ཟླ་དྲུག་པའི་ཚེས་བརྒྱད་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཞིན་ཁྲང་ཞིང་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ཐང་ཁྲོན་གྲོང་བརྡལ་གྱི་ཧྲོང་ཧྲུའུ་སྡེ་བར་སོང་སྟེ་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་སྒྲོག་འགྲེལ་བྱས། ཁོས་བསྟན་དོན། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་བཀོད་པའི་རླབས་ཆེན་འཆར་འགོད་དེ་ཕྱིན་ཆད་ཀྱི་ལོ་ལྔའི་ལག་བསྟར་ཇུས་གཞི་རུ་བསྒྱུར་བ་དང་། དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་བླང་བྱ་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་བྱེ་བྲག་ཅན་དུ་བསྒྱུར་བ་ཡིན། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་སྐབས། སློབ་སྦྱོང་ཁྲོད་ནས་བསམ་གཞིགས་གཏོང་བ་དང་ལག་ལེན་ཁྲོད་ནས་གོ་བ་ཟབ་མོ་ལེན་དགོས་ལ། དོན་དངོས་ཀྱི་འགུལ་སྐྱོད་ལ་བརྟེན་ནས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་བྱས་ནས་ཕན་འབྲས་བཟང་བོ་ཐོབ་པར་སྐུལ་འདེད་གཏོང་བ་དང་། གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས།
ཧྲོང་ཧྲུའུ་སྡེ་བའི་ཏང་ཀྲི་པུའུ་ནི་རང་ཞིང་གིས་ཞིང་སྡེ་རུ་བཙུགས་པའི་ཏང་ཀྲི་པུའུ་ཐོག་མ་ཡིན། ཞིན་ཁྲང་ཞིང་སྡེ་བའི་གཡིས་ཁང་དང་སྟབས་བདེ་ཞབས་ཞུ་ལྟེ་གནས། ཏང་ཀྲི་པུའུ་དྲན་གསོ་ཁང་བཅས་ལ་སོང་སྟེ་སྡེ་བའི་ཐུན་མོང་དཔལ་འབྱོར་དང་ཏང་འཛུགས་ཀྱིས་གྲོང་གསེབ་དར་སྤེལ་ལ་སྣེ་ཁྲིད་བྱེད་པ་དང་། ཏང་ཀྲི་པུའུ་ཡི་གསར་སྐྲུན་འཕེལ་རྒྱས་ཀྱི་ལོ་རྒྱུས་འཕེལ་རིམ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པ་དང་། དེར་མཐུད་ནས་ཏང་ཡོན་བྱ་འགུལ་ཁང་དུ་སོང་སྟེ་སྡེ་དམངས་དང་བཞུགས་མོལ་བརྗེ་རེས་བྱས། ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་མིའི་གཏམ་བཤད་ལ་ཉན་རྗེས་ཞིན་ཁྲང་ཞིང་གིས་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་བརྗོད་དོན་བྱས་ཏེ་སྒྲོག་འགྲེལ་བྱས་ཤིང་། དབུལ་ཐར་མཁྲེགས་གཏོར་གྱིས་སྡེ་བ་འཕེལ་རྒྱས་སུ་བཏང་ཞིང་འགྱུར་ལྡོག་བྱུང་བ་དང་ཟུང་འབྲེལ་བྱས་པ་དང་། འདས་པའི་ལོ་ལྔའི་འཕེལ་རྒྱས་གྲུབ་འབྲས་དང་རིན་ཐང་བྲལ་བའི་ཉམས་མྱོང་འགྲེལ་ཀློག་བྱས་ནས། སྡེ་བའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་དེའི་ཁྲོད་དུ་དཀའ་སྤྱད་ཕྱུག་སྒྱུར་གྱི་བྱེད་ཐབས་བཟང་བོ་འཚོལ་བར་སྣེ་ཁྲིད་བྱས། དེང་རབས་ཅན་དྲུག་གི་མཚོ་སྔོན་གསར་བའི་འབད་འཐབ་དམིགས་འབེན་དང་ལས་འགན་གཙོ་བོ་སྒྲོག་འགྲེལ་ཞིབ་མོ་བྱས་པ་དང་། ཚང་མས་སྐྱོད་ལམ་གསར་བའི་ཁྲོད་དུ་སྤོབས་པ་ཆེ་རུ་བསྐྱེད་པར་སྐུལ་མ་བཏང་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་བྱས་རྗེས་འཇོག་དགོས་པ་དང་། འཕེལ་རྒྱས་ཀྱི་བགྲོད་ལམ་སྔར་ལས་ཡངས་པར་བྱེད་པ་དང་སྡེ་དམངས་ཀྱི་འཚོ་བ་སྔར་ལས་སྐྱིད་པོ་ཡོང་བར་བྱེད་དགོས།
ཞིན་ཁྲང་ཞིང་གིས་བསྟན་དོན། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་ལག་བསྟར་བྱེད་པའི་བརྒྱུད་རིམ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་དགོངས་དོན་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་ལ་སློབ་སྦྱོང་བྱས་ནས་གོ་བ་ཟབ་མོ་ལེན་པ་དང་ལག་ལེན་བྱེད་པའི་བརྒྱུད་རིམ་དུ་སྒྱུར་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་ཐུགས་ཁུར་གནང་བ་དེས་གཙོ་འཛིན་ལ་བརྩི་བཀུར་དང་དགའ་ཞེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་གྱིས་དུས་རབས་གསར་བར་སྐྱོད་པའི་བསམ་བློ་དང་འགུལ་སྐྱོད་གཅིག་གྱུར་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་ནན་མོར་བརྟེན་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་རིག་སྟོབས་དང་སྟོབས་ཤུགས་གཅིག་སྡུད་བྱེད་དགོས། ཤུགས་ཆེན་པོས་གྲོང་གསེབ་དར་སྤེལ་བྱེད་པར་སྐུལ་འདེད་བཏང་སྟེ་རྒྱུན་མཐུད་སྒོས་དབུལ་ཐར་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། འགུལ་རྣམ་ལྟ་ཞིབ་ཚད་ལེན་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། གཞི་ཁྱོན་རང་བཞིན་སྒོས་ཡང་བསྐྱར་དབུལ་ཕོངས་སུ་མི་འགྱུར་བའི་ཚད་མཐའ་བརྟན་སྲུང་བྱེད་པ། རྒྱུན་མཐུད་སྒོས་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ། གོ་རིམ་ལྡན་པར་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ཞིང་བའི་ལས་ཞུགས་རྩལ་ནུས་སྔར་ལས་མཐོར་འདེགས་སུ་གཏོང་བ། ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་ལ་བརྟེན་ནས་མཉམ་དུ་ཕྱུག་པོར་འགྱུར་བའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས།
ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་སྒྲོག་འགྲེལ་བྱེད་པ་དང་ཟུང་འབྲེལ་བྱས་ཏེ། ཞིན་ཁྲང་ཞིང་གིས་ཟི་ལིང་ཚའོ་ཅ་པོ་གནམ་གྲུ་ཐང་གི་དུས་སྐབས་གསུམ་པའི་རྒྱ་བསྐྱེད་འཛུགས་སྐྲུན་ལས་གཞི་དང་ཀྲུང་གོ་གློག་འཕྲིན་ཞིང་ཆེན་རིམ་པའི་གཞི་གྲངས་ལྟེ་གནས་ལས་གཞི་འཛུགས་སྐྲུན་འཕེལ་རིམ། ཧུའུ་ཀྲུའུ་རྫོང་ཏུང་ཧི་ཞང་མཱ་ཅི་སྡེ་བའི་གྲོང་གསེབ་གནས་སྐོར་འཕེལ་རྒྱས་གནས་ཚུལ་ལ་རྟོག་ཞིབ་བྱས། ཁོས་བཤད་རྒྱུར། ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་དཀའ་ཁག་ཁྱད་སེལ་བྱེད་པ། ཨར་ལས་ཀྱི་དུས་སྐབས་བཟང་བོ་དམ་འཛིན་བྱེད་པ། ལས་གཞི་གཙོ་བོ་མཐུན་སྦྱོར་སྒོས་འགན་སྲུང་བྱེད་པའི་ཤུགས་ཚད་ཇེ་ཆེར་གཏོང་བ། སྟོབས་ཤུགས་ཡོད་རྒུ་བཏོན་ནས་ལོ་ཧྲིལ་བོའི་བཟོ་སྐྲུན་ལས་འགན་ཡོངས་འགྲུབ་བྱེད་དགོས། གནས་བབ་ཆེན་པོ་གསལ་བོར་ཤེས་པར་བྱེད་པ་དང་། ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱེད་པ། འཕར་ཚད་ཚོང་རར་དམིགས་ཤིང་ཤུགས་ཆེན་པོས་གཞི་གྲངས་ཆེན་པོ་སོགས་ཀྱི་འཐབ་ཇུས་གསར་དར་ཐོན་ལས་གསོ་སྐྱོང་དང་འཕེལ་རྒྱས་སུ་གཏོང་དགོས། ཡུལ་བབ་དང་བསྟུན་ཞིང་ཐོན་རྫས་གྲངས་ཅན་གསར་སྐྲུན་བྱེད་པ་དང་། གྲོང་གསེབ་གནས་སྐོར་སོགས་ཁྱད་ལྡན་ཐོན་ལས་ལ་བརྟེན་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་དགོས།
ཀྲུའུ་ཞང་ཧྥིན་རྟོག་ཞིབ་ལ་ཞུགས།
བཀྲ་ཤིས་འབུམ་གྱིས་བསྒྱུར།