མཚོ་སྔོན་ཞིང་ཆེན་སྲིད་གཞུང་ལས་ཁུངས་ཀྱི་སྤྱོད་ཚུལ་འཛུགས་སྐྲུན་བྱ་བའི་གྲོས་ཚོགས་ཟི་ལིང་དུ་བསྡུས།
2022.06.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 25

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྲིད་གཞུང་ལས་ཁུངས་ཀྱི་སྤྱོད་ཚུལ་འཛུགས་སྐྲུན་བྱ་བའི་གྲོས་ཚོགས་ཟླ་དྲུག་པའི་ཚེས་ཉེར་གཅིག་ཉིན་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་པའི་རྣམ་བཤད་གལ་ཆེན་དངམཚོ་སྔོན་དུ་རྟོག་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྲིད་གཞུང་ལས་ཁུངས་ཀྱི་སྤྱོད་ཚུལ་འཛུགས་སྐྲུན་ཐད་ཀྱི་འབུར་ཐོན་གནད་དོན་ལ་དམ་དུ་དམིགས་པ། སྤྱོད་ཚུལ་བསྒྱུར་བ་དང་སྔོན་ཐོན་བརྩོན་ལེན་བྱེད་པའི་སྤྱོད་ཚུལ་འཛུགས་སྐྲུན་འགུལ་སྐྱོད་བརྟན་བརླིང་དུ་གཏོང་བ། ལག་བསྟར་དམ་འཛིན་དང་སྤྱོད་ཚུལ་བསྒྱུར་བ། སློབ་སྦྱོང་ནན་མོ་བྱེད་པ་དང་སྔོན་ཐོན་བརྩོན་ལེན་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་མྱུར་དུ་འཛུགས་སྐྲུན་བྱེད་པའི་ཐད་སྤྱོད་ཚུལ་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས།

ཝུའུ་ཞའོ་ཅུན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་སྲིད་གཞུང་ལས་ཁུངས་སུ་སྤྱོད་ཚུལ་བསྒྱུར་བ་དང་སྔོན་ཐོན་བརྩོན་ལེན་བྱེད་པའི་སྤྱོད་ཚུལ་འཛུགས་སྐྲུན་འགུལ་སྐྱོད་སྤེལ་བ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། སྲིད་གཞུང་གི་བྱ་བའི་མདུན་དུ་ལྷགས་པའི་གནས་བབ་གསར་བ་དང་ལས་འགན་གསར་བར་རྐང་བཙུགས་ནས། ཞིང་ཆེན་ཏང་ཨུའི་སྤྱོད་ཚུལ་འཛུགས་སྐྲུན་གྱི་བཀོད་སྒྲིག་རེ་བ་ལག་བསྟར་བྱེད་པའི་འགུལ་སྐྱོད་དངོས་ཡིན་པས། ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་རེ་བར་ངོས་འཛིན་ཟབ་མོ་བྱེད་པ་དང་། སྲིད་གཞུང་ལས་ཁུངས་ཀྱི་སྤྱོད་ཚུལ་བསྒྱུར་བའི་ཐད་ཀྱི་གནས་བབ་ལས་འགན་ལ་ངོས་འཛིན་ཟབ་མོ་བྱེད་པ། སྲིད་གཞུང་ལས་ཁུངས་ཀྱི་སྔོན་ཐོན་བརྩོན་ལེན་བྱེད་པའི་ལོ་རྒྱུས་ཀྱི་དགོས་ངེས་ལ་ངོས་འཛིན་ཟབ་མོ་བྱས་ཏེ། སྤྱོད་ཚུལ་བསྒྱུར་བ་དང་སྔོན་ཐོན་བརྩོན་ལེན་བྱེད་པའི་བྲེལ་མྱུར་འདུ་ཤེས་དང་འགན་འཁྲི་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས།

ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། སྲིད་གཞུང་གི་འགན་འཁྲི་གཙོར་འཛིན་པ་དང་། སྤྱོད་ཚུལ་བསྒྱུར་བ་དང་སྔོན་ཐོན་བརྩོན་ལེན་བྱེད་པའི་ཁ་གཏད་རང་བཞིན་དང་ཕན་འབྲས་རང་བཞིན་རྒྱུན་མ་ཆད་པར་མཐོར་འདེགས་གཏོང་དགོས། ཆབ་སྲིད་ཀྱི་ལངས་གནས་སྟེང་ནས་སྤྱོད་ཚུལ་བསྒྱུར་བ་དང་སྔོན་ཐོན་བརྩོན་ལེན་བྱས་ནས། ཆབ་སྲིད་བརྡར་གཅོད་ཀྱི་ནུས་པ་དང་ཆབ་སྲིད་གོ་རྟོགས་ཀྱི་ནུས་པ། ཆབ་སྲིད་ལག་བསྟར་གྱི་ནུས་ཁ་མཐོར་འདེགས་གཏོང་དགོས། བདེན་འཛིན་དངོས་གཉེར་ཁྲོད་སྤྱོད་ཚུལ་བསྒྱུར་བ་དང་སྔོན་ཐོན་བརྩོན་ལེན་བྱེད་པ་དང་། གཞི་རིམ་དམ་འཛིན་བྱེད་པ་དང་ལག་བསྟར་དམ་འཛིན་བྱེད་པའི་ཁྲིད་ཕྱོགས་མངོན་གསལ་འཛུགས་པ། རང་འགན་ནན་མོ་བསྒྲུབ་པ་དང་འགན་འཁྲི་དང་ཕན་འབྲས་བརྩོན་ལེན་བྱེད་པའི་ལག་བསྟར་མ་ལག་འཐུས་ཚང་དུ་བཏང་སྟེ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཡོ་བསྲང་བཅོས་སྐྱོང་བྱེད་དགོས། ཁག་ཁུར་བྱེད་ཕོད་པར་བྱེད་པའི་ཁྲོད་སྤྱོད་ཚུལ་བསྒྱུར་བ་དང་སྔོན་ཐོན་བརྩོན་ལེན་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བ། དམངས་ཚིས་བདེ་སྐྱིད་ཇེ་དྲག་ཏུ་གཏོང་བའི་སྟེང་ཁག་ཁུར་འབད་འཐབ་བྱེད་དགོས། སྤུས་འདེགས་ནུས་སྤེལ་བྱེད་པའི་ཁྲོད་སྤྱོད་ཚུལ་བསྒྱུར་བ་དང་སྔོན་ཐོན་བརྩོན་ལེན་བྱེད་པ་དང་། བྱ་བའི་ཚན་རིག་རང་བཞིན་དང་ཕན་མཐོ་རང་བཞིན། ཡུན་ཕན་རང་བཞིན་མཐོར་འདེགས་གཏོང་དགོས། བསྡུར་སློབ་སྙེག་བརྒལ་ཁྲོད་སྤྱོད་ཚུལ་བསྒྱུར་བ་དང་སྔོན་ཐོན་བརྩོན་ལེན་བྱེད་པ་དང་། མིག་རྒྱ་སྔར་ལས་ཆེན་པོ་དང་སྟོབས་ཤུགས་སྔར་ལས་ཆེན་པོས་བྱ་བ་སྤེལ་དགོས། ནུས་པ་མཐོར་འདེགས་གཏོང་བའི་ཁྲོད་སྤྱིད་ཚུལ་བསྒྱུར་བ་དང་སྔོན་ཐོན་བརྩོན་ལེན་བྱེད་པ་དང་། དཀའ་ངལ་ཁྱད་སེལ་གྱི་བཅོས་བསྒྱུར་འདུ་ཤེས་དང་མིག་རྒྱ་ཡངས་པའི་སྒོ་འབྱེད་འདུ་ཤེས། གདོང་ལེན་སྔོན་བསྐྱོད་ཀྱི་གསར་གཏོད་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས།

ཝུའུ་ཞའོ་ཅུན་གྱིས། རྩ་ལག་མཉམ་བཅོས་བྱེད་པར་དོ་སྣང་བྱེད་པ་དང་། སྤྱོད་ཚུལ་བསྒྱུར་བ་དང་སྔོན་ཐོན་བརྩོན་ལེན་བྱེད་རྒྱུ་དེ་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་དགོས། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། གཟབ་ནན་དངོས་གཉེར་རྒྱུན་འཁྱོངས་བྱེད་པ། དཔེ་སྟོན་སྣེ་ཁྲིད་ཇེ་དྲག་ཏུ་གཏོང་བ། གནད་དོན་བརྟག་བཤེར་ནན་མོ་བྱེད་པ། དག་ཐེར་ལེགས་བཅོས་ཡང་དག་བྱེད་པ། བཟང་བསྟོད་ངན་རྨད་བྱེད་པའི་ཐད་ནས་འདྲ་མཉམ་ཡོང་དགོས་པ། སྲ་བརྟན་མཐོར་འདེགས་བཟང་བོ་བྱེད་པ། ཚད་གཞི་སྔར་ལས་མཐོན་པོ་དང་བྱེད་ཐབས་སྔར་ལས་བཟང་བོ། སྟོབས་ཤུགས་སྔར་ལས་ཆེན་པོས་སྤྱོད་ཚུལ་བསྒྱུར་བ་དང་སྔོན་ཐོན་བརྩོན་ལེན་བྱེད་པ། རྒྱུན་འཁྱོངས་ལྷོད་མེད་བྱེད་པ་དང་ཡུན་རིང་བྱས་རྗེས་འཇོག་པ། སྤྱོད་ཚུལ་འཛུགས་སྐྲུན་ཐད་ནས་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་བཏང་སྟེ། འགུལ་སྐྱོད་དངོས་ཀྱི་སྟེང་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས་པའི་རེ་བ་བཏོན།

ཚོགས་ཐོག་ནས་འབྲེལ་ཡོད་སྲིད་ཇུས་བྱེད་ཐབས་གལ་ཆེན་ལག་བསྟར་བྱས་ནས་གྲུབ་འབྲས་མངོན་གསལ་བླངས་པའི་ས་ཁུལ་དང་སྡེ་ཁག་ལ་ལྟ་ཞིབ་སྐུལ་སློང་བྱེད་པའི་བརྡ་སྦྱོར་སྒྲོག་འདོན་བྱས་པ་དང་། འབྲེལ་ཡོད་སྡེ་ཁག་གིས་གཏམ་བཤད།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཝང་ཝེ་ཏུང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར་དང་ཧྲིན་ཀྲང་གཞོན་པ་ཁོང་ཡུང་། དབྱང་ཧྥིན་ཁྲུན། ལིའུ་ཐོ། དབྱང་ཀྲི་ཝུན། ལིས་ཧུང་ཡ་བཅས་གྲོས་ཚོགས་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།