ཟླ་བདུན་པའི་ཚེས་བདུན་ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཞིན་ཁྲང་ཞིང་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དབྱིན་པའེ་གཉིས་ཀྱིས་ཟི་ལིང་ནས་ཆིན་ཧྭ་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲི་ཆིག་ཡུང་དང་ནུབ་བྱང་ཞིང་ནགས་ཚན་རྩལ་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ལིས་ཞིན་ཝང་སོགས་མཚོ་སྔོན་སློབ་ཆེན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་མཐོ་རིམ་སློབ་གྲྭའི་འགོ་ཁྲིད་པར་ཐུག་འཕྲད་བྱས་པར་མ་ཟད་བཞུགས་མོལ་བྱས།
ཞིན་ཁྲང་ཞིང་གིས་མཐོ་རིམ་སློབ་གྲྭ་སོ་སོའི་འགོ་ཁྲིད་པ་མཚོ་སྔོན་ལ་ཡོང་བར་དགའ་བསུ་ཞུས་པ་དང་། མཐོ་རིམ་སློབ་གྲྭ་སོ་སོས་དུས་ཡུན་རིང་བོར་མཚོ་སྔོན་སློབ་ཆེན་ལ་རོགས་རམ་བྱས་པར་བཀའ་དྲིན་ཆེ་ཞུས། ཁོས་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཐུགས་ཁུར་ཆེན་པོ་གནང་བ་དང་སློབ་གསོ་པུའུ་ཡིས་ཤུགས་ཆེན་པོས་རྒྱབ་སྐྱོར་བྱས་འོག ཆིན་ཧྭ་སློབ་ཆེན་གྱིས་མཐོ་རིམ་སློབ་གྲྭ་ལྔ་ཁྲིད་དེ་ཚོགས་པ་རང་བཞིན་གྱི་རོགས་སྐྱོར་བྱས་ནས། མཚོ་སྔོན་གྱི་འཕེལ་རྒྱས་ཐད་ལ་དགོས་མཁོ་ཆེ་བའི་འཇོན་མི་མང་པོ་སྐྱེད་སྲིང་བྱས་པ་དང་། དེ་ལས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཁྱབ་སྟོབས་གང་ལེགས་སྒོས་མཚོན་པར་བྱས་ཡོད་ལ། དེ་ནི་ནང་དོན་ཕུན་སུམ་ཚོགས་པའི་ཀྲུང་གོའི་གཏམ་རྒྱུད་ཅིག་རེད། དེང་སྐབས་ཞིང་ཆེན་ཡོངས་ཀྱི་གོང་འོག་ཀུན་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དང་དངོས་འབེབས་བཟང་བོ་བྱེད་བཞིན་ཡོད་པས། མཐོ་རིམ་སློབ་གྲྭ་སོ་སོས་སྔོན་ཆད་དང་འདྲ་བར་མཚོ་སྔོན་ལ་སློབ་ཆེན་ལ་རོགས་རམ་བྱེད་དགོས་པ་དང་། མཐོ་སྒང་དང་ཐོན་ཁུངས། ནུས་ཁུངས་བཅས་ལ་རྐང་བཙུགས་ཏེ། སྐྱེ་ཁམས་དཔལ་ཡོན་མཐོ་གནས་གསར་སྐྲུན་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པ་གཅིག་སྡུད་བྱེད་པ་དང་། ཚན་ཞིབ་སྟེགས་བུ་དང་བསླབ་ཚན་འཛུགས་སྐྲུན། འཇོན་མི་སྐྱེད་སྲིང་ལ་རོགས་སྐྱོར་བྱེད་ཤུགས་སྔར་ལས་ཇེ་ཆེར་གཏོང་དགོས། མཚོ་སྔོན་གྱིས་མུ་མཐུད་དུ་ཞབས་ཞུའི་འགན་སྲུང་བྱ་བ་བཟང་བོར་བསྒྲུབ་ནས། ཁ་གཏད་རོགས་སྐྱོར་བཟང་བོ་བྱེད་པར་ཆ་རྐྱེན་སྐྲུན་པ་དང་བར་སྟོང་རྒྱ་བསྐྱེད་པར་མ་ཟད་ཁ་གཏད་རོགས་སྐྱོར་ཐད་ནས་གྲུབ་འབྲས་བཟང་བོ་ཐོབ་པར་སྐུལ་འདེད་གཏོང་ངེས་ཡིན་ཟེར།
ཆིག་ཡུང་གིས་སྐབས་རིམ་བྱུང་གི་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མཚོ་སྔོན་སློབ་ཆེན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བར་ཧ་ཅང་མཐོང་ཆེན་བྱས་པར་བཀའ་དྲིན་ཆེ་ཞུས། ཁོས་བཤད་དོན། ལོ་ཉེར་གཅིག་གི་རིང་ལ། མཐོ་རིམ་སློབ་གྲྭ་སོ་སོས་སློབ་ཁྲིད་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པ་དང་མཚོ་སྔོན་སློབ་ཆེན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བླ་མེད་ལས་དོན་ཁྲོད་དུ་ནུས་ཤུགས་གང་ཡོད་བཏོན་པས། ངོ་མཚར་ཆེ་བའི་བྱས་རྗེས་བསྐྲུན་ཞིང་ཉམས་མྱོང་སྤྱི་བསྡོམས་བྱས་པ་དང་དཔེ་སྟོན་གྱི་ནུས་པ་བཏོན་པར་མ་ཟད་ནུབ་རྒྱུད་འཕེལ་རྒྱས་ཐད་ལ་རྒྱབ་སྐྱོར་ཆེན་པོ་བྱས། ད་ལྟ་ཀྲུང་གོའི་མཐོ་རིམ་སློབ་གསོ་དེ་འཕེལ་རྒྱས་ཀྱི་དུས་སྐབས་གསར་བར་ཞུགས་ཡོད་པ་དང་། མཚོ་སྔོན་སློབ་ཆེན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བ་དེ་ཡང་སྐས་རིམ་གསར་བ་ཞིག་ཏུ་སླེབས་ཡོད་པས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བའི་དགོངས་དོན་ལྟར། གཏན་ཁེལ་བྱས་ཟིན་པའི་དམིགས་འབེན་གསར་བ་དང་འཆར་འགོད་བྱས་པའི་ཇུས་གཞི་གསར་བ། གཏན་ལ་ཕབ་པའི་ལས་འགན་རེའུ་མིག་གཞིར་བཟུང་ནས། ཁ་གཏད་རོགས་སྐྱོར་གྱི་རྣམ་པ་དང་ནང་དོན་ཕུན་སུམ་ཚོགས་པར་གཏོང་བ་དང་། མཐོ་རིམ་སློབ་གྲྭ་སོ་སོ་དང་མཚོ་སྔོན་ཞིང་ཆེན་བར་གྱི་མཉམ་ལས་ཀྱི་བར་སྟོང་རྒྱ་བསྐྱེད་ནས། ཧུར་ཐག་སྒོས་མཚོ་སྔོན་སློབ་ཆེན་དེ་ཞིང་ཆེན་ཡོངས་སུ་མིག་དཔེར་འཛིན་པའི་སློབ་ཆེན་ཞིག་ཏུ་འཛུགས་སྐྲུན་བྱེད་ངེས་ཡིན་ཟེར།
ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་དྲུང་ཡིག་ཆེན་མོ་ཀྲུའུ་ཞང་ཧྥིན་དང་ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན། ཀྲུང་གོ་ས་གཤིས་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་མ་ཅུན་ཅེ། པེ་ཅིང་རྫས་འགྱུར་བཟོ་ལས་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ལིའུ་ཀོས་ཆིན། ཆིན་ཧྭ་སློབ་ཆེན་གྱི་སློབ་གཙོ་གཞོན་པ། ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲི་ཝང་ཀོང་ཆན། ཧྭ་ཏུང་རང་བྱུང་དང་བཟོ་སྐྲུན་རིག་པའི་སློབ་ཆེན་གྱི་སློབ་གཙོ་གཞོན་པ་དབྱིན་ཧེ་ཧྥིན་སོགས་ཐུག་འཕྲད་ལ་ཞུགས།
བཀྲ་ཤིས་འབུམ་གྱིས་བསྒྱུར།