རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཅིག་གྱུར་བཀོད་སྒྲིག་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཕྱོགས་བསྡུས་ཞིབ་ཤེར་ཚན་ཆུང་གསུམ་པ་ཟི་ལིང་དུ་ཡོང་ནས་བདེ་འཇགས་ཐོན་སྐྱེད་ཞིབ་བཤེར་ཆེན་པོའི་ཕྱོགས་བསྡུས་ལྟ་སྐུལ་མཛུབ་སྟོན་དང2021ལོའི་བདེ་འཇགས་ཐོན་སྐྱེད་དང་མེ་འགོག་མེ་གསོད་བྱ་བའི་དཔྱད་ཞིབ་སྐོར་ཞིབ་སྤེལ། ཟླ་དྲུག་པའི་ཚེས་གཅིག་ཉིན། ཕྱོགས་བསྡུས་ལྟ་སྐུལ་མཛུབ་སྟོན་དང་དཔྱད་ཞིབ་སྐོར་ཞིབ་བྱ་བའི་སྙན་ཞུ་གྲོས་ཚོགས་ཟི་ལིང་དུ་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་ཕྱོགས་བསྡུས་ཞིབ་བཤེར་ཚན་ཆུང་གསུམ་པའི་ཚན་གཙོ། རང་བྱུང་ཐོན་ཁུངས་པུའུ་ཡི་པུའུ་ཀྲང་གཞོན་པ་ལེན་ཡུའེ་མེན་གྱིས་གཏམ་བཤད།
དཔྱད་ཞིབ་སྐོར་ཞིབ་ཚན་ཆུང་གིས་བསྟན་དོན། ཕྱོགས་བསྡུས་ལྟ་སྐུལ་མཛུབ་སྟོན་དང་དཔྱད་ཞིབ་སྐོར་ཞིབ་སྤེལ་རྒྱུ་ནི། སྲུང་སྐྱོབ་གཉིས་མཐའ་གཅིག་ཏུ་ལག་བསྟར་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་གོ་གནས་དང་པོར་འཇོག་རྒྱུ་དེ་དོན་འཁྱོལ་ནན་མོ་བྱེད་པར་ཁག་ཐེག་བྱེད་པའི་ཆབ་སྲིད་ཀྱི་རེ་བ་དང་། ཉེན་ཁ་དང་འགྲན་རྩོད་ཆེན་པོ་སྔོན་འགོག་ཐག་གཅོད་བྱེད་པ་དང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་བདེ་འཇགས་ཀྱི་ཁོར་ཡུག་བཟང་བོ་བསྐྲུན་པའི་ཤུགས་ཡོད་བྱེད་ཐབས། དུས་ཡུན་རིང་བོར་བསྡུ་གསོག་བྱས་པའི་རིམ་ཟབ་འགལ་རྩོད་གནད་དོན་ཐག་གཅོད་པ་དང་བདེ་འཇགས་ཐོན་སྐྱེད་ཀྱི་ཆུ་ཚད་མཐོར་འདེགས་གཏོང་བའི་བྱེད་ཐབས་གལ་ཆེན་བཅས་ཡིན། དཔྱད་ཞིབ་སྐོར་ཞིབ་ཚན་ཆུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་། རྒྱལ་ཡོངས་བདེ་འཇགས་ཐོན་སྐྱེད་ཞིབ་བཤེར་ཆེན་པོའི་བཀོད་སྒྲིག་རེ་བར་རྒྱུས་ལོན་ཡང་དག་བྱས་ལ། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུ་དང་སྲིད་གཞུང་དང་མཉམ་དུ་སེམས་ཤུགས་གཅིག་སྒྲིལ་བྱས་པ་དང་། སྒྲིག་སྲོལ་ལྟར་ལྟ་ཞིབ་དང་དཔྱད་ཞིབ་ནན་མོ་བྱས་ཤིང་། བདེ་འཇགས་ཐོན་སྐྱེད་བྱ་བའི་ཉམས་ཞན་ས་བཙལ་བ་དང་། རིམ་པ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོ། ཁེ་ལས་སྡེ་ཁག་སོ་སོས་བློ་བརྟན་འགྱུར་མེད་ཀྱིས་བདེ་འཇགས་ཐོན་སྐྱེད་དེ་དཔལ་འབྱོར་སྤྱི་ཚོགས་ཀྱི་གོ་རིམ་ཧྲིལ་བོ་དང་དུས་རིམ་སོ་སོར་ཁྱབ་པར་བྱས་ལ། བདེ་འཇགས་ཐད་ཀྱི་ཉེན་ཁ་ཆེན་པོ་བཀག་འགོག་ཐག་གཅོད་བྱེད་པའི་དུས་རིམ་སོ་སོའི་འགན་འཁྲི་ཕྲེང་འབྲེལ་དང་བྱེད་ཐབས་ཕྲེང་འབྲེལ་ཇེ་དམ་དུ་བཏང་སྟེ། ངོ་བོའི་སྟེང་གི་བདེ་འཇགས་ཆུ་ཚད་རྒྱུན་མཐུད་ངང་ཇེ་མཐོར་བཏང་། མཚོ་སྔོན་ཞིང་ཆེན་གྱིས་དཔྱད་ཞིབ་སྐོར་ཞིབ་ཚན་ཆུང་དང་མཉམ་དུ་རྒྱལ་དོན་གྱི་ཆེ་ཕྱོགས་འགན་འཁྲི་ཕྲག་ཏུ་ལེན་པ་དང་བདེ་འཇགས་ཐད་ཀྱི་ཉེན་ཁ་ཆེན་པོ་བཀག་འགོག་ཐག་གཅོད་བྱེད་པའི་འགན་འཁྲི་ཕྲག་ཏུ་ལེན་པ། དཔལ་འབྱོར་འཕེལ་རྒྱས་དང་རིམས་ནད་འགོག་སྡོམ། བདེ་འཇགས་ཐོན་སྐྱེད་བཅས་དོན་ཆེན་གསུམ་བཟང་བོར་བསྒྲུབ་པར་གཅིག་འདོམས་བྱེད་པ། བདེ་འཇགས་ཐོན་སྐྱེད་དང་མེ་འགོག་མེ་གསོད་བདེ་འཇགས་ཀྱི་འགན་འཁྲི་ལག་བསྟར་ནན་མོ་བྱེད་པ། བདེ་འཇགས་འགོག་སྲུང་དང་གཙོ་གནད་བཅོས་སྐྱོང་བྱེད་པའི་བྱེད་ཐབས་ཇེ་དྲག་ཏུ་གཏོང་བ། རིགས་མི་འདྲ་བའི་དོན་སྐྱེན་ཆེན་པོ་འབྱུང་བར་ཕན་ཡོད་འགོག་སྲུང་དང་མཐའ་གཅིག་ཏུ་འགོག་སྲུང་བྱེད་པ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་སྤྱི་ཚོགས་གཏན་ཁེལ་ལ་སྲུང་སྐྱོབ་བྱེད་པ། སྤྱོད་ཚུལ་བཟང་བོས་མཉམ་འབྲེལ་དང་སྤུས་ཚད་མཐོ་བའི་ངང་ཕྱོགས་བསྡུས་ཞིབ་བཤེར་བྱ་བ་ཡོངས་འགྲུབ་བྱས་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་བདེ་འཇགས་ཀྱི་ཁོར་ཡུག་བཟང་བོ་བསྐྲུན་དགོས།
ཝུའུ་ཞའོ་ཅུན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ཡོན་ལྷན་ཁང་ཕྱོགས་བསྡུས་ཞིབ་བཤེར་ཚན་ཆུང་གསུམ་པར་དགའ་བསུ་དང་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། ཐེངས་འདིའི་དཔྱད་ཞིབ་སྐོར་ཞིབ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་བྱ་བའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱེད་པའི་བྱེད་ཐབས་གལ་ཆེན་ཡིན་པར་མ་ཟད།མཚོ་སྔོན་གྱི་བདེ་འཇགས་ཐོན་སྐྱེད་དང་མེ་གསོད་མེ་འགོག་བྱ་བར་སྐུལ་འདེད་གཏོང་བའི་གོ་སྐབས་གལ་ཆེན་ཞིག་ཡིན་པ་དང་། དེས་རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་རང་ཞིང་གི་བདེ་འཇགས་ཐོན་སྐྱེད་བྱ་བར་ཧ་ཅང་མཐོང་ཆེན་དང་སེམས་ཁུར་རྒྱབ་སྐྱོར་བྱེད་བཞིན་པ་མཚོན། དཔྱད་ཞིབ་སྐོར་ཞིབ་ཚན་ཆུང་གིས་དཀའ་ངལ་ལ་མི་འཛེམ་པར་མཚོ་སྔོན་གྱི་བདེ་འཇགས་ཐོན་སྐྱེད་དང་མེ་འགོག་མེ་གསོད་བྱ་བར་རྒྱུས་ལོན་གསལ་བོ་བྱས་པ་དང་གནད་ཕིགས་མཛུབ་སྟོན་བྱས་པ་དང་། གཟབ་ནན་ཞིབ་ལེགས་ཀྱི་བྱ་བའི་སྤྱོད་ཚུལ་ལ་སློབ་སྦྱོང་བྱེད་རིན་ཆེན་པོ་ལྡན། ཞིང་ཆེན་གོང་འོག་ཡོངས་ཀྱིས་ཆབ་སྲིད་ཀྱི་ལངས་གནས་སྔར་ལས་མཐོར་འདེགས་གཏོང་བ་དང་། བརྟན་ཚུགས་གཉིས་ལ་བརྩི་མཐོང་བྱེད་པ་དང་སྲུང་སྐྱོབ་གཉིས་ལག་བསྟར་བྱེད་པའི་ཆབ་སྲིད་ཀྱི་མཐོ་ཚད་ནས་ཐེངས་འདིའི་དཔྱད་ཞིབ་སྐོར་ཞིབ་ལ་ལྟ་སྟངས་འཛིན་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ཏེ། ནམ་ཡང་སེམས་ཁུར་བྱེད་པའི་འགན་འཁྲིའི་འདུ་ཤེས་དང་གཟབ་ནན་དང་ཞིབ་ལེགས། དོན་དངོས་ཀྱི་བྱ་བའི་བྱེད་ཐབས་ལ་བརྟེན་ནས་བདེ་འཇགས་ཐོན་སྐྱེད་ཀྱི་བྱ་བ་སྣ་ཚོགས་དམ་འཛིན་བྱེད་དགོས། གཅིག་ཤེས་ཀུན་གྲོལ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། ཞིབ་བཤེར་ཚན་ཆུང་གིས་ཡར་ཞུ་བྱས་པའི་གནད་དོན་ཚང་མ་དང་ལེན་བྱེད་པ་དང་མཐའ་གཅིག་ཏུ་དག་ཐེར་ལེགས་བཅོས་བྱེད་པ། ས་ཁུལ་གཙོ་བོ་དང་ལས་རིགས་གཙོ་བོ། ཁྱབ་ཁོངས་གཙོ་བོར་དམ་དུ་དམིགས་པ། རྒྱུན་མཐུད་ངང་ཉེན་ཁ་རྟོགས་སེལ་གྱི་བྱ་བ་སྤེལ་བ། འགོག་སྲུང་བྱེད་ཐབས་ཇེ་ཞིབ་ཏུ་བཏང་ནས། རྩ་བའི་སྟེང་ནས་གནད་དོན་ཐག་གཅོད་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་བྱེད་ཐབས་བཟང་བོ་བཅོ་ལྔ་དང་རང་ཞིང་གི་ལག་བསྟར་བྱེད་ཐབས་སོ་གསུམ་རྒྱུན་མཐུད་ངང་ལག་བསྟར་བྱེད་པར་སྐུལ་འདེད་བཏང་སྟེ། སྤྱོད་ཚུལ་བཟང་བོ་དང་བྱེད་ཐབས་བཟང་བོས་རིམས་ནད་འགོག་སྡོམ་དང་དཔལ་འབྱོར་འཕེལ་རྒྱས། བདེ་འཇགས་ཐོན་སྐྱེད་སོགས་བྱ་བ་བཟང་བོར་སྒྲུབ་སྟེ། འགུལ་སྐྱོད་དངོས་ཀྱི་སྟེང་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས།
ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཝང་ཝེ་ཏུང་གིས་མཚོ་སྔོན་གྱི་བདེ་འཇགས་ཐོན་སྐྱེད་དང་མེ་འགོག་མེ་གསོད་བྱ་བ། བདེ་འཇགས་ཐོན་སྐྱེད་ཞིབ་བཤེར་ཆེན་པོའི་བྱ་བ་སྤེལ་བའི་གནས་ཚུལ་ཡར་ཞུ་བྱས་པ་དང་། ཧྲིན་ཀྲང་གཞོན་པ་ལིས་ཧུང་ཡ་གྲོས་ཚོགས་ལ་ཞུགས།
རིན་ཆེན་མཚོས་བསྒྱུར།