མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པ་ཟི་ལིང་དུ་བསྡུས།
2022.07.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 9

ཟླ་བདུན་པའི་ཚེས་བཅུ་གསུམ་ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པ་ཟི་ལིང་དུ་བསྡུས། གྲོས་ཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩིས་བཤེར་བྱ་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱས་ཤིང་། ཀྲུང་དབྱང་གི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། རང་ཞིང་གི་ལག་བསྟར་དང་དངོས་འབེབས་བྱ་བར་ཞིབ་འཇུག་བྱས་པར་མ་ཟད་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཞིན་ཁྲང་ཞིང་གིས་གྲོས་ཚོགས་ལ་འགོ་འཛིན་བྱས་པར་མ་ཟད་གཏམ་བཤད་པ་དང་། ཧྲིན་ཀྲང་། ཞིང་ཆེན་ཏང་ཨུའི་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝུའུ་ཞའོ་ཅུན་གྱིས་གཏམ་བཤད།

ཞིན་ཁྲང་ཞིང་གིས་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རྩིས་བཤེར་བྱ་བར་ཧ་ཅང་མཐོང་ཆེན་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེངས་གང་མང་ལ་རྩིས་བཤེར་བྱ་བའི་ཐད་གསུང་བཤད་གལ་ཆེན་གནང་བ་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་ནས། ང་ཚོས་བྱ་བ་བཟང་བོར་བསྒྲུབ་པར་ཁ་ཕྱོགས་གསལ་བོ་བསྟན་པ་དང་བསྲུང་བྱ་འདོན་སྤྲོད་བྱས། སྲུང་སྐྱོང་གཉིས་བཟང་བོར་བསྒྲུབ་པ་དང་ཏང་གི་རང་ངོས་གསར་བརྗེ་ལ་སྐུལ་འདེད་གཏོང་བ། ཏང་དང་རྒྱལ་ཁབ་ཀྱི་ལྟ་རྟོག་མ་ལག་འཐུས་ཚང་དུ་གཏོང་བ། བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་དང་འཐབ་རྩོད་བྱེད་པར་ཤུགས་སྣོན་པའི་མཐོ་ཚད་ནས། བསམ་བློའི་ངོས་ཟིན་མཐོར་འདེགས་སུ་གཏོང་བ་དང་། ལྟ་སྐུལ་འགན་འཁྲིའི་ནུས་པ་ཇེ་ཆེར་གཏོང་དགོས་ལ། རྐྱེན་སྲོལ་ཆ་ཚང་དང་འཐུས་ཚང་དུ་གཏོང་བ་དང་།  ལྟ་སྐུལ་གྲུབ་འབྲས་བཀོལ་སྤྱོད་བཟང་བོ་བྱེད་པར་མ་ཟད། རང་རྟོགས་སྒོས་དག་ཐེར་ལེགས་སྒྱུར་ལ་གཤིབ་སྡུར་བྱས་ཏེ། ལམ་ལུགས་དང་ཚད་གཞི། བརྒྱུད་རིམ་བཅས་སྔར་ལས་ཚད་ལྡན་དུ་གཏོང་བ་དང་། རྩིས་བཤེར་ལྟ་སྐུལ་དང་ཏང་ནང་ཁུལ་གྱི་རིགས་སོ་སོའི་ལྟ་སྐུལ་དེ་རོགས་ལས་ནུས་མཐོ་དང་སྦྲེལ་དགོས་ལ།  རིམ་གཅིག་རིགས་གཅིག་གི་ཉེན་བརྡའི་སློབ་གསོར་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ་དང་། གནད་དོན་གསལ་སྟོན་དང་དོ་དམ་ཚད་ལྡན། བཅོས་སྒྱུར་ཟབ་སྤེལ་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ། རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱེད་མི་ཉན་པ། རུལ་སུངས་བྱེད་མི་འདོད་པར་གཞི་གཅིག་ཏུ་སྐུལ་འདེད་བཏང་ནས། སྔར་ལས་སྟོབས་ལྡན་གྱི་ལྟ་སྐུལ་མཉམ་ཤུགས་ཆགས་པར་བྱེད་པ་དང་། བཅོས་སྐྱོང་གྲུབ་འབྲས་ཆེན་པོ་ལེན་པ། ཀྲུང་དབྱང་གི་བྱེད་ཕྱོགས་དང་སྲིད་ཇུས་དང་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དང་དངོས་འབེབས་དོན་འཁྱོལ་བྱེད་རྒྱུར་འགན་སྲུང་བྱེད་དགོས།

ཞིན་ཁྲང་ཞིང་གིས་བསྟན་དོན། རྩིས་བཤེར་གྱིས་ཏང་གི་རང་ངོས་གསར་བརྗེ་ལ་སྐུལ་འདེད་གཏོང་བའི་ཁྲོད་དུ་ནུས་པ་གལ་ཆེན་འདོན་དགོས། ཁྱོན་ཡོངས་ལ་དམིགས་ཏེ། རྒྱུན་མཐུད་སྒོས་དཔལ་འབྱོར་བརྟན་བརླིང་ངང་འཁོར་སྐྱོད་བྱེད་པའི་རིགས་སོ་སོའི་སྲིད་ཇུས་ལག་བསྟར་དང་དངོས་འབེབས་གནས་ཚུལ་ལ་རྩིས་བཤེར་བྱེད་པར་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་དམངས་ཚིས་གཙོ་བོ་དང་དེ་མིན་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཁྱབ་ཁོངས་སོ་སོའི་བཅོས་སྒྱུར་ལས་འགན་གལ་ཆེན་དང་བཅོས་སྒྱུར་བྱེད་ཐབས་གལ་ཆེན་དངོས་འབེབས་གནས་ཚུལ་ལ་རྩིས་བཤེར་བྱེད་པར་ཤུགས་སྣོན་དགོས། བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར། རྩིས་བཤེར་ལམ་ལུགས་ཀྱི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། རྩིས་བཤེར་དག་ཐེར་ལེགས་སྒྱུར་དང་ལྟ་སྐུལ་མཛུབ་སྟོན། འགན་འདྲི་སོགས་ལམ་ལུགས་འཐུས་ཚང་དུ་གཏོང་དགོས་ལ། སྙན་སེང་དང་ཡར་ཞུའི་ལམ་ལུགས་དངོས་འབེབས་ནན་མོ་བྱས་ནས། རྩིས་བཤེར་ལས་ཁུངས་ཀྱིས་ཁྲིམས་ལྟར་རང་ཚུགས་སྒོས་ལྟ་སྐུལ་དབང་ཆ་ལག་བསྟར་བྱེད་པར་འགན་སྲུང་བྱེད་པ་དང་། རྩིས་བཤེར་ལྟ་སྐུལ་ཕན་འབྲས་སྔར་ལས་མཐོར་འདེགས་སུ་གཏོང་དགོས།

ཝུའུ་ཞའོ་ཅུན་གྱིས་བསྟན་དོན། ཆབ་སྲིད་ལངས་གནས་སྟེང་དུ་མཐོར་འདེགས་ཆེན་པོ་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩིས་བཤེར་བྱ་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཏེ། ཆབ་སྲིད་ཀྱི་མཐོང་ལམ་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་གནད་དོན་ལ་ལྟ་ཞིབ་དང་དབྱེ་ཞིབ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་གལ་ཆེན་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བཀོད་སྒྲིག་ནུས་ལྡན་སྒོས་དངོས་འབེབས་བྱེད་རྒྱུར་འགན་སྲུང་བྱེད་དགོས། འགན་འཁྲི་གཙོ་བོ་དང་ལས་རིགས་གཙོ་བོའི་སྟེང་དུ་ནུས་པ་ཐོན་པར་བྱས་ཏེ། སྲིད་ཇུས་དང་བྱེད་ཐབས་དངོས་འབེབས་དང་ནོར་སྲིད་མ་དངུལ་གྱི་གྲུབ་འབྲས། ཉེན་ཁ་གཙོ་བོར་དོགས་ཟོན། དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱེད་པ་སོགས་གཅིག་སྡུད་བྱེད་པ་དང་། རྩིས་བཤེར་ལྟ་སྐུལ་ལ་ཤུགས་བསྣན་ནས། རྒྱལ་ཁབ་རྒྱུ་ནོར་གྱི་སྒོ་སྲུང་མཁན་དང་དཔལ་འབྱོར་བདེ་འཇགས་ཀྱི་སྲུང་སྐྱོབ་མཁན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མཚོ་འགྲུལ་སྲུང་སྐྱེལ་མཁན་བཟང་བོ་བྱེད་དགོས། རང་ངོས་འཛུགས་སྐྲུན་སྟེང་དུ་མཐོར་འདེགས་གསར་བ་ཡོད་པར་བྱེད་དགོས། སྤྱོད་ཚུལ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ་ཁྲིམས་ལྟར་རྩིས་བཤེར་དང་དག་སྲུང་གསར་གཏོད་བྱེད་པ་དང་། རྩིས་བཤེར་བྱ་བའི་སྤུས་ཚད་དང་ཕན་འབྲས་སྤྱི་ཡོངས་ནས་མཐོར་འདེགས་སུ་བཏང་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་མྱུར་དུ་འཛུགས་སྐྲུན་བྱེད་པར་བྱས་རྗེས་གསར་བ་འཇོག་དགོས།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝང་ཝེ་ཏུང་དང་ཝང་དབྱང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཞིང་ཆེན་ཏང་ཨུའི་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཝུའུ་ཧེ་ཁུན་གྲོས་ཚོགས་ལ་ཞུགས།

                                                                                                     བཀྲ་ཤིས་འབུམ་གྱིས་བསྒྱུར།