རིག་གནས་དང་གནས་སྐོར་པུའུ་དང་ཀྲུང་གོའི་དམངས་སྤྱོད་མཁའ་འགྲུལ་ཅུའུ། ཡུན་ནན་ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པའི2022ལོའི་ཀྲུང་གོའི་རྒྱལ་སྤྱིའི་གནས་སྐོར་ཉོ་ཚོང་གྲོས་ཚོགས་ཟླ་བདུན་པའི་ཚེས་ཉེར་བཞི་ཉིན་ཡུན་ནན་ཁུན་མེན་ཏེན་ཁྲི་རྒྱལ་སྤྱིའི་འགྲེམ་སྟེན་ལྟེ་གནས་ནས་གྲོལ། མཚོ་སྔོན་ཞིང་ཆེན་རིག་གནས་དང་གནས་སྐོར་ཐིན་གྱིས་ཞིང་ཆེན་ནང་ཁུལ་གྱི་རིག་གནས་གནས་སྐོར་སྡེ་ཁག་དང་ཁེ་ལས། གཟུགས་འདས་ཤུལ་བཞག་རྣམ་གྲངས་རྩ་འཛུགས་བྱས་ནས་ཐེངས་འདིའི་གནས་སྐོར་ཉོ་ཚོང་གྲོས་ཚོགས་ལ་ཞུགས། ཟླ་བདུན་པའི་ཚེས་ཉེར་བཞི་ཉིན་བསྡུས་པའི་སྤྱི་སྡོམ་གྲོས་ཚོགས་སྟེང་། མཚོ་སྔོན་གྱི་འགྲེམ་ཚོགས་ལ་ཞུགས་པའི་ཕུལ་བྱུང་རྩ་འཛུགས་བྱ་དགའ་དང་ཕུལ་བྱུང་འགྲེམ་སྟེགས་བྱ་དགའ་ཐོབ།
སྐབས་འདིའི་གནས་སྐོར་ཉོ་ཚོང་གྲོས་ཚོགས་ཀྱི་དྲ་ཐོག་དང་ཡུལ་དངོས་ནས་འགྲེམ་སྟོན་ལ་ཞུགས་པའི་ཕྱི་རྒྱལ་གྱི་རྒྱལ་ཁབ་དང་ས་ཁུལ་དོན་གཅིག་ལ་སླེབས་པ་དང་། རྒྱལ་ནང་གི་འགྲེམ་སྟོན་ལ་ཞུགས་པའི་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་སོ་གཅིག་ཡོད། དེའི་ཁྲོད་སྒེར་ཚུགས་འགྲེམ་ཚོགས་ཉིས་བརྒྱ་དང་རེ་གཅིག་འདུ་བ་དང་། འགྲེམ་ཞུགས་ཐོན་རྫས་ནང་ལྗོངས་རྒྱུ་ཁུལ་དང་གནས་སྐོར་ཚོང་རྫས་སོགས་ལས་རྣམ་སྣ་བརྒྱ་ལྷག་ཡོད། མཚོ་སྔོན་ཞིང་ཆེན་གྱི་འགྲེམ་ཁང་གི་ཆེ་ཆུང་ལ་རྒྱ་ཁྱོན་རྨིད་གྲུ་བཞི་མ་བརྒྱ་དང་ཞེ་ལྔ་ཡོད་པ་དང་། འགྲེམ་སྟེགས་སྤྱིའི་་ཇུས་འགོད་ཐད་ནས་རབ་མཛེས་མཚོ་སྔོན་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་འབེན་ས་ཆ་འཛུགས་སྐྲུན་བྱེད་པ་བརྗོད་སྙིང་དུ་བྱས་ནས། མཚོ་སྔོན་ཞིང་ཆེན་གྱིས་རིག་གནས་གནས་སྐོར་མཉམ་བསྲེས་ངང་འཕེལ་རྒྱས་སུ་གཏོང་བའི་གྲུབ་འབྲས་དང་རང་མཛེས་མཚོ་སྔོན་གྱི་སྐྱེ་ཁམས་འགུག་ཤུགས་འགྲེམ་སྟོན་བྱས། དེའི་ཁྲོད། མཚོ་སྔོན་ཞིང་ཆེན་གྱི་ཧོར་རིགས་གཙགས་དྲུབ་དང་ཐང་ཀ་སོགས་འགྲེམ་ཞུགས་ཐོན་རྫས་བཟོ་སྐྲུན་ལག་ཤེས་སྒྱུ་རྩལ་དང་རིག་གནས་གསར་རྩོམ་ཐོན་རྫས་ཀྱིས་སྐུ་མགྲོན་མང་པོ་ནང་འགུག་བྱས། ཚེས་ཉེར་གཉིས་ཉིན་གྱི་ཕྱི་དྲོར། མཚོ་སྔོན་འགྲེམ་ཚོགས་ཀྱིས་ཡུལ་དངོས་དང་དྲ་ཐོག་གི་ཁ་གཏད་གྲོས་མོལ་གྲོས་ཚོགས་བསྡུས་ནས། འགྲེམ་ཞུགས་ཁེ་ལས་ཀྱིས་ཕྱོགས་ཡོངས་དང་ཟུར་ངོས་མང་པོ་ནས་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་དང་གནས་སྐོར་གྱི་ལས་རྣམ་གསར་བ་དང་ཐོན་རྫས་གསར་བ་འགྲེམ་སྟོན་བྱས་པ་དང་། དྲ་ཐོག་ནས་གེགས་མེད་བརྗེ་རེས་གྲོས་མོལ་བྱེད་པའི་ཐད་མཉམ་སྤྱོད་མཉམ་རྒྱལ་གྱི་ཕྱོགས་གཉིས་སྣེ་ཁྲིད་སྟེགས་བུ་བཙུགས། རྒྱུས་ལོན་བྱུང་བ་དང་ལྟར། འགྲེམ་ཚོགས་དུས་ཡུན་ཉིན་གསུམ་རིང་ཡིན་ལ། མཚོ་སྔོན་འགྲེམ་སྟེགས་ཀྱིས་བསྡོམས་པས་འགྲེམ་ཞུགས་ཚོང་བ་དང་མང་ཚོགས་ཁྲི་གཉིས་ལྷག་སྣེ་ལེན་བྱས་པ་དང་། རིགས་མི་འདྲ་བའི་དྲིལ་སྒྲིག་ཡིག་ཆ་ཁྲི་གཅིག་དང་སྟོང་གཉིས་ལྷག་བཀྲམས་ཏེ། རབ་མཛེས་མཚོ་སྔོན་གྱི་སྐྱེ་ཁམས་གནས་སྐོར་གྱི་ཤན་ཤུགས་དང་མཚན་སྙན་མཐོར་འདེགས་བཏང་།
རིན་ཆེན་མཚོས་བསྒྱུར།