པ། གསར་བརྗེ་རིག་གནས་དང་གེ་སར་རིག་གནས་སོགས་རིག་གནས་ཐོན་ཁུངས་དང་། ཨ་མྱེས་རྨ་ཆེན་དང་གཉན་པོ་གཡུ་རྩེ་སོགས་རང་བྱུང་མཛེས་ལྗོངས་ལ་རྒྱབ་བརྟེན་ནས། འོད་ཕྱུགས་གསོག་གསུམ་གྱི་ནུས་མང་ཁ་གསབ་ཕྱོགས་བསྡུས་གཞི་གཅིག་ཅན་གྱི་ལས་གཞི་མྱུར་དུ་འཛུགས་སྐྲུན་བྱེད་པ་དང་། རང་འགུལ་གྱིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་དང་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་འབེན་ས་ཆ། རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་མཐོ་ས་འཛུགས་སྐྲུན་བྱེད་པའི་ཁྲོད་འདྲེས་པར་བྱེད་པ། མང་ཚོགས་ཀྱི་སེམས་ཁྲལ་དང་རེ་སྒུག་བྱེད་པའི་བྱ་བ་ཐག་བཅད་དེ། རིགས་སོ་སོའི་མང་ཚོགས་ཀྱི་བདེ་སྐྱིད་ཀྱི་སྟོན་གྲངས་རྒྱུན་མ་ཆད་པར་མཐོར་འདེགས་གཏོང་དགོས།

འཆམ་མཐུན་གཏན་འཇགས་སྲུང་སྐྱོབ་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་པ་དང་། བདེ་འཇགས་གཏན་འཇགས་ནམ་ཡང་དམ་འཛིན་བྱེད་པ། སྤྱིའི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་བྱེད་པ། རིགས་མི་འདྲ་བའི་ཉེན་ཁ་སྣ་ཚོགས་མཐའ་གཅིག་ཏུ་བཀག་འགོག་དང་ཐག་གཅོད་བྱེད་པ། དུས་རབས་གསར་བའི་ཧྥིན་ཆའོ་ཉམས་མྱོང་རྒྱུན་འཁྱོངས་བྱེད་པ་དང་འཕེལ་རྒྱས་སུ་གཏོང་བ། པད་མའི་ཉམས་མྱོང་གི་རིམ་སྤོར་དཔེ་སྟོན་ལག་བསྟར་བྱེད་པ། ཚད་མཐའི་བསམ་བློས་ཆབ་སྲིད་བདེ་འཇགས་དང་སྤྱི་ཚོགས་གཏན་འཇགས། མི་དམངས་བདེ་འཇགས་ཀྱི་འགོག་སྲུང་དྲ་རྒྱ་བརྟན་པོ་འཛུགས་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོའི་རྒྱུན་རྣམ་ཅན་གྱི་རྐྱེན་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ།  ཆོས་ལུགས་བྱ་བའི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོར་འདེགས་བཏང་སྟེ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་མཉམ་དུ་འཛུགས་སྐྲུན་བྱེད་དགོས། ཏང་གི་འཛུགས་སྐྲུན་ཐད་འབད་བརྩོན་ལྷོད་མེད་བྱེད་པ་དང་། གོང་འོག་འབྲེལ་མཐུད་དང་ལག་བསྟར་བཟང་བོ་བྱེད་པའི་རྩ་འཛུགས་མ་ལག་འཐུས་ཚང་དུ་གཏོང་བར་ཤུགས་འདོན་པ། ཏང་འཛུགས་སྣེ་ཁྲིད་ཀྱི་མ་ལག་འཛུགས་སྐྲུན་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་བ། ཏང་འཛུགས་སྟོབས་ལྡན་དུ་གཏོང་བར་བརྟེན་ནས་གཏན་འཇགས་ཇེ་བརྟན་དུ་གཏོང་བ་དང་བདེ་འཇགས་སྲུང་སྐྱོབ་བྱེད་པ། མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ།  མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་དང་ཤེས་ལྡན་མི་སྣ། ཚོགས་སྒྲིག་རང་བཞིན་གྱི་རོགས་སྐྱོར་བཀོལ་སྤྱོད་བཟང་བོ་བྱེད་པ། ལས་བྱེད་པར་སེམས་ཁུར་གཟིགས་སྐྱོང་བྱེད་པ། ལས་བྱེད་པ་འདེམ་བསྐོ་དང་སྐྱེད་སྲིང་། དོ་དམ། བཀོལ་སྤྱོད་བྱེད་པའི་བྱ་བ་རྒྱུན་མ་ཆད་པར་ལེགས་སྒྱུར་བྱས་ནས། ཏང་གི་མི་རིགས་ས་ཁུལ་གྱི་སྲིད་འཛིན་རྨང་གཞི་ཇེ་བརྟན་དུ་གཏོང་དགོས།

ཝུའུ་ཞའོ་ཅུན་གྱིས་གཏམ་བཤད་སྐབས་བསྟན་དོན། མགོ་ལོག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱེད་པ་དང་། རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ཁྲོད་འདྲེས་པར་བྱེད་པའི་ཐད་ནས་འགན་གལ་ཆེན་ཁུར་ཡོད་པས། སྐྱེ་ཁམས་བདེ་འཇགས་ཀྱི་འགོག་ར་ཇེ་བརྟན་དུ་གཏོང་བའི་སྟེང་རྒྱུན་མཐུད་ངང་ཤུགས་འདོན་དགོས། རི་ཆུ་ནགས་ཞིང་དང་མཚེའུ། རྩྭ་ས། བྱེ་དར་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་རྒྱུན་འཁྱོངས་བྱེད་པ་དང་། ཆུའི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པར་ཤུགས་སྣོན་པ། རི་སྡོམ་ནགས་གསོ་དང་རྨོ་བསྐྱུར་རྩྭ་འདེབས། ས་ནག་ཐང་བཅོས་སྐྱོང་། བྱེ་འགོག་བྱེ་བཅོས་སོགས་བཟོ་སྐྲུན་གཙོ་བོ་ལག་བསྟར་བྱེད་པ། ཁོངས་ཡོངས་སུ་གད་སྙིགས་མེད་པའི་དཔེ་སྟོན་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་ནས། འགོ་ཁུངས་ཀྱི་སྲུང་སྐྱོབ་པ་བཟང་བོ་བྱེད་དགོས། མཐོ་སྒང་གི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་སྟེང་རྒྱུན་མཐུད་ངང་ཤུགས་འདོན་དགོས། ཐོན་ཁུངས་ཀྱི་དགེ་མཚན་ལ་རྐང་འཛུགས་པ་དང་། སྐྱེ་ཁམས་ཕྱུགས་ལས་དང་རིག་གནས་གནས་སྐོར། ཀྲུང་བོད་ལུགས་གསོ་རིག་སྨན་རྫས་སོགས་ཕྱོགས་ཀྱི་སྦས་ཤུགས་དགེ་མཚན་ལ་རྒྱབ་བརྟེན་པ། སྐྱེ་ཁམས་ཕྱུགས་ལས་རྟེན་གཞི་ཅནདང་གཞི་ཁྱོན་ཅན། ལེགས་བསྡུས་ཅན། ཚོང་རྟགས་ཅན། རིམ་མཐོ་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བ། དམར་པོའི་གསར་བརྗེ་དང་རྨ་ཆུའི་འགོ་ཁུངས། རྒྱལ་ཁབ་སྤྱི་གླིང་སྐྱེ་ཁམས་སོགས་སྤུས་ལེགས་གནས་སྐོར་ལམ་ཐིག་བསྐྲུན་པ། སྐྱེ་དངོས་ཐོན་རྫས་ཀྱི་ཟབ་ལེགས་ལས་སྣོན་ཆུ་ཚད་མཐོར་འདེགས་བཏང་སྟེ། ཐོན་ལས་སྨད་རྒྱུད་དུ་རྒྱུན་བསྲིང་བར་སྐུལ་འདེད་གཏོང་དགོས། དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་སྟེང་རྒྱུན་མཐུད་ངང་ཤུགས་འདོན་དགོས། ཕྱིར་དབུལ་བོར་འགྱུར་བར་བཀག་འགོག་བྱེད་པའི་རྒྱུན་རྣམ་ལྟ་ཞིབ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། དབུལ་ཐར་གྱི་གྲུབ་འབྲས་བརྟན་པོ་མིན་པའི་ཁྱིམ་ཚང་དང་དབུལ་བོར་འགྱུར་སླ་བའི་ཁྱིམ་ཚང་ལ་རྗེས་འདེད་རོགས་སྐྱོར་བྱེད་པ། ཐོན་ལས་དང་ལས་ཞུགས་དམ་འཛིན་བྱས་ནས། དབུལ་ཐར་མི་གྲངས་ཀྱི་ཡོང་སྒོ་རྒྱུན་མཐད་ངང་ཇེ་མང་དུ་གཏོང་བར་སྐུལ་འདེད་གཏོང་དགོས། གྲོང་གསེབ་དར་སྤེལ་དང་གྲོང་སྡེ་འཛུགས་སྐྲུན། གྲོང་གསེབ་བཅོས་སྐྱོང་གི་གཙོ་གནད་བྱ་བ་བརྟན་བརླིང་ངང་སྤེལ་ནས། ཁྱོན་ཡོངས་ནས་གྲོང་གསེབ་དར་སྤེལ་གཏོང་དགོས། དམངས་ཚིས་ལེགས་སྒྱུར་དང་འགན་སྲུང་བྱེད་པའི་སྟེང་རྒྱུན་མཐུད་ངང་ཤུགས་འདོན་དགོས། དམངས་ཚིས་ལེགས་སྒྱུར་དང་འགན་སྲུང་བྱེད་རྒྱུ་དེ་བྱ་བ་ཡོད་ཚད་ཀྱི་འགོ་ཚུགས་ས་དང་རྐང་འཛུགས་ས་རུ་བྱེད་པ་དང་། ཤར་ནུབ་རྒྱུད་མཉམ་ལས་སྟེགས་བུ་ལ་རྒྱབ་བརྟེན་པ། སློབ་གསོ་དང་སྨན་བཅོས་སྤྱི་ཐུན་ཞབས་ཞུ་ནུས་པ་མཐོར་འདེགས་གཏོང་བ། མང་ཚོགས་ཀྱི་ཚོང་གཉེར་རང་བཞིན་དང་ཟླ་ཕོགས་རང་བཞིན་གྱི་ཡོང་སྒོ་གཏན་འཇགས་ངང་འཕར་སྣོན་གཏོང་བར་སྐུལ་འདེད་གཏོང་བ། གནོད་འཚེའི་རྗེས་སུ་སླར་གསོ་བསྐྱར་འཛུགས་བཟང་བོ་བྱེད་པ། མི་དམངས་ཀྱི་འཚོ་བའི་རྒྱུ་སྤུས་མཐོར་འདེགས་བཏང་ནས། མཉམ་དུ་ཕྱུག་པོར་བསྒྱུར་བར་སྐུལ་འདེད་གཏོང་དགོས།