ཟླ་བརྒྱད་པའི་ཚེས་ཉེར་གཅིག་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་གྱིས་ཟི་ལིང་གྲོང་ཁྱེར་གྱི་སྟོན་ཁའི་སློབ་འགོ་ཚུགས་པའི་གྲ་སྒྲིག་བྱ་བར་རྟོག་ཞིབ་དང་མཛུབ་སྟོན་བྱེད་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་པ་དང་། སློབ་གསོ་པུའུ་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བླང་བྱ་ཁྱོན་ཡོངས་ནས་དངོས་འབེབས་བྱས་ཏེ། སློབ་གསོའི་སློབ་ཁྲིད་དང་རིམས་ནད་འགོག་སྡོམ། སློབ་གྲྭའི་བདེ་འཇགས་བྱ་བ་སྣ་ཚོགས་བཟང་བོར་སྒྲུབ་པར་གཅིག་གྱུར་སྒོས་འཆར་འགོད་བྱས་ནས། ཉིས་སྟོང་ཉེར་གཉིས་ལོའི་སྟོན་ཁའི་སློབ་སྐབས་བརྟན་བརླིང་དང་གོ་རིམ་ལྡན་པའི་ངང་འགོ་འཛུགས་པར་འགན་སྲུང་བྱེད་དགོས།
དབྱང་ཀྲི་ཝུན་སྔ་གཞུག་ཏུ་ཟི་ལིང་གྲོང་ཁྱེར་སློབ་འབྲིང་བཅུ་གཉིས་པ་དང་མཚོ་སྔོན་སློབ་ཆེན་ཁུ་ནུ་སློབ་གླིང་། ཟི་ལིང་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གླིང་། མཚོ་སྔོན་དགེ་འོས་སློབ་ཆེན་བཅས་ཀྱི་སློབ་ཁྲིད་ཐོག་ཁང་དང་སློབ་མའི་ཟ་ཁང་། དངོས་རྫས་གསོག་འཇོག་ཁང་། སྨན་བཅོས་ཁང་སོགས་ལ་སོང་ནས། སློབ་གསོའི་སློབ་ཁྲིད་གྲ་སྒྲིག་དང་རིམས་ནད་འགོག་སྡོམ་བྱེད་ཐབས། རིམས་འགོག་དངོས་རྫས་གསོག་འཇོག་དང་གྲ་སྒྲིག་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས།
དབྱང་ཀྲི་ཝུན་གྱིས་བསྟན་དོན། དེང་སྐབས་ཀྱི་རིམས་ནད་འགོག་སྡོམ་གནས་བབ་ཀྱི་རྙིང་འཛིང་རང་བཞིན་དང་ཛ་དྲག་རང་བཞིན། འགྱུར་ལྡོག་རང་བཞིན་ལ་ངོས་འཛིན་གསལ་བོ་བྱས་ཏེ། འགྱུར་བ་མེད་པའི་སྒོ་ནས་ཕྱི་ནས་ནང་ལ་མཆེད་པ་འགོག་པ་དང་ནང་ནས་བསྐྱར་འཕར་འབྱུང་བ་འགོག་པའི་སྤྱིའི་ཇུས་གཞི་དང་འགུལ་རྣམ་གཙང་སེལ་གྱི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། སྟོབས་ཤུགས་ཡོད་རྒུས་དགེ་སློབ་ཀྱི་ལུས་ཕུང་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ལ་འགན་སྲུང་བྱེད་པར་མ་ཟད་ཕྱོགས་གང་ཐད་ནས་ནོར་བ་མེད་པར་བྱེད་དགོས། རིམས་ནད་འགོག་སྡོམ་གནས་བབ་ལ་ཕྱོགས་བསྡུས་སྒོས་ཞིབ་འཇུག་དང་བརྡར་གཅོད་བྱེད་པ་དང་། ཚན་རིག་དང་མཐུན་པར་མཛུབ་སྟོན་དང་རིགས་བགར་ཇུས་བསྟར་བྱེད་པ་དང་། དགེ་སློབ་རྣམས་ཀྱི་སོང་ས་འདུག་ཡུལ་དང་བདེ་ཐང་གནས་ཚུལ་གསལ་བོར་ཤེས་པར་བྱེད་དགོས་པ། སློབ་འགོ་ཚུགས་པའི་བྱ་བ་སྣ་ཚོགས་ཁྱོན་ཡོངས་ནས་བཟང་བོར་བསྒྲུབ་དགོས། དྲ་ཐོག་དང་ཡུལ་དངོས་ཟུང་འབྲེལ་བྱེད་པའི་སློབ་གསོའི་འཆར་འགོད་གཏན་འཁེལ་བཟང་བོ་བྱེད་པ་དང་། ཚན་རིག་དང་མཐུན་ཞིང་ལུགས་མཐུན་སྒོས་སློབ་གསོའི་འཕེལ་རིམ་བཀོད་སྒྲིག་བྱེད་པ། རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་བསླབ་ཚན་སློབ་ཁྲིད་གང་ལེགས་བྱས་ནས། སློབ་གསོའི་སློབ་ཁྲིད་སྤུས་ཚད་ལ་འགན་སྲུང་བྱེད་དགོས། ཕྱོགས་བཞིའི་འགན་འཁྲི་དང་ལེན་བཟང་བོ་བྱེད་པ་དང་། མི་ཤུགས་དང་དངོས་ཤུགས། ལག་རྩལ་བཅས་ཀྱི་འགོག་སྲུང་ཆུ་ཚད་ཁྱོན་ཡོངས་ནས་མཐོར་འདེགས་སུ་གཏོང་བ། མཉམ་འགོག་མཉམ་འཛིན་རྒྱུན་འཁྱོངས་བྱེད་པ། བློ་ཐག་རྦད་ཆོད་སྒོས་སློབ་གྲྭའི་བདེ་འཇགས་འགོག་ར་སྲ་བརྟན་དུ་བཏང་ནས། རྒྱ་ཆེའི་དགེ་སློབ་རྣམས་ལ་སློབ་གསོ་སློབ་ཁྲིད་ཀྱི་ཁོར་ཡུག་བཟང་བོ་ཞིག་གསར་སྐྲུན་བྱེད་དགོས།
བཀྲ་ཤིས་འབུམ་གྱིས་བསྒྱུར།