ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རིན་གྲོས་ཚོགས་ཐེངས་བརྒྱ་དང་བཞི་བ་བསྡུས།
2022.07.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 19

ཟླ་བདུན་པའི་ཚེས་བཅོ་ལྔ་ཉིན་གྱི་ཕྱི་དྲོར། ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རིན་གྲོས་ཚོགས་ཐེངས་བརྒྱ་དང་བཞི་བ་བསྡུས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཡུས་ཚོང་ལི་ཡིས་གྲོས་ཚོགས་ལ་འགོ་འཛིན་བྱས་པ་དང་། ཝང་ལིས་མེན་དང་མ་ཝེ། ཉི་མ་སྒྲོལ་མ། ཉེའོ་ཁྲིན་ཡུན། ཝུའུ་ཧེ་ཁུན། ལིའུ་ཐུང་ཏི། ཀྲང་ཧོང་ཡོན། ཅ་དབྱིན་ཀྲུང་བཅས་གྲོས་ཚོགས་ལ་ཞུགས།

གྲོས་ཚོགས་ནས་ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་བཞི་བར་སྤྲོད་པའི་མི་དོན་བྱ་བའི་གནས་ཚུལ་སྐོར་གྱི་གསལ་བཤད་དང་མཚོ་སྔོན་ཞིང་ཆེན་གྱི་གློག་སྐས་བདེ་འཇགས་སྲོལ་ཡིག་གི་འཆར་ཟིན་བཟོ་བཅོས་མ་ཡིག་དང་ཁེ་ལས་འབྲིང་ཆུང་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཆར་ཟིན་སྲོལ་ཡིག ཞིང་བའི་ཆེད་ལས་མཉམ་ལས་ཁང་གི་འཆར་ཟིན་སྲོལ་ཡིག ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བསྐོ་འཇོག་བྱས་པའི་འབྲེལ་ཡོད་རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་མི་སྣས་འགན་འཁུར་རྗེས་ཀྱི་ལྟ་སྐུལ་བྱེད་ཐབས་ཀྱི་ཚོད་ལྟའི་ལག་བསྟར་འཆར་ཟིན་སྐོར་གྱི་ཡར་ཞུ། ཟི་ལིང་གྲོང་ཁྱེར་གྱི་གཞིས་ཀའི་དོ་དམ་ལ་ཞིབ་བཤེར་བྱེད་པའི་བཟོ་བཅོས་སྲོལ་ཡིག རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ནགས་ཤིང་སྲུང་སྐྱོབ་བཟོ་བཅོས་སྲོལ་ཡིག ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཁོར་ཡུག་སྲུང་སྐྱོབ་བཅའ་ཁྲིམས་ལག་བསྟར་ལ་ཞིབ་བཤེར་བྱས་པའི་སྐོར་གྱི་གནས་ཚུལ། ཉིས་སྟོང་ཉེར་གཉིས་ལོའི་ལོ་སྟོད་ཀྱི་འཆར་འགོད་དང་སྔོན་རྩིས་ལག་བསྟར་གནས་ཚུལ་དང་ཉིས་སྟོང་ཉེར་གཅིག་ལོའི་ཞིང་ཆེན་རིམ་པའི་ནོར་སྲིད་ངེས་རྩིས་དང་རྩིས་བཤེར། དེ་མིན་ཉིས་སྟོང་ཉི་ཤུ་ལོའི་རྩིས་བཤེར་རྩད་ཆོད་གནད་དོན་ལ་དག་ཐེར་བཅོས་སྐྱོང་གནས་ཚུལ་གྱི་སྙན་ཞུ་ལྔ་དང་དེ་མིན་ཉིས་སྟོང་ཉེར་གཅིག་ལོའི་ཞིང་ཆེན་རིམ་པའི་ནོར་སྲིད་ངེས་རྩིས་འཆར་ཟིན་ལ་ཞིབ་བཤེར་བྱས་པའི་མཇུག་འབྲས་སྐོར་གྱི་ཡར་ཞུ། ཞིང་ཆེན་ཡོངས་ཀྱི་འོས་འགན་སློབ་གསོའི་དུས་སྐབས་ཀྱི་སློབ་མའི་ལས་བྱའི་ཁུར་བོ་དང་སློབ་གྲྭའི་ཕྱི་རོལ་གྱི་གསོ་སྦྱོང་ཁུར་བོ་ཇེ་ཡང་དུ་གཏོང་བའི་སྐོར་གྱི་གནས་ཚུལ། ཞིང་ཆེན་ཡོངས་ཀྱི་ཁོར་ཡུག་ཐོན་ཁུངས་འདྲི་གཅོད་བྱ་བའི་གནས་ཚུལ་དང་མི་དོན་བསྐོ་འཐེན་གྲོས་གཞིའི་གནས་ཚུལ་སྐོར་གྱི་ཡར་ཞུ་སོགས་ལ་ཉན་པ་དང་། ཀྲུའུ་རིན་གྲོས་ཚོགས་ནས་གོང་གི་ཡར་ཞུ་དེ་དག་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་བཞི་བར་སྤྲད་ནས་གྲོས་ཞིབ་བྱེད་པར་འཐད་པ་བྱུང་།

གྲོས་ཚོགས་ནས་ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་བཞི་བའི་ཉིན་རེའི་གྲོས་རིམ་འཆར་ཟིན་སྐོར་གྱི་ཡར་ཞུ་ལ་ཉན།

                                                                                                                 བཀྲ་ཤིས་འབུམ་གྱིས་བསྒྱུར།