ཟླ་བརྒྱད་པའི་ཚེས་བརྒྱད་ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་དམངས་ཆེན་བྱ་བའི་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་ལེགས་སྒྱུར་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ཀྲུང་དབྱང་དམངས་ཆེན་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱས་ལ། རང་ཞིང་གི་དམངས་ཆེན་བྱ་བར་སྔར་ལས་ཤུགས་སྣོན་པ་དང་ལེགས་བསྒྱུར་བྱེད་པ་དང་། དམངས་ཆེན་ལམ་ལུགས་ཀྱི་དགེ་མཚན་བཅོས་སྐྱོང་ཕན་ནུས་སུ་བསྒྱུར་ནས། ཧུར་ཐག་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་བྲིས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཞིན་ཁྲང་ཞིང་གིས་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས།
ཞིན་ཁྲང་ཞིང་གིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་ལེགས་བསྒྱུར་བྱེད་པའི་ཐད་ནས་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་མཆན་བཀོད་མཛུབ་སྟོན་ལག་ཆེན་རབ་དང་རིམ་པ་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམངས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་ལེགས་བསྒྱུར་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་གྲུབ་པར་བྱས་ནས། ང་ཚོས་དུས་རབས་གསར་བའི་དམངས་ཆེན་བྱ་བ་བཟང་བོར་བསྒྲུབ་པའི་ཐད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་བོ་བསྟན་པ་དང་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས། ཞིང་ཆེན་ཏང་ཨུས་དམངས་ཆེན་བྱ་བའི་ཐད་ཀྱི་ཁྱོན་ཡོངས་འགོ་ཁྲིད་ལ་ཤུགས་བསྣན་པ་དང་། དམངས་ཆེན་གྱིས་ཁྲིམས་ལྟར་འགན་དབང་ལག་བསྟར་བྱེད་པར་རྒྱབ་སྐྱོར་དང་འགན་སྲུང་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དམངས་ཆེན་བྱ་བའི་ཐད་ནས་ཡར་ཐོན་གསར་བ་ཡོང་བར་སྐུལ་འདེད་གཏོང་དགོས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་དམངས་ཆེན་དང་རྒྱུན་ལས་ལྷན་ཁང་གིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་དང་ཞིང་ཆེན་ཏང་ཨུའི་བྱ་བའི་རེ་བ་ལག་བསྟར་ནན་མོ་བྱེད་པ་དང་། ཁྲིམས་བཀོད་འགན་འཁྲི་ལག་བསྟར་བྱས་ལ། དམངས་ཆེན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ཞིང་ཆེན་ཡོངས་ཀྱི་དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྲུན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་བྱས་རྗེས་གལ་ཆེན་བཞག
ཞིན་ཁྲང་ཞིང་གིས་ནན་གྱིས་བསྟན་དོན། ཀྲུང་དབྱང་དམངས་ཆེན་བྱ་བའི་གྲོས་ཚོགས་ལ་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དམངས་གཙོ་ཆབ་སྲིད་དང་དམངས་ཆེན་ལམ་ལུགས་ཀྱི་ཆབ་སྲིད་གོ་དོན་དང་གཞུང་ལུགས་གོ་དོན། ལག་ལེན་གོ་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་བ་དང་རྒྱ་བསྐྱེད་པ་དང་། དེ་ནི་མར་ཁེ་སི་རིང་ལུགས་ཀྱི་བདེན་ལུགས་ཀྱི་གཟི་འོད་འཕྲོ་བའི་རྩ་གནད་རང་བཞིན་གྱི་ཡིག་ཚགས་ཡིན་པས། ཀྲུང་དབྱང་དམངས་ཆེན་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་རྒྱུས་ལོན་གསལ་བོ་བྱེད་པ་དང་། དུས་རབས་གསར་བའི་ནང་དམངས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་ལེགས་བསྒྱུར་བྱེད་པའི་དོན་སྙིང་གལ་ཆེན་དང་། དམངས་ཆེན་བྱ་བར་ཤུགས་སྣོན་པ་དང་ལེགས་བསྒྱུར་བྱེད་པའི་མཛུབ་སྟོན་དགོངས་པ། ལས་འགན་གཙོ་བོ་དང་གོ་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་འཕེལ་རྒྱས་སུ་གཏོང་བའི་ངོ་བོ་དང་རེ་བ་བཅས་ལ་རྒྱུས་ལོན་ཡང་དག་བྱས་ཏེ། དུས་རབས་གསར་བའི་དམངས་ཆེན་བྱ་བའི་ཆབ་སྲིད་རང་རྟོགས་དང་བསམ་བློ་རང་རྟོགས། འགུལ་སྐྱོད་རང་རྟོགས་ཇེ་དྲག་ཏུ་གཏོང་དགོས། དམངས་ཆེན་བྱ་བའི་སྤུས་ཚད་དང་ཆུ་ཚད་ཁྱོན་ཡོངས་ནས་མཐོར་འདེགས་གཏོང་བ་དང་། གོ་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་འཕེལ་རྒྱས་སུ་གཏོང་བ་དང་འཐུས་ཚང་དུ་གཏོང་བ། རྩ་ཁྲིམས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པའི་ཁྲོད་སྤུས་ཚད་མཐོ་བའི་ངང་ཁྲིམས་འཛུགས་བྱེད་པ། ཁྲིམས་ལྟར་ལྟ་སྐུལ་ཡང་དག་དང་ཕན་ནུས་ལྡན་པར་བྱེད་པ། ཁྲིམས་ལྟར་ཐག་གཅོད་བསྐོ་གཞག་བྱ་བ་བཟང་བོར་བསྒྲུབ་པ། དམངས་ཆེན་འཐུས་མིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། དུས་རབས་གསར་བའི་ཞིང་ཆེན་ཡོངས་ཀྱི་དམངས་ཆེན་བྱ་བ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་དགོས། ཏང་གི་དམངས་ཆེན་བྱ་བའི་ཐད་ཀྱི་ཁྱོན་ཡོངས་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་ཞིང་ཆེན་ཡོངས་ཀྱི་དམངས་ཆེན་བྱ་བར་གཅིག་འདོམས་དང་མཛུབ་སྟོན་བྱེད་པ་རྒྱུན་འཁྱོངས་བྱེད་པ། ཏང་གིས་དམངས་ཆེན་བྱ་བར་འགོ་ཁྲིད་བྱེད་པའི་ལམ་ལུགས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་ལག་བསྟར་བྱེད་པ། གཏན་ཕབ་གཉིས་ཀྱིས་ཐག་ཆོད་རང་བཞིན་གྱི་དོན་སྙིང་ལ་རྒྱུས་ལོན་ཟབ་མོ་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་སྲུང་སྐྱོབ་གཉིས་ལག་བསྟར་བྱེད་དགོས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་དམངས་ཆེན་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རང་སྟེང་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཆབ་སྲིད་འཛུགས་སྐྲུན་དང་རྩ་འཛུགས་འཛུགས་སྐྲུན། ལམ་ལུགས་འཛུགས་སྐྲུན། སྤྱོད་ཚུལ་འཛུགས་སྐྲུན་བཅས་རྒྱུན་མཐུད་ངང་དམ་འཛིན་བྱས་ནས། གྲུབ་འབྲས་བཟང་བོས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས།
ཝུའུ་ཞའོ་ཅུན་གྱིས་འགོ་མཛིན་བྱེད་སྐབས་བསྟན་དོན། ཐེངས་འདིའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་རྒྱུས་ལོན། ལག་བསྟར་བཟང་བོ་བྱེད་དགོས། ཆབ་སྲིད་ཀྱི་ལངས་གནས་ཇེ་མཐོར་བཏང་ནས་ལག་བསྟར་དམ་འཛིན་བྱེད་ན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་སྡེ་ཁག་སོ་སོས་གཏན་ཕབ་གཉིས་ཀྱི་ཐག་ཆོད་རང་བཞིན་གྱི་དོན་སྙིང་ལ་རྒྱུས་ལོན་ཟབ་མོ་བྱེད་པ་དང་། སྲུང་སྐྱོབ་གཉིས་མཐའ་གཅིག་ཏུ་ལག་བསྟར་བྱེད་པའི་ཆབ་སྲིད་ཀྱི་མཐོ་ཚད་ནས། གནས་བབ་གསར་བ་དང་ལས་འགན་གསར་བ།་རེ་བ་གསར་བར་རྒྱུས་ལོན་ཡང་དག་བྱེད་པ། བསམ་བློ་དང་འགུལ་སྐྱོད་གཉིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་རེ་བའི་སྟེང་གཅིག་གྱུར་བྱེད་པ། བདེན་འཛིན་གསར་གཏོད་ཁྲོད་དུས་རབས་གསར་བའི་དམངས་ཆེན་བྱ་བའི་སྤུས་ཚད་དང་ཆུ་ཚད་མཐོར་འདེགས་གཏོང་བ། དམངས་ཆེན་ལམ་ལུགས་ཀྱི་དགེ་མཚན་དེ་མཚོ་སྔོན་བཅོས་སྐྱོང་དང་སྲིད་འཛིན་པའི་གྲུབ་འབྲས་དངོས་སུ་བསྒྱུར་བར་སྐུལ་འདེད་བཏང་སྟེ། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པས་གཏན་ཁེལ་བྱས་པའི་མཛེས་སྡུག་གི་འཆར་གཞི་མངོན་འགྱུར་བྱེད་པའི་ཐད་སྟོབས་ཤུགས་བསྡུ་པ་དང་འགན་སྲུང་འདོན་སྤྲོད་བྱེད་དགོས། ལས་འགན་གཙོ་བོར་གཞིགས་ནས་ལག་བསྟར་དམ་འཛིན་བྱེད་པ་དང་། ཞིང་ཆེན་ཏང་ཨུས་བཏོན་པའི་ལག་བསྟར་ཇུས་གཞི་ལ་དམིགས་པ། གནད་དོན་གྱི་ཁྲིད་ཕྱོགས་དང་དམིགས་འབེན་གྱི་ཁྲིད་ཕྱོགས། གྲུབ་འབྲས་ཀྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། བྱ་བའི་བྱེད་ཐབས་ཇེ་དྲག་ཏུ་གཏོང་བ། ལས་འགན་གྱི་གསལ་ཕྲ་འཛུགས་པ། རེ་རེ་བཞིན་ལག་བསྟར་དམ་འཛིན་བྱེད་པ་དང་གཙོ་གནད་དམ་འཛིན་བྱེད་པ། དམ་འཛིན་ལྷོད་མེད་བྱེད་པ། ཚད་གཞི་སྔར་ལས་མཐོ་བ་དང་ལས་ཆོད་སྔར་ལས་མཐོ་བ། སྤུས་ཚད་སྔར་ལས་མཐོ་བའི་སྒོ་ནས་བྱ་བ་སྣ་ཚོགས་ལག་བསྟར་བྱེད་པ་དང་གྲུབ་འབྲས་ལེན་པར་སྐུལ་འདེད་གཏོང་དགོས། བྱ་བའི་མཉམ་ཤུགས་གཅིག་ཏུ་བསྡུས་ནས་ལག་བསྟར་དམ་འཛིན་བྱེད་ན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་དམངས་ཆེན་ལས་ཁུངས་ཀྱི་བྱ་བ་སྤེལ་བའི་ཐད་ནུས་པ་འདོན་སྤེལ་བྱེད་པ་དང་ཆ་རྐྱེན་བཟང་བོ་བསྐྲུན་པ། དམངས་ཆེན་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་ལྟར་ལྟ་སྐུལ་དབང་ཆ་ལག་བསྟར་བྱེད་པར་རྒྱབ་སྐྱོར་དང་འགན་སྲུང་བྱས་ནས། སེམས་ཤུགས་གཅིག་བསྒྲིལ་གྱིས་ཞིང་ཆེན་ཡོངས་ཀྱི་དམངས་ཆེན་བྱ་བ་ཆུ་ཚད་གསར་བ་བསླེབ་པར་བྱེད་པ་དང་རྣམ་པ་གསར་བ་བསྐྲུན་དགོས།
ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཡུས་ཚོང་ལི་ཡིས་ཞིང་ཆེན་ཏང་ཨུའི་ཀྲུང་དབྱང་དམངས་ཆེན་བྱ་བའི་གྲོས་ཚོགས་ཀྱི་ལས་འགན་གཙོ་བོ་བགོ་བཤའ་བྱེད་པའི་ཇུས་གཞི་དངོས་འབེབས་བྱེད་པའི་སྐོར་གྱི་ལག་བསྟར་ཇུས་གཞི་ཐད་ནས་གསལ་བཤད་བྱས། ཁོས་ནན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུའི་ལག་བསྟར་ཇུས་གཞི་ཕྱིར་བཏོན་པ་དང་ཞིང་ཆེན་ཏང་ཨུའི་དམངས་ཆེན་བྱ་བའི་གྲོས་ཚོགས་བསྡུས་པ་དེས། མི་དམངས་དམངས་ཆེན་ལམ་ལུགས་ཀྱི་དགེ་མཚན་མཚོ་སྔོན་བཅོས་སྐྱོང་དང་སྲིད་འཛིན་པའི་གྲུབ་འབྲས་དངོས་ལ་བསྒྱུར་བར་སྐུལ་འདེད་བཏང་སྟེ། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པས་གཏན་ཁེལ་བྱས་པའི་མཛེས་སྡུག་གི་འཆར་གཞི་མངོན་འགྱུར་བྱེད་པའི་ཐད་སྟོབས་ཤུགས་གཅིག་བསྡུས་བྱེད་དགོས། ཁོས་བསྟན་དོན། ལག་བསྟར་ཇུས་གཞི་ལག་བསྟར་བྱེད་པའི་ཐད་ནས་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་ཇེ་བརྟན་དུ་གཏོང་བ་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་དང་ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་བགྲོད་ལམ་བཅས་ཐད་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ནམ་ཡང་གཅིག་གྱུར་མཐོན་པོ་བྱེད་དགོས། ཏང་གི་ཁྱོན་ཡོངས་འགོ་ཁྲིད་ལ་རྒྱུན་འཁྱོངས་བྱེད་པ་དང་། ས་གནས་ཏང་ཨུས་ཏང་ཀྲུང་དབྱང་གི་སྲིད་ཇུས་བྱེད་ཕྱོགས་ཆེན་པོ་ལག་བསྟར་བྱེད་པའི་བཀོད་སྒྲིག་ལ་དམིགས་ནས་དམངས་ཆེན་བྱ་བ་གཏན་པེལ་དང་འཆར་འགོད། སྐུལ་སྤེལ་བྱེད་དགོས། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ནུས་པ་མཐོར་འདེགས་གཏོང་བ་དང་སྒྲིག་སྲོལ་དང་ལམ་ལུགས་འཛུགས་པ། དཀའ་གནད་ཐག་གཅོད་པའི་སྟེང་ཕན་འབྲས་ལེན་ཐུབ་པར་བྱེད་དགོས། སྤྱི་ཁོགནས་སྤེལ་བ་རྒྱུན་འཁྱོངས་བྱེད་པ་དང་། ཏང་ཨུའི་འགོ་ཁྲིད་འོག དམངས་ཆེན་དང་སྲིད་གཞུང་དང་ཏང་ཨུ། མི་དམངས་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་བཅས་བར་གྱི་འབྲེལ་འདྲིས་བརྗེ་རེས་ལ་ཤུགས་བསྣན་ནས། དུས་རབས་གསར་བའི་དམངས་ཆེན་བྱ་བར་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་གྲུབ་པར་བྱེད་དགོས། བདེན་འཛིན་གསར་གཏོད་རྒྱུན་འཁྱོངས་བྱེད་པ་དང་། ཁྲིམས་སྐྱོང་བསམ་བློ་དང་ཁྲིམས་བཀོད་བྱེད་ཐབས། ཁྲིམས་བཀོད་འགན་དབང་བཀོལ་སྤྱོད་བྱེད་པ། དུས་ཐོག་ཏུ་དམངས་ཆེན་བྱ་བའི་ཁྲོད་བྱུང་བའི་གནད་དོན་གསར་བ་ཐག་བཅད་དེ། དམངས་ཆེན་བྱ་བ་ཆུ་ཚད་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་དགོས།
ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྲིད་གཞུང་འགོ་ཁྲིད་ཚན་ཁག་གི་ཁོངས་མི། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ཁྲིམས་ཁང་། ཞིང་ཆེན་ཞིབ་དཔྱོད་ཁང་བཅས་ཀྱི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་བཅས་གྲོས་ཚོགས་ལ་ཞུགས།
རིན་ཆེན་མཚོས་བསྒྱུར།