ཞིང་ཆེན་ཏང་ཨུའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་འགོ་ཁྲིད་ཚན་ཆུང་གི་རྒྱ་སྐྱེད་གྲོས་ཚོགས་ཟླ་དྲུག་པའི་ཚེས་བཅུ་དྲུག་ཉིན་ཟི་ལིང་དུ་བསྡུས། གྲོས་ཚོགས་ཀྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱས་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པའི་བྱ་བ་སྣ་ཚོགས་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་ལ། ལྗང་མདོག་འཕེལ་རྒྱས་དང་སྐྱེ་ཁམས་མཛའ་མཐུན་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་མྱུར་དུ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཞིན་ཁྲང་ཞིང་གིས་གཏམ་བད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད།
ཞིན་ཁྲང་ཞིང་གིས་བསྟན་དོན། ལོ་གཅིག་གི་རིང་ལ། ཞིང་ཆེན་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་སློབ་སྦྱོང་དང་རྒྱུས་ལོན་གསལ་བོ་བྱས་པ་དང་། རྒྱལ་དོན་གྱི་ཆེ་ཕྱོགས་ཡིད་ལ་དམ་པོར་བཟུང་ལ། སྟོབས་ཤུགས་ཡོད་རྒུས་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱས་པ་དང་། ཀྲུང་ཧྭའི་ཆུ་མཛོད་དང་སའི་གོ་ལའི་སྣེ་གསུམ་པའི་སྲུང་སྐྱོབ་འགུལ་སྐྱོད་སྤེལ་ཞིང་། མདོ་དབུས་མཐོ་སྒང་གི་སྐྱེ་དངོས་སྣ་མང་ཅན་ལ་སྲུང་སྐྱོབ་བྱེད་ཤུགས་ཇེ་ཆེར་བཏང་བ་དང་། རི་ཆུ་ནགས་ཞིང་དང་མཚེའུ། རྩྭ་ས། བྱེ་དར་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་ལ་གཅིག་འདོམས་བྱས་པ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ། དམངས་ཚིས་ལེགས་སྒྱུར་བྱེད་པ་བཅས་གཅིག་གྱུར་བྱེད་པ་རྒྱུན་འཁྱོངས་བྱས་ལ། སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་སྔོན་འགྲོའི་འོག་ཐོན་ལས་ཀྱི་གནས་བཞིའི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་བའི་ཐད་ནས་གྲུང་འབྲས་བཟང་བོ་བླངས།
ཞིན་ཁྲང་ཞིང་གིས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཐབ་ཇུས་ཀྱི་མཐོ་ཚད་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་སྤྱི་ཡོངས་བྱ་བའི་འབུར་ཐོན་གོ་གནས་སུ་བཞག་སྟེ། ཧ་ཅང་མཐོང་ཆེན་བྱས་པ་དང་གྲུབ་འབྲས་མངོན་གསལ་བླངས། བསམ་བློའི་ངོས་ཟིན་སྔར་ལས་ཇེ་ཟབ་ཏུ་གཏོང་དགོས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱུ་དེ་བརྟན་ཚུགས་གཉིས་བརྩི་སྲུང་བྱེད་པའི་བྱེ་བྲག་གི་འགུལ་སྐྱོད་དུ་བརྩི་བ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ལག་བསྟར་བྱེད་པ། སྟོབས་ཤུགས་ཡོད་རྒུས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་འགོག་ར་བརྟན་པོ་བཙུགས་ནས། མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་ཁག་ཁུར་འབད་འཐབ་ཀྱིས་སྲོག་ཆགས་རྩི་ཤིང་དང་རི་ཆུ་ནགས་གསུམ་ལ་སྲུང་སྐྱོབ་བྱེད་དགོས། ལས་འགན་གཙོ་བོ་སྔར་ལས་གཙིགས་སུ་འཛིན་དགོས། ཚད་གཞི་མཐོ་བའི་ངང་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པ་དང་། སྤུས་ཚད་མཐོ་བའི་ངང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པ། རྒྱུ་སྤུས་དང་ཕན་འབྲས་མཐོ་བའི་ངང་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཆུ་ཚད་མཐོ་བའི་ངང་ཐཱན་རྩེར་སོན་གྱི་སྔོན་སྐྱོད་ཚོད་ལྟ་སྤེལ་བ། ལང་གནས་མཐོ་བའི་ངང་སྐྱེ་ཁམས་ཁོར་ཡུག་གནད་དོན་དག་ཐེར་ལེགས་བཅོས་བྱེད་དགོས། སྒྲིག་གཞི་རྐྱེན་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་དགོས། རང་བྱུང་ཐོན་ཁུངས་རྒྱུ་ནོར་དང་སྐྱེ་ཁམས་སྲུང་སྐྱོབ་སླར་གསོ། སྐྱེ་ཁམས་ཁ་གསབ་དང་རིགས་མི་འདྲ་བའི་རང་བྱུང་སྲུང་སྐྱོབ་ས་ཆར་སྲུང་སྐྱོབ་བྱེད་པ་སོགས་ཀྱི་ཁྱབ་ཁོངས་ནས་འབྲེལ་ཡོད་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་སྒྲིག་ལམ་གཏན་འབེབས་བྱེད་པ་དང་འཐུས་ཚང་དུ་གཏོང་བ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པའི་འཆར་གཞི་འགོད་པ། ཆེད་དོན་ལག་བསྟར་ཇུས་གཞི་སྒྲིག་བཟོ་བྱེད་དགོས། འགོ་ཁྲིད་ལས་བྱེད་པའི་སྐྱེ་ཁམས་ཁོར་ཡུག་གནོད་ཐེབས་འགན་འཁྲི་རྩད་གཅོད་ལམ་ལུགས་དང་རང་བྱུང་ཐོན་ཁུངས་རྒྱུ་ནོར་ལས་རྐང་དང་ཁ་འབྲལ་དུས་རྩིས་བཤེར་བྱེད་པའི་ལམ་ལུགས་ལག་བསྟར་བྱེད་དགོས། འགན་འཁྲི་ལག་བསྟར་བྱེད་པར་སྔར་ལས་ཤུགས་སྣོན་དགོས། གནད་འགག་གྲངས་ཉུང་གི་སྣེ་ཁྲིད་སྐུལ་འདེད་ནུས་པ་འདོན་སྤེལ་བྱེད་པ་དང་། ཏང་སྲིད་གཉིས་ཀྱིས་འགན་མཉམ་ཁུར་བྱེད་པ་དང་ལས་རྐང་གཅིག་ནས་འགན་འཁྲི་གཉིས་ཕྲག་ཏུ་ལེན་པར་བརྟེན་ནས་འགན་སྒྲུབ་བྱེད་པར་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་འགོ་ཁྲིད་ཚན་ཆུང་དང་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་གི་འགན་འཁྲི་འཐུས་ཚང་དུ་གཏོང་བ་དང་། འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གིས་གཅིག་འདོམས་མཐུན་སྦྱོར་ཇེ་དྲག་ཏུ་གཏོང་བ་དང་ལྟ་སྐུལ་བཀོད་གཏོང་ལ་ཤུགས་བསྣན་ནས། ཁོངས་གཏོགས་སྡེ་ཁག་གིས་རང་འགན་རང་ཁུར་བྱེད་དགོས།
ཝུའུ་ཞའོ་ཅུན་གྱིས་བསྟན་དོན། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་བཏང་སྟེ་ལག་བསྟར་དམ་འཛིན་བྱེད་པ་དང་། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པས་བསམ་བློར་དྲག་ཆས་སྤྲས་པ། སློབ་སྦྱོང་ནན་མོ་དང་ཡིད་ཆེས་བརྟན་པོ། ལག་བསྟར་བཟང་བོ་བྱེད་པ། འགུལ་སྐྱོད་དངོས་ཀྱི་སྟེང་ནས་བརྟན་ཚུགས་གཉིས་བརྩི་སྲུང་བྱེད་པ་དང་སྲུང་སྐྱོང་གཉིས་ལག་བསྟར་བྱེད་པ། སྤྱི་ཡོངས་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་འཆར་འགོད་དང་སྐུལ་འདེད་བཏང་སྟེ། ཆབ་སྲིད་ཀྱི་རང་རྟོགས་དང་བསམ་བློའི་རང་རྟོགས། འགུལ་སྐྱོད་ཀྱི་རང་རྟོགས་མཐོན་པོས་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་དགོས། བྱ་བའི་འགན་འཁྲི་གཏན་ཁེལ་བྱས་ནས་ལག་བསྟར་དམ་འཛིན་བྱེད་པ་དང་། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་ལག་བསྟར་བྱེད་པར་དམིགས་ནས། ལྗང་མདོག་འཕེལ་རྒྱས་དང་སྐྱེ་ཁམས་མཛའ་མཐུན་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་མྱུར་དུ་འཛུགས་སྐྲུན་བྱེད་པ། ལས་འགན་གཙོ་བོའི་རྩིས་ཐོ་ལ་ཤན་སྦྱོར་བ། མཉམ་དུ་ལག་བསྟར་དང་མཉམ་དུ་དཔྱད་ཞིབ་བྱེད་པའི་ལག་བསྟར་རྐྱེན་སྲོལ་འཛུགས་པ། ལྟ་ཞིབ་ལྟ་སྒྲུབ་ལ་ཤུགས་སྣོན་པ། རྗེས་འདེད་ལས་བརྩོན་ལ་ཤུགས་བསྣན་ནས། ལས་འགན་གཙོ་བོ་སྣ་ཚོགས་ལག་བསྟར་བྱེད་པར་ཁག་ཐེག་བྱེད་དགོས། གཅིག་འདོམས་མཐུན་སྦྱོར་དང་མཉམ་འབྲེལ་ལ་ཤུགས་བསྣན་ནས་ལག་བསྟར་དམ་འཛིན་བྱེད་པ་དང་། སེམས་ཤུགས་གཅིག་ཏུ་བསྒྲིལ་བ་དང་མཐུན་སྦྱོར་མཉམ་འབྲེལ་བྱེད་པ། མཉམ་ཤུགས་གྲུབ་པར་བྱེད་པ། དུས་བཅད་ལྟར་སྤུས་ཚད་མཐོ་བའི་ངང་ལས་འགན་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་པ། ཁྱབ་གདལ་དུ་བཏང་བའི་ཉམས་མྱོང་བྱེད་ཐབས་སྤྱི་སྡོམ་བྱེད་པ། སྤྱོད་ཚུལ་འཛུགས་སྐྲུན་གོ་སྐབས་གསར་བ་དང་སྒུལ་ནུས་གསར་བར་བརྩིས་ནས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པའི་ཐད་ནས་ཆུ་ཚད་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས།
ཚོགས་ཐོག་ཏུ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཝང་ཝེ་ཏུང་གིས2021ལོའི་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་བའི་གནས་ཚུལ་དང2022ལོའི་ལས་འགན་གཙོ་བོ་ཁྱབ་བསྒྲགས་བྱས། འབྲེལ་ཡོད་ས་ཁུལ་གྱིས་བརྗེ་རེས་གཏམ་བཤད་གནང་བ་དང་། མདོ་དབུས་མཐོ་སྒང་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་རུ་འཛུགས་སྐྲུན་བྱེད་པའི2022ལོའི་བྱ་བའི་གཙོ་གནད་ལ་གྲོས་ཞིབ་བྱས། ཀྲའོ་ཡུའེ་ཞ་དང་ཝང་ཏཱ་ནན། ཀྲུའུ་ཞང་ཧྥིན། ལིའུ་ཐའོ་བཅས་གྲོས་ཚོགས་ལ་ཞུགས།
རིན་ཆེན་མཚོས་བསྒྱུར།