ཟླ་བདུན་པའི་ཚེས་ལྔ་ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཞིན་ཁྲང་ཞིང་གིས་འགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཀྲུང་གོ་གུང་ཁྲན་ཏང་ཆབ་སྲིད་གྲོས་མོལ་བྱ་བའི་སྲོལ་ཡིག་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་མཚོ་སྔོན་དུ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པར་མ་ཟད། འབྲེལ་ཡོད་བྱ་བའི་ཡར་ཞུ་ལ་ཉན་པ་དང་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས།
གྲོས་ཚོགས་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཉེར་དྲུག་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་ལས་གཞི་གྲངས་རྨང་གཞིའི་ལམ་ལུགས་གསར་སྐྲུན་དང་སྲིད་འཛིན་ས་ཁུལ་འཆར་འགོད་ལ་ཤུགས་སྣོན་དང་ལེགས་སྒྱུར་བྱེད་པ་དང་། ཚན་རྩལ་འཇོན་མིའི་གདེང་འཇོག་བཅོས་སྒྱུར། རྣམ་པ་ཆེ་བའི་གཏོང་སྤྲོད་སྟེགས་བུའི་ཁེ་ལས་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ་སོགས་ཀྱི་བྱ་བར་བཀོད་སྒྲིག་གལ་ཆེན་བྱས། གཞི་གྲངས་ཀྱི་རྣམ་པ་གསར་བའི་ཐོན་སྐྱེད་རྒྱུ་རྐྱེན་གྱི་ཁྱད་ཆོས་གསལ་བོར་ཤེས་པར་བྱས་ཏེ། གཞི་གྲངས་ཀྱི་ཐོན་དབང་ལམ་ལུགས་དང་གཞི་གྲངས་ཀྱི་རྒྱུ་རྐྱེན་འཁོར་རྒྱུག་དང་བརྗེ་རེས་ལམ་ལུགས། གཞི་གྲངས་རྒྱུ་རྐྱེན་ཚོང་ར་ཅན་གྱི་རྐྱེན་སྲོལ་ལ་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་། ཤར་གྲངས་ནུབ་རྩིས་དང་ཤར་གྲངས་ནུབ་གསོག་གི་གོ་སྐབས་དམ་འཛིན་བྱས་ནས། རང་ཞིང་གི་གྲངས་འཛིན་དཔལ་འབྱོར་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་མྱུར་དུ་སྐུལ་འདེད་གཏོང་དགོས།
གྲོས་ཚོགས་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧུའུ་པེ་ཝུའུ་ཧན་དུ་གཟིགས་ཞིབ་མཛད་སྐབས་རིམས་ནད་འགོག་སྡོམ་དང་དཔལ་འབྱོར་བརྟན་འཇགས་སུ་གཏོང་བ་དང་། འཕེལ་རྒྱས་བདེ་འཇགས་ཐད་ལ་མཛུབ་སྟོན་གལ་ཆེན་གནང་། དེར་སློབ་སྦྱོང་ནན་མོ་བྱེད་པ་དང་གོ་བ་ཟབ་མོ་ལེན་དགོས་ལ། ཕྱི་ནས་ནང་ལ་མཆེད་པ་གཏན་འགོག་དང་ནང་ཁུལ་ནས་བསྐྱར་འཕར་འབྱུང་བ་འགོག་པའི་སྤྱིའི་འཐབ་ཇུས་དང་འགུལ་རྣམ་གཙང་སེལ་གྱི་སྤྱིའི་བྱེད་ཕྱོགས་ལྟར། རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་སྡོམ་བྱེད་ཐབས་དངོས་འབེབས་བཟང་བོ་བྱེད་དགོས། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་སྒོས་འཆར་འགོད་བྱས་ཏེ། དུས་དང་རྣམ་པ་ཀུན་ཏུ་སེམས་ཁུར་བྱེད་པའི་འགན་འཁྲིའི་བསམ་པ་དྲག་པོ་བཅངས་པ་དང་། ཧུར་ཐག་སྒོས་བརྟན་བརླིང་བདེ་ཐང་གི་དཔལ་འབྱོར་ཁོར་ཡུག་དང་རྒྱལ་བདེ་དམངས་སྐྱིད་ཀྱི་སྤྱི་ཚོགས་ཁོར་ཡུག སྤྱོད་གཙང་སྲོལ་བཟང་གི་ཆབ་སྲིད་ཁོར་ཡུག་གསར་སྐྲུན་བྱེད་དགོས།
གྲོས་ཚོགས་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཞང་ཀང་ཕྱིར་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་ཉེར་ལྔ་འགོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྐབས་དྲུག་པའི་སྲིད་གཞུང་གི་འགན་བཞེས་མཛད་སྒོར་ཞུགས་པ་དེ་ལས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞང་ཀང་ལ་ཧ་ཅང་མཐོང་ཆེན་གནང་བ་དང་ཞང་ཀང་གི་སྤུན་ཟླར་ཐུགས་ཁུར་གནང་བ་མཚོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལས་ལོ་རྒྱུས་དང་ད་ལྟ། མ་འོངས་པ་བཅས་གཅིག་ཏུ་སྦྲེལ་ཡོད་ལ། ཞང་ཀང་གིས་དུས་དང་རྣམ་པ་ཀུན་ཏུ་མེས་རྒྱལ་དང་སྐྱིད་སྡུག་མཉམ་མྱོང་དང་འབྲེལ་འདྲིས་དམ་ཟབ་བྱས་པ་དང་། ཞང་ཀང་དར་རྒྱས་དང་བརྟན་འཇགས་ཡིན་པ་དེ་མེས་རྒྱལ་གྱི་རྒྱབ་སྐྱོར་དང་འབྲལ་ཐབས་མེད་ལ། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱེད་ཕྱོགས་ནི་ལག་ལེན་དངོས་ལས་ཡང་དག་ཡིན་པ་བདེན་དཔང་བྱས་པ་ནན་བཤད་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་བྱས་ནས་གོ་བ་ཟབ་མོ་བླངས་ཏེ། ཧུར་ཐག་དང་རང་འགུལ་སྒོས་རང་ཞིང་གི་ཞང་ཀང་དང་འབྲེལ་བའི་བྱ་བ་བཟང་བོར་བསྒྲུབ་དགོས་པ་དང་། དཔལ་འབྱོར་ཉོ་ཚོང་དང་རིག་གནས་ཁྱབ་ཁོངས་སུ་ཞང་ཀང་བར་གྱི་བརྗེ་རེས་དང་མཉམ་ལས་ལ་ཤུགས་བསྣན་ནས། རྒྱལ་ཡོངས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་མཚོ་སྔོན་གྱི་བྱས་རྗེས་འཇོག་དགོས།
གྲོས་ཚོགས་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསེར་གྱོམ་རྒྱལ་ཁབ་ཀྱི་བཟོ་ཚོང་གླེང་སྟེགས་འགོ་རྩོམ་པའི་མཛད་སྒོ་དང་གསེར་གྱོམ་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཐུག་འཕྲད་ཐེངས་བཅུ་བཞི་པ། འཛམ་གླིང་འཕེལ་རྒྱས་ཀྱི་མཐོ་རིམ་གྲོས་མོལ་ཚོགས་འདུའི་སྟེང་གསུང་བཤད་གལ་ཆེན་གནང་བ་དེ་ལས། རྒྱལ་ཁབ་ཆེན་པོའི་གཙོ་འཛིན་གྱིས་ཀུན་ལ་བརྩེ་སེམས་བཅངས་པ་དང་ལོ་རྒྱུས་ཀྱི་འགན་འཁྲི་ཁག་ཁུར་བྱས་ཡོད་པ་གང་ལེགས་སྒོས་མཚོན་ཡོད་པས། སློབ་སྦྱོང་ནན་མོ་བྱས་ནས་གསལ་བོར་ཤེས་པར་བྱེད་པ་དང་། བློ་ཐག་རྦད་ཆོད་སྒོས་ཏང་དང་རྒྱལ་ཁབ་ཀྱི་ཕྱི་འབྲེལ་བྱ་བར་ཞབས་ཞུ་བསྒྲུབ་པ་དང་ལེན་བྱེད་དགོས་ལ། བློ་བརྟན་འགྱུར་མེད་སྒོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ་དང་། རང་འགུལ་སྒོས་འཕེལ་རྒྱས་ཀྱི་ཆགས་སྟངས་གསར་བ་དང་མཉམ་བསྲེས་དང་དེར་ཞབས་ཞུ་བསྒྲུབ་ནས། གསར་སྐྲུན་སྒོ་འབྱེད་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་མྱུར་དུ་འཛུགས་སྐྲུན་བྱེད་དགོས།
གྲོས་ཚོགས་ནས་བསྟན་དོན། ཀྲུའུ་ཞི་ཝང་དབྱང་མཚོ་སྔོན་དུ་ཡོང་ནས་བྱ་བར་རྟོག་ཞིབ་མཛད་པར་མ་ཟད་ཟི་ལིང་ནས་གྲོས་གཞི་གཙོ་བོར་སྒྲུབ་པར་ལྟ་སྐུལ་བྱེད་པའི་གྲོས་མོལ་ཚོགས་འདུ་བསྡུས་པ་དེ་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་དང་ཀྲུའུ་ཞི་ཝང་དབྱང་གིས་མཚོ་སྔོན་གྱི་འཕེལ་རྒྱས་དང་མཚོ་སྔོན་རོགས་སྐྱོར་བྱ་བ། སྲིད་གྲོས་ཀྱི་གྲོས་གཞི་ཐག་གཅོད། ལོ་རྒྱུས་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན། ཁྲིམས་ལྟར་ཆོས་ལུགས་ལས་དོན་གྱི་དོ་དམ། མི་རིགས་མཐུན་སྒྲིལ་ཡར་ཐོན་སྲུང་སྐྱོབ་བཅས་ལ་ཧ་ཅང་མཐོང་ཆེན་གནང་བ་མཚོན་ཡོད། མངགས་བཅོལ་ཡིད་ལ་དམ་པོར་བཅངས་ཏེ་དྲིན་འཇལ་མདུན་སྐྱོད་ཀྱི་ཚད་མཐོན་པོའི་རང་རྟོགས་ནུས་པར་བརྟེན་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་བཏོན་པའི་བླང་བྱ་གལ་ཆེན་དང་ཀྲུའུ་ཞི་ཝང་དབྱང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དངོས་འབེབས་བཟང་བོ་བྱེད་པ་དང་། དོན་དངོས་ཀྱི་གྲུབ་འབྲས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་ཐུགས་ཁུར་ཆེན་པོ་གནང་བར་དྲིན་ལན་འཇལ་དགོས།
གྲོས་ཚོགས་སྟེང་ཉིས་སྟོང་ཉེར་གཉིས་ལོ་ནས་ཉིས་སྟོང་སུམ་ཅུ་ལོའི་བར་གྱི་གཙང་གསུམ་འགོ་ཁུངས་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་འཆར་འགོད་ལ་རྩ་དོན་ཐོག་ནས་གྲོས་འཆམ་བྱུང་།
གྲོས་ཚོགས་སྟེང་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོབ་ལ་སྔར་ལས་ཤུགས་སྣོན་པའི་སྐོར་གྱི་ལག་བསྟར་བསམ་འཆར་དང་མཚོ་སྔོན་ཞིང་ཆེན་གྱི་ཁེ་ལས་འབྲིང་ཆུང་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག་སོགས་ལ་གྲོས་ཞིབ་བྱས།
གྲོས་ཚོགས་ནས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།
བཀྲ་ཤིས་འབུམ་གྱིས་བསྒྱུར།