ཞིང་ཆེན་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡིས་བརྙན་རིས་ཀྱི་ལམ་ནས་གྲོས་ཚོགས་བསྡུས།
2022.08.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 34

.ཟླ་བརྒྱད་པའི་ཚེས་ཉེར་ལྔ་ཉིན། ཞིང་ཆེན་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡིས་བརྙན་རིས་ཀྱི་ལམ་ནས་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིམས་ནད་འགོག་སྡོམ་བྱ་བའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་མོ་བྱས་ཤིང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ཁྱོན་ཡོངས་ནས་དངོས་འབེབས་བྱས་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། བཀོད་འདོམས་དཔོན་པོ་ཞིན་ཁྲང་ཞིང་གི་བྱ་བའི་བླང་བྱ་ལྟར། དེང་སྐབས་ཀྱི་གནས་བབ་ལ་དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་རིམས་ནད་འགོག་སྡོམ་བྱ་བར་ཡང་བསྐྱར་བཀོད་གཏོང་དང་ཡང་བསྐྱར་བཀོད་སྒྲིག་བྱས། ཧྲིན་ཀྲང་། བཀོད་འདོམས་དཔོན་པོ་ཝུའུ་ཞའོ་ཅུན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས་པར་མ་ཟད་གཏམ་བཤད།

ཝུའུ་ཞོ་ཅུན་གྱིས་བསྟན་དོན། དེང་སྐབས། རང་ཞིང་གིས་ཕྱི་ནས་ནང་ལ་མཆེད་པ་འགོག་པ་དང་ནང་ནས་བསྐྱར་འཕར་འབྱུང་བ་འགོག་པའི་ལས་འགན་ཧ་ཅང་ལྗིད། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཕྱི་ནས་ནང་ལ་མཆེད་པ་འགོག་པ་དང་ནང་ནས་བསྐྱར་འཕར་འབྱུང་བ་འགོག་པའི་སྤྱིའི་ཇུས་གཞི་དང་འགུལ་རྣམ་གཙང་སེལ་གྱི་སྤྱིའི་བྱེད་ཕྱོགས་ལ་འགྱུར་བ་མེད་པ་རྒྱུན་འཁྱོངས་བྱས་ཏེ། རྙོག་འཛིང་གནས་བབ་དང་ངེས་གཏན་མེད་པའི་རང་བཞིན་ལ་ཚོད་དཔག་གང་ལེགས་བྱེད་པ་དང་། བློ་ཐག་རྦད་ཆོད་སྒོས་ལྷོད་གཡེང་གི་བསམ་བློ་དང་སྟེས་དབང་གི་བསམ་ཚུལ་རྩ་བ་ནས་བསྒྱུར་དགོས། རྒྱུན་མཐུད་སྒོས་འབད་འཐབ་དང་ཕྱོགས་མང་འབད་འཐབ། རོགས་ལས་འབད་འཐབ་རྒྱུན་འཁྱོངས་བྱས་ཏེ། ཕྱི་ནས་ནང་ལ་མཆེད་པ་འགོག་པའི་བྱ་བ་ཁྱོན་ཡོངས་ནས་སྒྲུབ་པ་དང་། ཉེན་ཁར་ཁྱོན་ཡོངས་ནས་ཞིབ་བཤེར་བྱེད་པ། མི་སྣ་གཙོ་བོར་ཁྱོན་ཡོངས་ནས་འགོག་སྡོམ་བྱེད་པ། འགོག་སྡོམ་བྱེད་ཐབས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། ཕྱོགས་སོ་སོའི་འགན་འཁྲི་ཁྱོན་ཡོངས་ནས་དང་ལེན་བྱེད་དགོས་པར་མ་ཟད། མགྱོགས་མྱུར་སྒོས་སྤྱི་ཚོགས་ངོས་ནས་གཙང་སེལ་བྱེད་རྒྱུ་མངོན་འགྱུར་བྱེད་པ་དང་། སྤྱི་ཚོགས་ངོས་ནས་ཡང་བསྐྱར་འགོས་ཁྱབ་ཏུ་འགྲོ་བ་གཏན་འགོག་བྱེད་པ། སྟོབས་ཤུགས་ཡོད་རྒུ་བཏོན་ནས་སྤྱི་ཚོགས་ཀྱི་ཁྱོན་ཡོངས་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་དགོས།

ཝུའུ་ཞའོ་ཅུན་གྱིས་བསྟན་དོན། འགོ་ཁྲིད་ལ་སྔར་ལས་ཤུགས་སྣོན་ཞིང་འགན་འཁྲི་དང་ལེན་གང་ལེགས་བྱེད་པ་དང་། རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་བྱེད་ཐབས་ལེགས་སྒྱུར་བྱེད་པ། ཉིང་སྐྱུར་བརྟན་བཤེར་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་ཉིང་སྐྱུར་བརྟག་བཤེར་ཞིབ་མོ་བྱེད་པ། རིམས་ནད་འགོག་སྡོམ་བྱེད་ཐབས་ཞིབ་ཕྲ་སྒོས་དངོས་འབེབས་བྱས་ནས་མགྱོགས་མྱུར་སྒོས་སྤྱི་ཚོགས་ངོས་གཙང་སེལ་བྱེད་རྒྱུ་མངོན་འགྱུར་བྱེད་དགོས། ལྕགས་ལམ་གྱི་འགག་སྒོ་དང་གཞུང་ལམ་གྱི་འགག་སྒོ། མི་སྣའི་འགག་སྒོ། འགན་འཁྲིའི་འགག་སྒོ་བཅས་གཏན་སྲུང་བྱས་ཏེ། རིམས་ནད་འགྲིམ་འགྲུལ་སྐྱེལ་འདྲེན་བརྒྱུད་ནས་འགོས་ཁྱབ་ཏུ་འགྲོ་བ་འགོག་སྲུང་བྱེད་དགོས། ཉིང་སྐྱུར་དཔེ་དབྱིབས་འཚོལ་ས་དང་གཅིག་བསྡུས་སྒོས་ལོགས་བགར་བྱེད་ས། སྨན་བཅོས་ལས་ཁུངས། འཐབ་ཕྱོགས་དང་པོའི་བྱ་བ་སྒྲུབ་མཁན་བཅས་ལ་དོ་དམ་བྱེད་པ་དང་། སྨན་བཅོས་ཀྱི་གད་སྙིགས་དང་འཚོ་བའི་གད་སྙིགས་རིགས་བགར་གཅིག་བསྡུས་དང་སྐྱེལ་འདྲེན་ཐག་གཅོད་བྱ་བ་ཚད་ལྡན་དུ་གཏོང་དགོས། འཇགས་རྣམ་དོ་དམ་དང་ཉེན་ཁ་ཆེ་བའི་ས་ཁུལ་གྱི་དོ་དམ་སྔར་ལས་ཚད་ལྡན་དུ་བཏང་ནས་མྱུར་དུ་ནད་དུག་འགོས་ཁྱབ་ཏུ་འགྲོ་བ་གཏན་འགོག་བྱེད་དགོས། མཚོ་སྔོན་དུ་ཡོང་བ་དང་ཕྱིར་འགྲོ་བའི་མི་སྣའི་དོ་དམ་བྱེད་ཐབས་དངོས་འབེབས་ནན་མོ་བྱས་ཏེ། ཕྱི་ནས་ནང་ལ་མཆེད་པ་འགོག་པའི་འགོག་ར་གཏན་སྲུང་བྱེད་དགོས། གཅིག་གྱུར་སྒོས་འཆར་འགོད་བྱེད་པར་ཤུགས་སྣོན་ཞིང་རིས་འགེལ་འབད་འཐབ་བྱེད་པ་དང་། འཕྲལ་བསྟུན་འགན་སྲུང་ནུས་པ་ཇེ་ཆེར་གཏོང་བ། འགན་འཁྲི་རྩད་གཅོད་དང་འགན་འདྲི་བྱ་བ་གང་ལེགས་སྒོས་སྒྲུབ་པར་མ་ཟད་སྔར་ལས་གཟབ་ནན་དང་སྔར་ལས་ཞིབ་ཕྲ། སྔར་ལས་ནན་ཏན་བཅས་བྱེད་དགོས།

ཝུའུ་ཞའོ་ཅུན་གྱིས་ས་གནས་སོ་སོ་དང་ལས་ཁུངས་སོ་སོས་བློ་ཐག་རྦད་ཆོད་སྒོས་ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་བླངས་ཏེ། དུས་དང་རྣམ་པ་ཀུན་ཏུ་འགན་འཁྲིའི་བསམ་པ་ཇེ་དྲག་ཏུ་གཏོང་བ་དང་། ལས་འགན་ཁག་ཁུར་བྱེད་པ། དཀའ་ཁག་སྣ་ཚོགས་ཁྱད་སེལ་བྱེད་པ། སྟོབས་ཤུགས་ཡོད་རྒུས་རིམས་ནད་འགོག་སྡོམ་མཁྲེགས་གཏོར་འཐབ་ཇུས་ལག་བསྟར་བྱས་ནས་གྲུབ་འབྲས་བཟང་བོ་ལེན་པ་དང་། དོན་དངོས་ཀྱི་འགུལ་སྐྱོད་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས་པའི་རེ་བ་བཏོན།

ཁྲིན་རོས་ཧྥིན་དང་ཝང་ཏ་ནན། ཁོང་ཡུང་། དབྱང་ཀྲི་ཝུན། ལིས་ཧོང་ཡ་བཅས་གྲོས་ཚོགས་ལ་ཞུགས།

                                                                                                    བཀྲ་ཤིས་འབུམ་གྱིས་བསྒྱུར།