མཚོ་སྔོན་ཞིང་ཆེན་གྱི་སྐོར་ཞིབ་བྱ་བའི་གྲོས་ཚོགས་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་སྐོར་ཞིབ་ཐེངས་དང་པོའི་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་ཟི་ལིང་དུ་བསྡུས།
2022.06.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 15

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྐོར་ཞིབ་བྱ་བའི་གྲོས་ཚོགས་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་སྐོར་ཞིབ་ཐེངས་དང་པོའི་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་ཟླ་དྲུག་པའི་ཚེས་བདུན་ཉིན་ཟི་ལིང་དུ་བསྡུས། ཚོགས་ཐོག་ཏུ་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐོར་ཞིབ་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། རྒྱལ་ཡོངས་སྐོར་ཞིབ་བྱ་བའི་གྲོས་ཚོགས་དང་སྐབས་བཅུ་དགུ་པའི་ཀྲུང་དབྱང་གི་སྐོར་ཞིབ་ཐེངས་དགུ་པའི་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་སྐོར་ཞིབ་ཐེངས་དང་པོ་གཏིང་ཟབ་ཏུ་སྤེལ་ནས། དུས་རབས་གསར་བའི་སྐོར་ཞིབ་བྱ་བ་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཞིན་ཁྲང་ཞིང་གིས་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དབྱིན་པའེ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས།

ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་དབྱང་གིས་སྐུལ་སློང་བཀོད་སྒྲིག་བྱས་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཀྲའོ་ཡུའེ་ཞ་ཡིས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་སྐོར་ཞིབ་ཐེངས་དང་པོའི་ཚན་གཙོ་དང་། ཚན་གཙོ་གཞོན་པའི་དབང་སྤྲོད་འགན་ཁུར་དང་ལས་འགན་བགོ་བཤའི་ཐག་གཅོད་ཁྱབ་བསྒྲགས་བྱས་ལ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ་ཀྲུའུ་ཞང་ཧྥིན་གྲོས་ཚོགས་ལ་ཞུགས།

ཞིན་ཁྲང་ཞིང་གིས་བསྟན་དོན། ཐེངས་འདིའི་སྐོར་ཞིབ་ནི་སྐབས་བཅུ་བཞི་པའི་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཐོག་མ་ཡིན་ལ། ཁུལ་དང་རྫོང་ཏང་ཨུའི་སྐབས་བརྗེ་རྗེས་ཀྱི་སྐོར་ཞིབ་ཐེངས་དང་པོ་ཡང་ཡིན་པས། སྐོར་ཞིབ་བྱ་བ་བཟང་བོར་བསྒྲུབ་པའི་སློབ་ཚན་དང་པོ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐོར་ཞིབ་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་བཟང་བོ་བྱེད་པ་དང་རྒྱུས་ལོན་གསལ་བོ་བྱེད་རྒྱུ་དེ་ཡིན་ལ། གཞུང་ལུགས་ཀྱི་དྲག་ཆས་ཇེ་དྲག་ཏུ་གཏོང་བ་དང་། སྐོར་ཞིབ་ཀྱི་གོ་གནས་དང་ནུས་པ་དང་ཆབ་སྲིད་གནས་གཏན། འགན་འཁྲི་དང་ལས་འགན། འཐབ་ཇུས་གྲུབ་ཚུལ། གཙོ་གཞི་འགན་འཁྲི་བཅས་ལ་རྒྱུས་ལོན་ཡང་དག་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱིས་སྐོར་ཞིབ་བྱ་བར་སྣེ་ཁྲིད་བྱེད་དགོས།

ཞིན་ཁྲང་ཞིང་གིས་ནན་གྱིས་བསྟན་དོན། ལྟ་སྐུལ་གྱི་གཙོ་གནད་འབུར་དུ་ཐོན་པར་བྱེད་པ་དང་། ཚན་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་ངང་སྐོར་ཞིབ་བྱ་བ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས། སྲུང་སྐྱོབ་གཉིས་ལ་དམིགས་ནས་ལྟ་སྐུལ་ཇེ་དྲག་ཏུ་གཏོང་བ་དང་། ཆབ་སྲིད་ཀྱི་ཚད་གཞི་དང་ཆབ་སྲིད་ཀྱི་རེ་བ་ཚད་གཞིར་བཟུང་ནས་གནད་དོན་གྱི་བར་ཐག་འཚོལ་བ། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། བརྟན་ཚུགས་གཉིས་ལ་བརྩི་མཐོང་བྱེད་པ། རང་རྟོགས་སྒོས་སྲུང་སྐྱོབ་གཉིས་སྤེལ་བའི་ལག་བསྟར་གནས་ཚུལ་ལ་ཁྱོན་ཡོངས་ནས་རྗེས་འདེད་ལྟ་སྐུལ་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རེ་བ་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་མཚོ་སྔོན་ནས་ལག་བསྟར་ནན་མོ་བྱེད་པར་ཁག་ཐེག་བྱེད་དགོས། ཞིང་ཆེན་ཏང་ཨུའི་བྱ་བའི་བཀོད་སྒྲིག་ལ་དམིགས་ནས་ལྟ་སྐུལ་ལ་ཤུགས་སྣོན་པ་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་དང་མི་དམངས་ཀྱི་ལངས་ཕྱོགས། ལྟ་སྐུལ་གྱི་ལངས་ཕྱོགས་ཇེ་བརྟན་དུ་གཏོང་བ། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་བརྒྱུད་སྒྲོག་དང་ལག་བསྟར་བྱེད་པའི་བརྒྱུད་རིམ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་རྒྱུས་ལོན་གཏིང་ཟབ་བྱེད་པའི་བརྒྱུད་རིམ་དུ་འགྱུར་བར་བྱེད་པ་དང་། ལག་བསྟར་བྱེད་ཐབས་ཇེ་བཟང་དུ་གཏོང་བ་དང་ལག་བསྟར་བྱེད་ཤུགས་ཇེ་ཆེར་གཏོང་བ། གྲུབ་འབྲས་ལེན་པར་སྐུལ་འདེད་གཏོང་བའི་བརྒྱུད་རིམ་དུ་འགྱུར་བར་བྱས་ཏེ། ལས་བྱེད་པ་དང་མང་ཚོགས་ཀྱིས་ཆབ་སྲིད་ལྟ་སྐུལ་ཉེ་འགྲམ་དུ་ཡོད་པ་དང་སྤྱོད་ཚུལ་བསྒྱུར་བ་མིག་མདུན་དུ་ཡོད་པར་མྱོང་ཚོར་བྱེད་ཐུབ་པར་བྱེད་དགོས། དམ་དུ་དམིགས་པ་བཞི་ལ་དོ་སྣང་བྱས་ནས་ལྟ་སྐུལ་ཇེ་དྲག་ཏུ་གཏོང་བ་དང་། སྐོར་ཞིབ་བྱེད་ཡུལ་ཏང་རྩ་འཛུགས་ཀྱིས་འགན་འཁྲི་གཙོ་བོ་དང་ལས་ཀ་གཙོ་བོ་ལག་བསྟར་བྱེད་པའི་གནས་ཚུལ་ཐད་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་པ། རུལ་སུངས་གནད་དོན་འབྱུང་སླ་བ་དང་འབྱུང་ཚད་མང་པའི་ཁྱབ་ཁོངས་དང་སྲིད་ཇུས་མ་དངུལ་ཐོན་ཁུངས་གཅིག་བསྡུས་ཁྱབ་ཁོངས་དང་དམངས་ཚིས་ཁྱབ་ཁོངས་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་པ། འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་གཙོ་བོ་ལྟ་སྐུལ་བྱེད་ཡུལ་གཙོ་བོ་རུ་བྱས་ནས། མང་ཚོགས་ཀྱི་དོ་སྣང་དང་སེམས་ཁུར་བྱེད་པའི་བྱ་བའི་སྟེང་སེམས་ཤུགས་འདོན་པ་དང་། འགན་སྲུང་ལག་བསྟར་ལ་ལྟ་སྐུལ་བྱེད་པ་དང་འཐུས་ཚང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།

ཞིན་ཁྲང་ཞིང་གིས་སེམས་ཤུགས་གཅིག་སྒྲིལ་གྱིས་སྐོར་ཞིབ་བྱ་བའི་ལས་འགན་ཡོངས་འགྲུབ་བྱེད་པ་དང་། ལྟ་སྐུལ་ལམ་ལུགས་ཀྱི་དགེ་མཚན་བཅོས་སྐྱོང་ཕན་ནུས་སུ་བསྒྱུར་དགོས། གོང་འོག་མཉམ་འབྲེལ་བྱེད་པ་དང་། སྐོར་གཟིགས་ཀྱིས་སྐོར་ཞིབ་བྱ་བ་ཚད་ལྡན་ངང་འཕེལ་རྒྱས་སུ་གཏོང་བ་དང་སྤུས་འདེགས་ནུས་སྤེལ་བྱེད་པར་སྣེ་ཁྲིད་བྱེད་པ། སྐོར་གཟིགས་སྐོར་ཞིབ་དང་ལྟ་སྐུལ་གཞན་དག་འབྲེལ་མཐུད་མཉམ་བསྲེས་བྱེད་པར་སྐུལ་འདེད་བཏང་སྟེ། མཉམ་དུ་ལྟ་སྐུལ་བྱེད་པའི་མཉམ་ཤུགས་ཆེན་པོ་གྲུབ་པར་བྱེད་དགོས། ཁྱད་ཆོས་དང་ཆོས་ཉིད་ཁོང་དུ་ཆུད་པར་བྱེད་པ་དང་། སྐོར་གཟིགས་སྐོར་ཞིབ་བྱེད་ཡུལ་དང་རིམ་པ། ས་ཁུལ་ལ་ཁ་ཕྱོགས་པ། ཁྱོན་ཡོངས་ཀྱི་ཆབ་སྲིད་མྱོང་ཚོར་ལ་དམིགས་ནས། སྐོར་ཞིབ་བྱེད་སྟངས་སྣ་ཚོགས་ཀྱི་དགེ་མཚན་འདོན་སྤེལ་བཟང་བོ་བྱེད་པ་དང་། ཕྱོགས་བསྡུས་ཕན་འབྲས་མཐོར་འདེགས་གཏོང་དགོས། དག་ཐེར་ལེགས་བཅོས་དམ་འཛིན་བྱེད་པ་དང་། གནད་དོན་ལ་དམ་དུ་དམིགས་པ། མྱུར་དུ་དག་ཐེར་ལེགས་བཅོས་བྱེད་པ། དངོས་སུ་དག་ཐེར་ལེགས་བཅོས་བྱེད་པ། དམ་འཛིན་ལྷོད་མེད་བྱེད་པ་དང་གྲུབ་འབྲས་ལེན་པ། མངོན་གསལ་གྱི་ཁྲིད་ཕྱོགས་དང་ཕྱོགས་སྟོན་གལ་ཆེན་འཛུགས་པ། སྐོར་ཞིབ་དཔུང་སྡེ་འཛུགས་སྐྲུན་བྱེད་པར་མཐོང་ཆེན་བྱས་ནས། འགུལ་སྐྱོད་དངོས་ཀྱི་སྟེང་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས།

དབྱིན་པའེ་ཡིས་མགོ་འཛིན་གཏམ་བཤད་བྱེད་སྐབས་བསྟན་དོན། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ་དང་། བརྟན་ཚུགས་གཉིས་བརྩི་སྲུང་བྱེད་པ་དང་སྲུང་སྐྱོབ་གཉིས་ལག་བསྟར་བྱེད་པའི་མཐོ་ཚད་དུ་འགྲེང་ནས། སྐོར་ཞིབ་ནི་ཏང་གི་སྒྲིག་ཡིག་གིས་བསྩལ་བའི་འགན་འཁྲི་གལ་ཆེན་ཡིན་པ་དང་། ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པའི་བྱེད་ཐབས་གལ་ཆེན་ཡིན་པ། ཏང་གིས་ཏང་ལ་དོ་དམ་བྱེད་པ་དང་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་བྱེད་ཐབས་གལ་ཆེན་ཡིན་པ། ཏང་ནང་ཁུལ་གྱི་ལྟ་སྐུལ་ལ་ཤུགས་སྣོན་པའི་འཐབ་ཇུས་རང་བཞིན་གྱི་ལམ་ལུགས་བཀོད་སྒྲིག་དང་རྣམ་པ་གལ་ཆེན་ཡིན་པ་བཅས་ལ་ངོས་འཛིན་ཟབ་མོ་བྱས་ཏེ། སྐོར་ཞིབ་བྱ་བ་བཟང་བོར་བསྒྲུབ་པའི་བསམ་བློའི་རང་རྟོགས་དང་ཆབ་སྲིད་ཀྱི་རང་རྟོགས། འགུལ་སྐྱོད་ཀྱི་རང་རྟོགས་ཇེ་དྲག་ཏུ་གཏོང་དགོས། བྱ་བའི་གཙོ་གནད་ལ་རྒྱུས་ལོན་གསལ་བོ་བྱེད་པ་དང་། ཆབ་སྲིད་སྐོར་ཞིབ་ཀྱི་གནས་ཐིག་གཏན་ཁེལ་རྒྱུན་འཁྱོངས་བྱེད་པ། སྲུང་སྐྱོབ་གཉིས་ཀྱི་ཆབ་སྲིད་ཀྱི་ལྟ་སྐུལ་ལ་ཤུགས་བསྣན་ནས།  འགན་སྲུང་ལག་བསྟར་ལ་ལྟ་སྐུལ་བྱེད་པ་དང་འཐུས་ཚང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་པ་འདོན་སྤེལ་བྱེད་དགོས། དཀྱིལ་སྙིང་ལས་འགན་ལ་དམིགས་པ་རྒྱུན་འཁྱོངས་བྱེད་པ་དང་། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་སྣ་ཚོགས་དོན་འཁྱོལ་ནན་མོ་བྱེད་པར་སྐུལ་འདེད་བཏང་སྟེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས། སྐོར་ཞིབ་བྱ་བའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། གནད་དོན་འཚོལ་བ་དང་གནད་དོན་ཐག་གཅོད་པར་སྐུལ་འདེད་བཏང་ནས། གཞི་གཅིག་ཏུ་རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པར་བྱེད་དགོས། མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། མང་ཚོགས་ལ་སྐོར་ཞིབ་དང་ལྟ་སྐུལ། འབྲེལ་འདྲིས་བྱེད་པའི་སྒྲོག་ཐག་རྩོལ་ནུས་པ་ཇེ་དྲག་ཏུ་བཏང་སྟེ། མང་ཚོགས་ཀྱི་ཉེ་འགྲམ་གྱི་རུལ་སུངས་གནད་དོན་དང་སྲོལ་ངན་གནད་དོན་ཐག་གཅོད་པར་སྐུལ་འདེད་གཏོང་དགོས། མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་པ་དང་། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་བྱ་བའི་འགོ་ཁྲིད་ཚན་ཆུང་གིས་སྐོར་ཞིབ་བྱ་བའི་ཐད་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་པ། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་གཞུང་སྒྲུབ་ཁང་གིས་གཅིག་འདོམས་མཐུན་སྦྱོར་དང་མཛུབ་སྟོན་ལྟ་སྐུལ། ཞབས་ཞུ་འགན་སྲུང་ལ་ཤུགས་སྣོན་པ།  སྐོར་ཞིབ་ཚན་ཆུང་སོ་སོས་འགན་སྒྲུབ་ནན་མོ་བྱེད་པ། སྐོར་ཞིབ་བྱེད་ཡུལ་གྱི་ཏང་རྩ་འཛུགས་ཀྱིས་སྐོར་ཞིབ་བྱ་བར་གཞོགས་འདེགས་དང་རྒྱབ་སྐྱོར་བྱས་ཏེ། སྤུས་ཚད་མཐོ་བའི་ངང་སྐོར་ཞིབ་ལས་འགན་ཡོངས་འགྲུབ་བྱེད་དགོས་པའི་རེ་བ་བཏོན།

ཝང་དབྱང་གིས་སྐུལ་སློབ་བཀོད་སྒྲིག་བྱེད་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐོར་ཞིབ་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་རྒྱལ་ཡོངས་སྐོར་ཞིབ་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ནན་མོ་དང་རྒྱུས་ལོན་གསལ་བོ་བྱེད་པ་དང་། དུས་རབས་གསར་བའི་སྐོར་ཞིབ་བྱ་བའི་ཆོས་ཉིད་ཁོང་དུ་ཆུད་པར་བྱས་ནས། དེ་བྱེ་བྲག་གི་བྱ་བའི་སྟེང་དོན་འཁྱོལ་བྱེད་དགོས། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་སྐོར་ཞིབ་བྱ་བ་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ། ཆབ་སྲིད་ཀྱི་སྐོར་ཞིབ་གཏིང་ཟབ་བྱེད་པ། སྤུས་ཚད་མཐོ་བ་དང་ཡོངས་སུ་ཁེབས་པར་བྱེད་པ། དག་ཐེར་ལེགས་བཅོས་ལ་ཤུགས་སྣོན་པ། སྐོར་ཞིབ་བྱ་བ་ཚད་ལྡན་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ། རང་སྟེང་གི་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་ལག་བསྟར་བཟང་བོ་བྱེད་པར་སྐུལ་འདེད་གཏོང་དགོས། སྐོར་ཞིབ་བྱེད་ཡུལ་གྱི་ཁྱད་ཆོས་ལ་རྒྱུས་ལོན་ཡང་དག་བྱེད་པ་དང་། སྐོར་ཞིབ་ཐེངས་དང་པོ་ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་ངང་རྩ་འཛུགས་བྱེད་པ། སྐོར་ཞིབ་ལ་གྲ་སྒྲིག་བཟང་བོ་བྱེད་པ། ལྟ་སྐུལ་གྱི་གཙོ་གནད་ལ་དམིགས་པ། རེ་བ་ནན་མོ་འདོན་པ་དང་དོ་དམ་ནན་མོ་བྱས་ཏེ། ཆབ་སྲིད་འགན་འཁྲི་དང་ལོ་རྒྱུས་ཀྱི་འགན་འཁྲི་ཆེན་པོར་བརྟེན་ནས་འགན་འཁྲི་ལག་བསྟར་བྱེད་པ་དང་། སྒྲིག་ལམ་དང་སྤྱོད་ཚུལ་བཟང་བོར་བརྟེན་ནས་མིག་དཔེ་བཟང་བོ་བྱེད་པ། སྐོར་ཞིབ་ལྟ་སྐུལ་གྱི་འགུལ་སྐྱོད་དངོས་ལ་བརྟེན་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་འགན་སྲུང་བྱེད་དགོས།

གྲོས་ཚོགས་དེ་བརྙན་རིས་ཀྱི་ལམ་ནས་བསྡུས་པ་དང་། ཞིང་ཆེན་དུ་ཚོགས་ར་གཙོ་བོ་བཙུགས་ཡོད་ལ། གྲོང་ཁྱེར་དང་ཁུལ། རྫོང་དང་གྲོང་ཁྱེར། ས་ཁུལ་བཅས་སོ་སོ་རུ་ཡན་ལག་ཚོགས་ར་བཙུགས་ཡོད།

                                                                                                      རིན་ཆེན་མཚོས་བསྒྱུར།