ཟླ་དྲུག་པའི་ཚེས་ཉེར་གཉིས་ཉིན་ནས་ཚེས་ཉེར་ལྔ་ཉིན་བར། མཚོ་སྔོན་ཞིང་ཆེན་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་ཧྲན་ཏུང་ཞིང་ཆེན་དུ་སོང་ནས་སློབ་སྦྱོང་དང་རྟོག་ཞིབ་བྱས། ཚེས་ཉེར་བཞི་ཉིན་གྱི་ཕྱི་དྲོར། ཧྲན་ཏུང་ཞིང་ཆེན་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་ཁ་གཏད་རོགས་སྐྱོར་བྱ་བའི་བཞུགས་མོལ་ཚོགས་འདུ་ཅི་ནན་ནས་བསྡུས། ཧྲན་ཏུང་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལིས་ཀན་ཅེ་ཡིས་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཞིན་ཁྲང་ཞིང་གིས་གཏམ་བཤད།
ཧྲན་ཏང་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཀྲིག་ནེ་ཞང་། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གཉིས་ཀྱིས་སོ་སོར་ཞིང་ཆེན་གཉིས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བའི་གནས་ཚུལ་ངོ་སྤྲོད་བྱས་པ་མ་ཟད། ཞིང་ཆེན་གཉིས་ཀྱི་སྲིད་གཞུང་གི་ཚབ་བྱས་ནས་ལོ་ལྔའི་འཆར་གཞི་བཅུ་བཞི་པའི་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་བཀོད།
ལིས་ཀན་ཅེ་ཡིས་ཧྲན་ཏུང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་མཚོ་སྔོན་ཞིང་ཆེན་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་ཧྲན་ཏུང་དུ་རྟོག་ཞིབ་བྱེད་པར་ཡོང་བར་དགའ་བསུ་ཞུས་པ་དང་། མཚོ་སྔོན་ཞིང་ཆེན་གྱིས་དུས་ཡུན་རིང་བོར་ཧྲན་ཏུང་གི་བྱ་བའི་རྒྱབ་སྐྱོར་བྱས་པ་དང་ཧྲན་ཏུང་གི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པར་སེམས་ཁུར་དང་གཟིགས་སྐྱོང་བྱས་པར་བཀའ་དྲིན་ཞུས་ལ། མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་པར་བརྩི་འཇོག་ཡིད་སྨོན་བྱས། ཁོས་བཤད་རྒྱུར། མིག་སྔར། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཧྲན་ཏུང་བྱ་བའི་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་རེ་བ་ལག་བསྟར་ནན་མོ་བྱེད་བཞིན་པའི་སྒང་ཡིན་པ་དང་། མདུན་གྲས་སུ་བསྐྱོད་པ་དང་རྣམ་པ་གསར་བ་བསྐྲུན་པའི་དམིགས་པ། བློ་བརྟན་འགྱུར་མེད་ཀྱིས་རིམས་ནད་འགོག་སྡོམ་བྱེད་པ་དང་དཔལ་འབྱོར་ཇེ་བརྟན་དུ་གཏོང་བ། འཕེལ་རྒྱས་ཐད་ནས་བདེ་འཇགས་ཡིན་པར་བྱེད་པའི་དོན་ཆེན་གསུམ་པོ་དམ་འཛིན་བྱེད་པ། དཔལ་འབྱོར་འཁོར་རྒྱུག་གཏན་འཇགས་ཁྲོད་ནས་འཕེལ་རྒྱས་སུ་གཏོང་བ་དང་འཕེལ་རྒྱས་ཁྲོད་སྤུས་འདེགས་བྱེད་པའི་རྣམ་པ་བཟང་བོ་རྒྱུན་འཁྱོངས་བྱེད་པར་སྐུལ་འདེད་བཏང་སྟེ། ཧུར་ཐག་གིས་དུས་རབས་གསར་བའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཞིང་ཆེན་སྟོབས་ལྡན་འཛུགས་སྐྲུན་བྱེད་དགོས། ཏང་ཀྲུང་དབྱང་གིས་ཧྲན་ཏུང་ལ་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་གཟི་བརྗིད་ཀྱི་འགན་འཁྲི་བསྩལ་བའི་ཚུན་དུ། ང་ཚོས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ནན་མོ་བྱས་པ་དང་། ས་དེའི་ཏང་ཨུ་དང་སྲིད་གཞུང་རྒྱབ་རྟེན་དུ་བྱས་ནས། དབུལ་ཐར་མཁྲེགས་གཏོར་དང་དམངས་ཚིས་ལེགས་བསྒྱུར། ཐོན་ལས་མཉམ་ལས། བརྗེ་རེས་འགྲོ་འོང་སོགས་ཕྱོགས་ནས་གྲུབ་འབྲས་ངེས་ཅན་བླངས། མ་འོངས་པར་ཁ་ཕྱོགས་ནས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་རེ་བ་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་ལེན་པ་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ནས་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་བར་ཞབས་འདེགས་ཞུ་བ་དང་དེའི་ཁྲོད་འདྲེས་པར་བྱེད་པའི་ཐད་ནས་ནུས་པ་སྔར་ལས་གལ་ཆེན་འདོན་པ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གསར་གཏོད་ནུས་པ་ཇེ་དྲག་ཏུ་བཏང་སྟེ། འགུལ་སྐྱོད་དངོས་ལ་བརྟེན་ནས་བརྟན་ཚུགས་གཉིས་བརྩི་སྲུང་བྱེད་པ་དང་། སྲུང་སྐྱོབ་གཉིས་ལག་བསྟར་བྱེད་རྒྱུ་ཡིན། ཧྲན་ཏུང་གིས་མཚོ་སྔོན་གྱི་དགོས་མཁོ་དང་ཧྲན་ཏུང་ནུས་པར་རྐང་འཛུགས་པ་དང་། གྲོང་གསེབ་དར་སྤེལ་དང་ཐོན་ལས་འཕེལ་རྒྱས། དམངས་ཚིས་འགན་སྲུང་། རིག་ནུས་རོགས་སྐྱོར་སོགས་ལས་གཞི་དམ་འཛིན་བྱེད་པ། ཁྱབ་ཁོངས་མང་པོའི་བརྗེ་རེས་འགྲོ་འོང་ཇེ་ཟབ་ཏུ་བཏང་ནས། ཞིང་ཆེན་གཉིས་ཀྱི་བརྗེ་རེས་འགྲོ་འོང་ཐད་ནས་གྲུབ་འབྲས་སྔར་ལས་མང་པོ་ལེན་པར་སྐུལ་འདེད་གཏོང་དགོས།
ཞིན་ཁྲང་ཞིང་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ཚབ་བྱས་ནས། ཧྲན་ཏུང་ཞིང་ཆེན་གྱིས་མཚོ་སྔོན་ལ་སྒེར་མེད་རོགས་སྐྱོར་བྱས་པར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། 2021ལོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྔ་གཞུག་ཏུ་ཞིང་ཆེན་གཉིས་ལ་གཟིགས་ཞིབ་མཛད་དེ། ཞིང་ཆེན་གཉིས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་འཆར་གཞི་བཀོད་པ་དང་ཁ་ཕྱོགས་བསྟན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་རྒྱུ་ནི། ང་ཚོ་ཐུན་མོང་གི་ཆབ་སྲིད་འགན་འཁྲི་ཡིན་པས། ཏང་ཀྲུང་དབྱང་གི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་འཐབ་ཇུས་ཀྱི་སྣེ་ཁྲིད་འོག ཧྲན་ཏུང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་དུ་བརྩི་བ་དང་། ཐོན་ལས་འཕེལ་རྒྱས་དང་ཚན་རྩལ་ནུས་འདོན། ཤེས་ལྡན་མི་སྣའི་རོགས་སྐྱོར། གྲོང་གསེབ་དར་སྤེལ། ལས་ཞུགས་ལས་སྐྲུན་སོགས་ལ་དམིགས་ནས་རྒྱབ་སྐྱོར་ཤུགས་ཆེན་བྱས་པས། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བའི་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་པ་དང་། མཚོ་སྔོན་གྱི་འཕེལ་རྒྱས་ཐད་སྒུལ་ཤུགས་གསར་བ་དང་གསོན་ཤུགས་གསར་བ་བསྣན་ལ། མཚོ་སྔོན་གྱི་རིགས་སོ་སོའི་མང་ཚོགས་ཀྱིས་ནམ་ཡང་ཡིད་ལ་དམ་པོར་འཛིན་ངེས། ཧྲན་ཏུང་གིས་རྒྱལ་ཡོངས་ཀྱི་སྤྱོ་ཡོངས་ཁྲོད་གོ་གནས་ཧ་ཅང་གལ་ཆེན་ཟིན་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱེད་པའི་ཆབ་སྲིད་ཀྱི་ལངས་གནས་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་པའི་གསར་གཏོད་བྱེད་ཐབས། རྨ་ཆུའི་རྒྱལ་ཁབ་འཐབ་ཇུས་ལག་བསྟར་བྱེད་པའི་འགན་འཁྲི་ཁག་ཁུར། བཅོས་བསྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་བའི་བྱེད་ཐབས་བཟང་བོ། གསར་རྙིང་སྒུལ་ནུས་བསྒྱུར་སྤོ་ཡི་ཤེད་ཤུགས་ཆེན་པོ། མདུན་གྲས་སུ་བསྐྱོད་པ་དང་རྣམ་པ་གསར་བ་བསྐྲུན་པའི་སྙིང་སྟོབས་སྤོབས་པས། བྱ་བ་སྣ་ཚོགས་ཐད་ནས་གྲུབ་འབྲས་གསར་བ་བླངས་པ་དང་ཉམས་མྱོང་གསར་བ་བསྡུ་ལེན་བྱས་ལ། རྣམ་པ་གསར་བ་གསར་སྐྲུན་བྱས། དེས་མཚོ་སྔོན་གྱི་བྱ་བ་བཟང་བོར་བསྒྲུབ་པའི་ཐད་ནུས་པ་ཆེན་པོ་འདོན་ཐུབ། ཧྲན་ཏུང་དང་མཚོ་སྔོན་གྱི་བརྗེ་རེས་མཉམ་ལས་ཐད་ནས་འགོ་ཚུགས་ས་གསར་བའི་སྟེང་འགྲེང་ཡོད་པ་དང་། ཞིང་ཆེན་གཉིས་ཀྱིས་མུ་མཐུད་དུ་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས། ཐོན་ལས་གནས་བཞི་འཛུགས་སྐྲུན། ཤེས་ལྡན་མི་སྣ་དང་རིག་ནུས་ཀྱི་རྒྱབ་སྐྱོར་སོགས་ཕྱོགས་ཀྱི་མཉམ་ལས་ཇེ་ཟབ་ཏུ་བཏང་སྟེ། མཉམ་དུ་ཧྲན་ཏུང་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་མཉམ་ལས་འཕེལ་རྒྱས་ཀྱི་ལམ་བུ་སྔར་ལས་རྒྱ་སྐྱེད་པར་སྐུལ་འདེད་གཏོང་རྒྱུར་རེ་སྒུག་བྱས་ཡོད།
ཧྲན་ཏུང་དུ་སློབ་སྦྱོང་རྟོག་ཞིབ་བྱེད་སྐབས། མཚོ་སྔོན་ཞིང་ཆེན་གྱི་ཏང་སྲིད་འཐུས་ཚབ་ཚོགས་པས་རྨ་ཆུའི་ཟུར་གསུམ་གླིང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་སོགས་ས་ཆར་རྟོག་ཞིབ་བྱས།
ཧྲན་ཏུང་ཞིང་ཆེན་གྱི་འགོ་ཁྲིད་ཝང་ཡུས་ཡན་དང་ལིའུ་ཆང་། ཚིན་ཙན་རུང་། ཀྲང་ཧའེ་པོ། ཅི་ནན་གྲོང་ཁྱེར་གྱི་ཧྲི་ཀྲང་ཡུས་ཧའེ་ཐེན་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ཝེ་ཏུང་བཅས་འབྲེལ་ཡོད་བྱ་འགུལ་ལ་ཞུགས།
རིན་ཆེན་མཚོས་བསྒྱུར།