སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་པ་མ་ཟད་གསུང་བཤད་གལ་ཆེན་གནང་ནས་ལོ་འཁོར་གཅིག་ལོན་པའི་བཞུགས་མོལ་ཚོགས་འདུ་ཟི་ལིང་དུ་བསྡུས།
2022.06.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་པ་མ་ཟད་གསུང་བཤད་གལ་ཆེན་གནང་ནས་ལོ་འཁོར་གཅིག་ལོན་པའི་བཞུགས་མོལ་ཚོགས་འདུ་ཟླ་དྲུག་པའི་ཚེས་དགུ་ཉིན་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཞིན་ཁྲང་ཞིང་གིས་མགོ་འཛིན་བྱས་ནས་གཏམ་བཤད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་ནི་མཚོ་སྔོན་གྱི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་པའི་སྤྱིའི་རྩ་འཛིན་དང་། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་སྤྱིའི་གཞི་འཛིན་ས། རྒྱུགས་ལེན་གསར་བའི་ལམ་དུ་བསྐྱོད་པའི་སྤྱིའི་ཁྲིད་སྟོན་བཅས་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་མུ་མཐུད་དུ་སློབ་སྦྱོང་དང་རྒྱུས་ལོན། ལག་བསྟར་བྱེད་པ་དང་། མངག་བཅོལ་སེམས་སུ་འཛིན་པ་དང་དྲིན་གཟོ་འབད་འཐབ་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁྲིད་སྟོན་བྱས་པའི་ཁ་ཕྱོགས་བརྒྱུད་དེ་མདུན་སྐྱོད་བྱས་ནས། འགུལ་སྐྱོད་དངོས་ཀྱི་སྟེང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་རེ་སྒུག་ལ་ལན་སྤྲོད་དགོས།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་འགོ་ཁྲིད་དེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཡང་བསྐྱར་སློབ་སྦྱོང་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དབྱིན་པའེ་ཚོགས་འདུར་ཞུགས།

ཚོགས་ཐོག་ཏུ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཝང་ཝེ་ཏུང་དང་ཝང་ཏ་ནན། མཚོ་བྱང་ཁུལ་དང་ཡུས་ཧྲུའུ་ཁུལ། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་། མཚོ་སྔོན་ཚྭ་མཚོ་བཟོ་ལས་མ་རྐང་ཚད་ཡོད་ཀུང་ཟི། རྐང་ཚ་རྫོང་། ཟི་ལིང་གྲོང་ཁྱེར་ཝིན་ཧུའེ་ཁྲོམ་ལམ་ཝིན་ཐིན་ལམ་སྡེ་ཁུལ། ཞིང་ཆེན་རིག་གནས་གནས་སྐོར་ཐིན། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ནོར་སྲིད་ཐིན་སོགས་ས་ཁུལ་དང་སྡེ་ཁག་གི་འགན་ཁུར་བློ་མཐུན་གྱིས་བརྗེ་རེས་གཏམ་བཤད་གནང་།

ཞིན་ཁྲང་ཞིང་གིས་བསྟན་དོན། དེ་རིང་གི་བཞུགས་མོལ་ཚོགས་འདུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ལག་ལེན་གྲུབ་འབྲས་ཀྱི་བརྗེ་རེས་ཚོགས་འདུ་དང་བཀོད་གཏོང་ཚོགས་འདུ། སྐུལ་སྤེལ་ཚོགས་འདུ་ཡིན་ལ། ལག་བསྟར་གནས་ཚུལ་ལ་ཕྱིར་བལྟ་བྱེད་པ་དང་། བསམ་བློ་འགུལ་སྐྱོད་ཡང་བསྐྱར་ཚད་གཞིར་འཛིན་པ། སློབ་སྦྱོང་དང་ལག་བསྟར་ལ་ཡང་བསྐྱར་སྐུལ་སློང་དང་བཀོད་སྒྲིག་བྱེད་པ་དེ་ཡིན། ལོ་གཅིག་རིང་ལ། ཞིང་ཆེན་གོང་འོག་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་ཆབ་སྲིད་ཀྱི་དོན་དག་གལ་ཆེན་དང་ཆབ་སྲིད་ཀྱི་ལས་འགན་དུ་བརྩིས་པ་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་དང་འབད་འཐབ་ཀྱི་དམིགས་འབེན། ལས་འགན་གཙོ་བོར་བསྒྱུར་ནས། སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོབ་བྱས་པ། དམངས་ཚིས་བདེ་སྐྱིད་འཕར་སྣོན་བྱས་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཁྲོད་ལོ་རྒྱུས་བསླབས་ནས་སྤྱོད་བཟང་བསྟེན་པ་སོགས་ཕྱོགས་ནས་གྲུབ་འབྲས་གསར་པ་བླངས།

ཞིན་ཁྲང་ཞིང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནི་སྐབས་གསར་བའི་ཞིང་ཆེན་ཏང་ཨུས་བཞུད་ལམ་གསར་བར་ཞུགས་སྐབས་ཀྱི་ཆབ་སྲིད་སྟེང་གི་གནས་ཚད་དང་བསམ་བློའི་སྟེང་གི་རྒྱབ་རྟེན། འགུལ་སྐྱོད་སྟེང་གི་ཕྱོགས་སྟོན་ཡིན་པས། རྒྱུན་འཁྱོངས་ལྷོད་མེད་དང་མུ་མཐུད་དུ་ཤུགས་བཏོན་ནས། རང་རྟོགས་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གྱིས་བསམ་བློར་དྲག་ཆས་སྤྲས་པ་དང་ལག་ལེན་ལ་མཛུབ་སྟོན་བྱེད་པ། བྱ་བར་སྐུལ་འདེད་གཏོང་དགོས། ངེས་པར་དུ་བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་པའི་ཁ་ཕྱོགས་བརྒྱུད་དེ་མདུན་སྐྱོད་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ། སྤྱི་ཡོངས་གཉིས་ཁོང་དུ་ཆུད་པར་བྱེད་པ་དང་། རྒྱལ་དོན་གྱི་ཆེ་ཕྱོགས་སེམས་སུ་འཛིན་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་མོ་དང་རྒྱུས་ལོན་གསལ་བོ། ལག་ལེན་མཐར་ཕྱིན་བྱེད་རྒྱུ་དེ་བརྟན་ཚུགས་གཉིས་ཀྱི་ཐག་ཆོད་རང་བཞིན་གྱི་དོན་སྙིང་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་འདུ་ཤེས་་བཞི་ཇེ་དྲག་ཏུ་གཏོང་བ། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱེད་པའི་ཚད་གཞི་གལ་ཆེན་དུ་བརྩིས་ཏེ། ཆབ་སྲིད་བརྡར་གཅོད་ཀྱི་ནུས་པ་དང་ཆབ་སྲིད་ཤེས་རྟོགས་ཀྱི་ནུས་པ། ཆབ་སྲིད་ལག་བསྟར་གྱི་ནུས་པ་མཐོར་འདེགས་གཏོང་དགོས། ངེས་པར་དུ་བདེན་འཚོལ་དངོས་གཉེར་གྱི་སྤྱོད་ཚུལ་དང་ཏན་ཏན་ཏིག་ཏིག་གི་འགུལ་སྐྱོད་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ་དང་། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་བཟོ་སྐྲུན་པར་རིས་དང་ལས་འགན་ཡི་གེ་ཡིན་པས། ཤུགས་འདོན་ས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་གནས་འཛུགས་སྐྲུན་བྱེད་པ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པ། འཕེལ་རྒྱས་ཀྱི་ཆགས་སྟངས་གསར་བའི་ཁྲོད་འདྲེས་པར་བྱེད་པ་དང་དེར་ཞབས་འདེགས་ཞུ་བ། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ། མཉམ་དུ་ཕྱུག་འགྱུར་དང་ཏང་ལ་བློ་དཀར་བའི་ཀུན་སྤྱོད་ལ་བརྩི་མཐོང་བྱེད་པ། མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་ཀུན་སྤྱོད་བཟང་བོ། རང་གཅུན་ནན་མོ་བྱེད་པའི་སྤྱོད་བཟང་བཅས་ཀྱི་སྟེང་བཞག་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ལག་ལེན་དངོས་སུ་བསྒྱུར་དགོས། ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཡུན་ཕན་རྐྱེན་སྲོལ་འཛུགས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དེ་ཡུན་རིང་གི་ལས་འགན་གལ་ཆེན་དུ་བརྩིས་ནས། ཕན་ཡོད་ཉམས་མྱོང་དང་བྱེད་ཐབས་སྤྱི་སྡོམ་བྱེད་པ་དང་། རྒྱུན་འཁྱོངས་ནན་མོ་བྱེད་པ་མ་ཟད། རྒྱུན་མ་ཆད་པར་འཐུས་ཚང་དུ་གཏོང་བ། སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར། ལྟ་ཞིབ་སོགས་རྒྱུན་རྣམ་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བ། ལོ་རེ་རེར་གྲུབ་འབྲས་ལེན་ཐུབ་པར་བྱས་ནས། སློབ་སྦྱོང་དང་ལག་བསྟར་གྱི་གྲུབ་འབྲས་བཟང་བོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བ་བསྡུ་བར་བསུ་མ་བྱེད་དགོས།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཞིང་ཆེན་ཁྲིམས་ཁང་གི་འགོ་གཙོ་། ཞིང་ཆེན་ཞིབ་དཔྱོད་ཁང་གི་འགོ་གཙོ། ཞིང་ཆེན་ཏང་ཨུའི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོ། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ་དང་གྲོང་ཁྱེར་དང་ཁུལ་སོ་སོ་བཅས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ་བཅས་ཚོགས་འདུར་ཞུགས།

རིན་ཆེན་མཚོས་བསྒྱུར།