ཟླ་དྲུག་པའི་ཚེས་སུམ་ཅུ་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་གྲོང་གསེབ་དར་སྤེལ་ཅུའུ་རུ་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གྲོང་གསེབ་དར་སྤེལ་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ཟབ་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་བཀོད་སྒྲིག་བླང་བྱ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། སྤྱོད་ཚུལ་བསྒྱུར་བ་དང་སྔོན་ཐོན་བརྩོན་ལེན་བྱེད་པའི་སྤྱོད་ཚུལ་འཛུགས་སྐྲུན་འགུལ་སྐྱོད་བརྟན་བརླིང་ངང་སྤེལ་བ། དབུལ་ཐར་མཁྲེགས་གཏོར་གྱི་སྙིང་སྟོབས་དར་སྤེལ་གཏོང་བ། ཆབ་སྲིད་ཀྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་ནུས་པ་ཆུ་ཚད་མཐོར་འདེགས་གཏོང་བ། ལས་འབྲས་བཟང་བོ་བརྩོན་ལེན་བྱེད་པ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱ་སྐྱེད་པ། གྲོང་གསེབ་དར་སྤེལ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་མྱུར་དུ་འཛུགས་སྐྲུན་བྱས་ཏེ། གྲུབ་འབྲས་བཟང་བོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བ་རྒྱལ་ཁའི་ངང་ཚོགས་པར་རྟེན་འབྲེལ་ཞུ་དགོས།
ཝུའུ་ཞའོ་ཅུན་སྔ་གཞུག་ཏུ་ཞིང་ཆེན་གྲོང་གསེབ་དར་སྤེལ་ཅུའུ་ལས་གཞི་ལྟ་སྐུལ་ཁྲུའུ་དང་སྲིད་ཇུས་ཁྲིམས་སྲོལ་ཁྲུའུ། འཆར་འགོད་རྒྱུ་ནོར་ཁྲུའུ་བཅས་ལ་སོང་ནས་བྱ་བ་སྤེལ་བའི་གནས་ཚུལ་ལ་རྟོག་ཞིབ་བྱས་པ་དང་། ཕྱིར་དབུལ་བོར་འགྱུར་བར་བཀག་འགོག་བྱེད་པའི་ལྟ་ཞིབ་ཆ་འཕྲིན་མ་ལག་དང་བརྙན་རིས་སྟེགས་བུ་འཁོར་རྒྱུག་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་པ་མ་ཟད། ལས་བྱེད་པ་དང་བཞུགས་མོལ་བྱས། ཁོས་བསྟན་དོན། མིག་སྔར་མདུན་དུ་ལྷགས་པའི་གནས་བབ་གསར་བ་དང་ལས་འགན་གསར་བར་ངོན་འཛིན་གཏིང་ཟབ་བྱེད་པ་དང་། ནམ་ཡང་ཚད་གཞིར་འཛིན་པ་དང་དཔེ་ལྟ་བྱེད་པ། ནམ་ཡང་སེམས་བདེ་མོ་མི་བྱེད་པ། བྱ་བའི་ཐད་ནས་ཡར་ཐོན་བརྩོན་ལེན་བྱེད་པ། མི་ཚང་མས་སྔོན་ཐོན་བརྩོན་ལེན་བྱེད་པའི་ཆབ་སྲིད་ཀྱི་རང་རྟོགས་དང་འགན་འཁྲིའི་རང་རྟོགས། འགུལ་སྐྱོད་ཀྱི་རང་རྟོགས། སྤྱོད་ཚུལ་གྱི་རང་རྟོགས་ཇེ་དྲག་ཏུ་གཏོང་བ། སྟོབས་ཤུགས་ཡོད་རྒུས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས། གྲོང་གསེབ་དར་སྤེལ་བྱ་བ་སྐས་རིམ་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་དགོས།
ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། སྤྱོད་ཚུལ་བསྒྱུར་བ་དང་སྔོན་ཐོན་བརྩོན་ལེན་བྱེད་པའི་ཁྲོད་ཆབ་སྲིད་ཀྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་བསྟར་བྱེད་པའི་གལ་ཆེན་རང་བཞིན་དང་དཀའ་སྡུག་རང་བཞིན། བྲེལ་མྱུར་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱེད་པ། ལངས་གནས་མཐོན་པོ་དང་སྤྱོད་ཚུལ་ལེགས་པོ། བྱེད་ཐབས་བཟང་བོར་བརྟེན་ནས། ཐོན་ལས་དང་ཤེས་ལྡན་མི་སྣ། རིག་གནས། སྐྱེ་ཁམས་དང་རྩ་འཛུགས་བཅས་དར་སྤེལ་གཏོང་བ་དང་། ཐོན་ལས་དར་སྤེལ་དང་སྐྱེ་ཁམས་སྤུས་ལེགས། ཡུལ་སྲོལ་དཔལ་ཡོན། བཅོས་སྐྱོང་ཕན་ལྡན། འཚོ་བ་འབྱོར་ཕྱུག་ལྡན་པར་བྱེད་དགོས། སྤྱོད་ཚུལ་བསྒྱུར་བ་དང་སྔོན་ཐོན་བརྩོན་ལེན་བྱེད་པའི་ཁྲོད་ནུས་པ་དང་ཆུ་ཚད་མཐོར་འདེགས་གཏོང་བ་དང་། སྤྱི་ཡོངས་ཁོང་དུ་ཆུད་པར་བྱེད་པ་དང་། སྲིད་ཇུས་ལག་བསྟར་བྱེད་པ། གཅིག་འདོམས་མཐུན་སྦྱོར་བྱེད་པ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་པ་དང་ཆུ་ཚད་མཐོར་འདེགས་གཏོང་བ། སྲིད་ཇུས་ཀྱི་སྦྲེལ་མཐུད་དང་མ་དངུལ་བཀོལ་སྤྱོད། ལས་གཞི་ལག་བསྟར། ཐོན་ལས་འཕེལ་རྒྱས། མཉམ་ལས་རོགས་སྐྱོར་སོགས་ལས་འགན་གཙོ་བོར་དམ་དུ་དམིགས་པ། ཕྱོགས་སོ་སོའི་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ། གཅིག་འདོམས་བཀོད་གཏོང་ལ་ཤུགས་སྣོན་པ། བྱ་བ་སྤེལ་ཚད་ཇེ་མགྱོགས་སུ་བཏང་སྟེ། ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་ངང་བྱ་བ་སྣ་ཚོགས་ཐད་ནས་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་གཏོང་དགོས། སྤྱོད་ཚུལ་བསྒྱུར་བ་དང་སྔོན་ཐོན་བརྩོན་ལེན་བྱེད་པའི་ཁྲོད་གྲུབ་འབྲས་བརྩོན་ལེན་བྱེད་པ་དང་། ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་ལ་ཧ་ཅང་མཐོང་ཆེན་བྱེད་པ། གཞུང་ལུགས་དང་ལས་སྒོའི་ཤེས་བྱ་སློབ་སྦྱོང་ལ་ཤུགས་སྣོན་པ། ལམ་ལུགས་ཆ་སྡེབས་ཇེ་དྲག་ཏུ་གཏོང་བ། ནོར་སྲིད་དཔལ་འབྱོར་གྱི་སྒྲིག་ལམ་དུ་ཇེ་དམ་དུ་གཏོང་བ། མ་དངུལ་བཀོལ་སྤྱོད་དོ་དམ་ཚད་ལྡན་དུ་གཏོང་བ། གྲུབ་འབྲས་བརྩོན་ལེན་བྱེད་པའི་སྙིང་སྟོབས་དང་རྣམ་པ་དང་གཟབ་ནན་ཏན་ཏིག་གི་བྱ་བའི་སྤྱོད་ཚུལ་ལ་བརྟེན་ནས། གྲོང་གསེབ་འཕེལ་རྒྱས་སུ་གཏོང་བ་དང་གྲོང་གསེབ་འཛུགས་སྐྲུན་བྱེད་པ། གྲོང་གསེབ་བཅོས་སྐྱོང་བྱེད་པ་སོགས་ཀྱི་བྱ་བའི་ཐད་ནས་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་གཏོང་དགོས།
ཚེ་རིང་ཐར་གྱིས་མཉམ་དུ་རྟོག་ཞིབ་བྱས།
རིན་ཆེན་མཚོས་བསྒྱུར།