ཟླ་ལྔ་པའི་ཚེས་སོ་གཅིག་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཞིན་ཁྲང་ཞིང་གིས་འགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་ལམ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ། རྒྱལ་ཡོངས་ཀྱི་དཔལ་འབྱོར་གཞི་རྐང་བརྟན་པོར་གཏོང་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་ལག་བསྟར་བྱས་ནས། འབྲེལ་ཡོད་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས་ལ། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས།
གྲོས་ཚོགས་ལས་བསྟན་དོན། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཀྲུང་གོ་གུང་ཁྲན་ཏང་ཆབ་སྲིད་གྲོས་མོལ་བྱ་བའི་རྐྱེན་སྲོལ་ལ་གྲོས་ཞིབ་བྱས་པ་དེས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཆབ་སྲིད་གྲོས་མོལ་བྱ་བར་མཐོང་ཆེན་བྱེད་ཤུགས་ཆེ་རུ་བཏང་བ་མཚོན་ཡོད་ལ། ཆབ་སྲིད་གྲོས་མོལ་ལས་དོན་འཕེལ་རྒྱས་གཏོང་བའི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་ཀྱང་ཡིན། ལག་བསྟར་སྲོལ་ཡིག་ལག་ལེན་བྱེད་པའི་ཆབ་སྲིད་རང་རྟོགས་དང་། བསམ་བློའི་རང་རྟོགས། འགུལ་སྐྱོད་རང་རྟོགས་བཅས་ཇེ་དྲག་ཏུ་བཏང་སྟེ། གསར་དུ་བཟོ་བཅོས་བྱས་པའི་ཀྲུང་གོ་གུང་ཁྲན་ཏང་འཐབ་ཕྱོགས་གཅིག་གྱུར་བྱ་བའི་སྲོལ་ཡིག་དང་ཟུང་འབྲེལ་བྱས་ཏེ། བསམ་བློའི་ཆབ་སྲིད་སྣེ་ཁྲིད་དང་། ངོས་འཛིན་གོང་བུ་གཅིག་འགྲིལ་གྱི་བྱ་བ་ལེགས་པོར་སྒྲུབ་ནས། ཆབ་སྲིད་གྲོས་མོལ་བརྒྱུད་དེ་ཐུན་མོང་གི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་ཇེ་བརྟན་དུ་བཏང་སྟེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་བསམ་ཕྱོགས་གཅིག་མཐུན་བྱེད་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་སོ་དགུ་པའི་སྐབས་གནང་བའི་གསུང་བཤད་གལ་ཆེན་ལས། རྒྱ་ཆེ་བའི་ལོ་རྒྱུས་མིག་རྒྱང་དང་འཛམ་གླིང་མིག་རྒྱང་གིས། ཀྲུང་ཧྭའི་ཤེས་རིག་འབྱུང་ཁུངས་འཚོལ་ཞིབ་བྱེད་པར་ཁ་ཕྱོགས་གསལ་སྟོན་བྱས་ཡོད་ལ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་ཤེས་རིག་གི་སྟོབས་ཤུགས་སྦྱིན་པར་བསྲུང་བྱ་འདོན་སྤྲོད་བྱས་ཡོད། ཀྲུང་ཧྭའི་ཤེས་རིག་དང་ཀྲུང་གོའི་སྙིང་སྟོབས་ཀྱི་དུས་རབས་ཀྱི་ཉིང་བཅུད་ལ་གོ་བ་ཟབ་མོ་བླངས་ནས། ལོ་རྒྱུས་རང་རྟོགས་ཇེ་དྲག་དང་། རིག་གནས་ཡིད་རྟོན་ཇེ་བརྟན། མཚོ་སྔོན་གྱི་ས་གཞི་ཆེན་མོར་རྐང་བཙུགས་ནས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གསར་གཏོད་ཅན་གྱི་འཕེལ་འགྱུར་དང་། གསར་གཏོད་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ལོ་རྒྱུས་བསླབ་ནས་མི་སྐྱོང་བ་དང་། དཔལ་ཡོན་ཅན་གྱི་མི་བསྐྱངས་ནས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་ཡོང་བར་བྱས་ཏེ། ཀྲུང་ཧྭའི་ཤེས་རིག་དང་། ཀྲུང་ཧྭའི་རིག་གནས་ཁྲོད་དུས་རབས་གསར་བར་བསྐྱོད་པའི་སྟོབས་ཤུགས་བསྡུ་ལེན་བྱེད་དགོས།
གྲོས་ཚོགས་ལས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་རྒྱལ་སྤྱིའི་ཉོ་ཚོང་སྐུལ་སྤེལ་ཨུ་ཡོན་ལྷན་ཁང་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པའི་ཚོགས་ཆེན་དང་གོ་ལ་ཧྲིལ་བོའི་ཉོ་ཚོང་དངུལ་གཏོང་སྐུལ་འདེད་ཚོགས་ཆེན་སྟེང་གི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ཏེ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་པ་དང་མཉམ་བསྲེས་བྱེད་པའི་ཁྲོད་ཀྱི་ཆུ་ཚད་མཐོན་པོའི་སྒོ་འབྱེད་རྒྱ་བསྐྱེད་པ་དང་། རྒྱུད་གཅིག་ལམ་གཅིག་དང་། ནུབ་ཕྱོགས་སྐམ་ས་དང་རྒྱ་མཚོའི་འབྲེལ་ལམ་གསར་བ། ཨེ་ཤ་ཡ་ལྷོ་མའི་ཚོང་གཉེར་རྒྱུ་ལམ་འཛུགས་པར་ཁ་ཕྱོགས་པ་བཅས་ཀྱི་ལས་གཞིའི་ནང་ཞུགས་ཏེ། ཁྲལ་སྲུང་ཁུལ་དང་། རྒྱལ་མཚམས་བརྒལ་བའི་གློག་རྡུལ་ཚོང་གཉེར་ཚོད་ལྟ་ཁུལ་གྱི་འཁོར་སྐྱོད་ཆུ་ཚད་མཐོར་འདེགས་གཏོང་དགོས། མཚོ་སྔོན་ཚོང་གཏམ་གྲོས་ཚོགས་དང་། རྒྱལ་སྤྱིའི་སྐྱེ་ཁམས་འགྲེམ་སྟོན་ཚོགས་འདུ་སོགས་ཀྱི་བྱ་འགུལ་མུ་མཐུད་དུ་ལེགས་པོར་སྒྲུབ་ནས། གསར་གཏོད་སྒོ་འབྱེད་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། རྒྱལ་ཡོངས་དཔལ་འབྱོར་གཞི་རྐང་བརྟན་པོར་གཏོང་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིམས་ནད་འགོག་སྡོམ་དང་། དཔལ་འབྱོར་བརྟན་པོ། འཕེལ་རྒྱས་བདེ་འཇགས་ཀྱི་བླང་བྱ་གལ་ཆེན་དངོས་འབེབས་བྱེད་པའི་གྲོས་ཚོགས་གལ་ཆེན་ཞིག་ཡིན་ལ། མིག་སྔར་གྱི་དཔལ་འབྱོར་བྱ་བའི་བླང་བྱ་དང་། གནས་བབ་ལས་འགན། སྲིད་ཇུས་ཕྱོགས་སྟོན། བྱེད་ཐབས་གལ་ཆེན། ལས་དོན་འགན་འཁྲི་བཅས་ཡག་པོར་སྒྲུབ་དགོས་པ་གསལ་བོར་བསྟན་ཡོད། དགོངས་དོན་ལ་གོ་བ་ཟབ་མོ་ལེན་པ་དང་། གནས་བབ་གསལ་བོར་ཤེས་པར་བྱས་ཏེ། ལོ་ཧྲིལ་བོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལ་འགྱུར་བ་མི་གཏོང་བ་དང་། སྟོབས་ཤུགས་གཅིག་བསྡུས་ཀྱིས་དུས་ཚིགས་གཉིས་པའི་དཔལ་འབྱོར་འགག་སྒྲོལ་ལས་དོན་ལེགས་པོར་སྒྲུབ་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་བྱ་བ་ལུགས་མཐུན་ཡོང་བར་ཁག་ཐེག་བྱེད་དགོས། རྒྱལ་ཁབ་དང་རང་ཞིང་གིས་བཏོན་པའི་སྲིད་ཇུས་བྱེད་ཐབས་ཁག་བཀོལ་སྤྱོད་ཡག་པོ་བྱས་ཏེ། སྲིད་ཇུས་ཕན་འབྲས་འདོན་སྤེལ་དང་། བརྟན་པོར་འཕར་སྣོན་དང་། ལས་ཞུགས་བརྟན་པོ་ཡོང་བར་ཕན་པ་ཡོད་པའི་སྲིད་ཇུས་དུས་བསྟུན་དགོས་མཁོ་ལྟར་ལེགས་པོར་བཀོལ་དགོས། ཁྲོམ་རའི་གཙོ་གཞི་བརྟན་པོ་ཡོང་བར་བྱས་ཏེ། བརྟན་ལ་གོ་རིམ་ཡོད་པའི་སྒོ་ནས་ལས་ཐོན་སླར་གསོ་ལ་སྐུལ་འདེད་གཏོང་བ་དང་། རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པའི་ཁྲོམ་རའི་གཙོ་གཞིའི་འདེགས་སྐྱོར་ཤུགས་ཚད་ཇེ་ཆེར་གཏོང་བ། ཁྲོམ་ར་སྣ་ཚོགས་ལ་ཁ་གཏད་ནས་སྲིད་ཇུས་འདོན་པ་དང་། དོན་དངོས་སྒྲུབ་པ། དཀའ་གནད་སེལ་བ། འགག་སྒོ་བརྒལ་བའི་བྱ་བ་སྒྲུབ་ནས། བརྟན་འཇགས་འཕར་སྣོན་གྱིས་ལས་ཞུགས་དང་དམངས་ཚིས་ལ་འགན་སྲུང་བྱེད་དགོས། ཉེན་ཟོན་ཇེ་དྲག་ཏུ་བཏང་སྟེ། ཞན་ཆ་དུས་ལྟར་གསབ་ནས། བདེ་འཇགས་སྲུང་བ་དང་། བརྟན་འཇགས་སྲུང་བའི་བྱ་བ་སྣ་ཚོགས་དངོས་འབེབས་དོན་འཁྱོལ་ཡོང་བར་བྱེད་དགོས།
གྲོས་ཚོགས་ནས་འཕྲིན་བཅར་བྱ་བའི་སྲོལ་ཡིག་དང་། རྒྱལ་ཡོངས་འཕྲིན་བཅར་བྱ་བའི་གྲོས་ཚོགས་ཐེངས་དགུ་པའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་ཏེ། འཕྲིན་བཅར་བྱ་བ་ནི་མང་ཚོགས་ལ་ཕན་པའི་ལས་དོན་ཞིག་ཡིན་ལ། ཆེས་ཐད་ཀར་ཀྱི་དམངས་སེམས་མཚོན་བྱེད་དང་། ཆེས་ཕན་འབྲས་ལྡན་པའི་མགོ་ཁུངས་བཅོས་སྐྱོང་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཕྲིན་བཅར་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་དགོངས་དོན་གལ་ཆེན་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ཏེ། སྲོལ་ཡིག་ལག་བསྟར་ནན་མོ་དང་། ཏང་གི་མགོ་ཁྲིད་རྒྱུན་འཁྱོངས། མི་དམངས་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་པ། འོས་འགན་དངོས་འབེབས་གཅིག་བསྡུས་ཀྱིས་བཅོས་སྒྱུར་གསར་གཏོད་དམ་འཛིན་བྱེད་པ་དང་། རིམ་པ་སོ་སོའི་ཏང་སྲིད་མགོ་ཁྲིད་ལས་བྱེད་པའི་གཞི་རིམ་རྟོག་དཔྱོད་དང་། གྱོད་དོན་ཐག་གཅོད་སོགས་ལམ་ལུགས་དངོས་འབེབས་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་རྒྱལ་དར་དམངས་བདེ་ཡི་སྤྱི་ཚོགས་ཁོར་ཡུག་ཅིག་གསར་སྐྲུན་བྱེད་དགོས།
གྲོས་ཚོགས་ལས་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་སློབ་སྦྱོང་དྲིལ་སྒྲོག་དང་ལག་ལེན་མཐར་ཕྱིར་བྱེད་པའི་སྐོར་གྱི་བརྡ་ཐོ་ལ་གྲོས་ཞིབ་བྱས་ཏེ། བརྟན་ཚུགས་གཉིས་ཀྱི་ཐད་ཆོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། སྲུང་སྐྱོབ་གཉིས་མཐའ་གཅིག་ཏུ་བཟང་པོར་སྒྲུབ་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་བླང་བྱ་གལ་ཆེན་དེ་ཞིང་ཆེན་ཡོངས་ཀྱི་བྱ་བ་སྣ་ཚོགས་བཟང་པོར་སྒྲུབ་པའི་སྤྱིའི་བྱེད་ཕྱོགས་དང་སྤྱིའི་རྩ་འཛིན་དུ་བྱས་ཏེ། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དྲིལ་སྒྲོག་དང་ལག་བསྟར་བྱེད་པའི་བརྒྱུད་རིམ་དེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་བྱེད་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་མཚོ་སྔོན་གྱི་བྱ་བར་བཏོན་པའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པའི་བརྒྱུད་རིམ་དུ་འགྱུར་བར་བྱེད་དགོས་པ་ནན་གྱིས་བསྟན།
གྲོས་ཚོགས་ལས་མཚོ་སྔོན་ཞིང་ཆེན་གྱི2022ལོ་ནས2025ལོའི་བར་གྱི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་འགུལ་སྐྱོད་ཇུས་གཞི་ལ་གྲོས་ཞིབ་བྱས་ཏེ། གྲོང་གསེབ་འཛུགས་སྐྲུན་ནི་གྲོང་གསེབ་དར་སྤེལ་བྱེད་པའི་ལས་འགན་གལ་ཆེན་ཞིག་ཡིན་པས། འདུ་ཤེས་སྟེང་ནས་དམངས་ཀྱི་ཆེད་དུ་འཛུགས་སྐྲུན་བྱེད་པ་དང་། དམིགས་འབེན་སྟེང་ནས་དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་བྱེད་པ། སྐུལ་འདེད་སྟེང་འཕེལ་རྒྱས་ཀྱི་ཆོས་ཉིད་བརྩི་སྲུང་བྱེད་པ། བྱེད་ཐབས་སྟེང་གྲོང་གསེབ་ཀྱི་ཁྱད་ཆོས་མངོན་པར་བྱེད་པ་དང་རོང་འབྲོག་མང་ཚོགས་ཀྱི་རེ་འདུན་ལ་བརྩི་འཇོག་གང་ལེགས་བྱེད་པ། རོང་འབྲོག་མང་ཚོགས་ཀྱི་དམངས་གཙོ་ཚོགས་པའི་ནུས་པ་འདོན་སྤེལ་བྱེད་པ་དང་། ཀུན་ཕན་རང་བཞིན་དང་། རྨང་གཞི་རང་བཞིན། མ་མཐའི་འགན་སྲུང་རང་བཞིན་གྱི་དམངས་ཚིས་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ཏེ། གྲོང་གསེབ་འཛུགས་སྐྲུན་དང་རང་བྱུང་སྐྱེ་ཁམས་ཁོར་ཡུག་མཉམ་འདྲེས་ཡོང་བ་མངོན་འགྱུར་བྱས་ནས། བདེ་སྡོད་ལས་བརྩོན་གྱི་མཛེས་སྡུག་གྲོང་གསེབ་གསར་སྐྲུན་བྱེད་དགོས་པ་ནན་གྱིས་བསྟན།