ཟླ་དགུ་པའི་ཚེས་གཉིས་ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རིམས་ནད་འགོག་སྡོམ་ཐག་གཅོད་དང་ཞིང་ཆེན་བཀོད་འདོམས་པུའུ་ཡིས་བརྙན་རིས་གྲོས་ཚོགས་བསྡུས། གྲོས་ཚོགས་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་བཟང་བོ་བྱས་ཏེ། པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་མཚོ་སྔོན་བྱ་བའི་ཚན་ཁག་གིས་བཏོན་པའི་རེ་བ་ལྟར། ལས་འགན་གཙོ་བོ་གཏན་འཁེལ་གསལ་བོ་བྱེད་པ་དང་ཉེན་ཁ་སེལ་ཞིང་མི་འདང་ས་ཁ་གསབ་བྱེད་དགོས་ལ། རིམས་ནད་འགོག་སྡོམ་བྱ་བ་སྣ་ཚོགས་དངོས་འབེབས་ཞིབ་མོ་བྱས་ནས་དོན་ཐོག་ཏུ་འཁྱོལ་བར་བྱེད་པ་དང་། མགྱོགས་མྱུར་སྒོས་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་ངོས་གཙང་སེལ་བྱེད་པའི་དམིགས་འབེན་མངོན་འགྱུར་བྱེད་པ། བློ་ཐག་རྦད་ཆོད་སྒོས་རིམས་ནད་འགོག་སྡོམ་གྱི་མཁྲེགས་གཏོར་དམག་འཐབ་དང་འགོག་རྒོལ་དམག་འཐབ། ཚར་གཅོད་དམག་འཐབ་ལག་བསྟར་བྱས་ནས་གྲུབ་འབྲས་གསར་བ་ལེན་དགོས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། བཀོད་འདོམས་དཔོན་པོ་ཞིན་ཁྲང་ཞིང་གིས་གཏམ་བཤད་པ་དང་། ཧྲིན་ཀྲང་། བཀོད་འདོམས་དཔོན་པོ་ཝུའུ་ཞའོ་ཅུན་གྱིས་འགོ་འཛིན་བྱས། པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་མཚོ་སྔོན་བྱ་བའི་ཚན་ཁག་གི་ཚན་གཙོ་གོ་ཡན་ཧུང་གིས་ན་གོར་མོ་གྲོང་ཁྱེར་གྱི་ཡན་ལག་ཚོགས་ར་ནས་བརྙན་རིས་གཏམ་བཤད་སྤེལ།
ཞིན་ཁྲང་ཞིང་གིས་བསྟན་དོན། དེང་སྐབས། ཞིང་ཆེན་ཡོངས་སུ་རིམས་ནད་འགོག་སྡོམ་བྱ་བ་གནད་འགག་གི་དུས་སུ་སླེབས་ཡོད་པ་དང་། ནད་དུག་འགོས་ཁྱབ་ཏུ་འགྲོ་བ་མགྱོགས་ཤིང་ཁུལ་དང་རྫོང་ཁག་མང་པོ་རུ་ཁྱབ་ཡོད་པ་དང་། ཕྱི་ནང་འགོག་སྲུང་གི་གནོན་ཤུགས་ཆེ་ལ། འཐབ་ཕྱོགས་མང་པོ་ནས་འབད་འཐབ་བྱེད་པའི་ལས་འགན་ཤིན་ཏུ་ལྗིད་པས། ཞིང་ཆེན་ཡོངས་ཀྱི་སྤྱི་ཐུན་འཕྲོད་བསྟེན་མ་ལག་དང་རིམས་ནད་འགོག་སྡོམ་མ་ལག ལས་བྱེད་པའི་ནུས་པའི་སྤྱོད་ཚུལ་ལ་ཉམས་སད་ཐེངས་ཤིག་ཐེག་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཚོ་སྔོན་གྱི་རིམས་ནད་འགོག་སྡོམ་བྱ་བར་ཧ་ཅང་ཐུགས་ཁུར་གནང་བཞིན་ཡོད་ལ། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་རིམས་ནད་གཏན་འགོག་བྱེད་པ་དང་དཔལ་འབྱོར་བརྟན་འཇགས་སུ་གཏོང་བ། འཕེལ་རྒྱས་བདེ་འཇགས་ཡིན་པའི་བླང་བྱ་གལ་ཆེན་ཁྱོན་ཡོངས་ནས་དངོས་འབེབས་བཟང་བོ་བྱས་ཏེ། བློ་བརྟན་འགྱུར་མེད་སྒོས་ཕྱི་ནས་ནང་ལ་མཆེད་པ་འགོག་པ་དང་ནང་ནས་བསྐྱར་འཕར་འབྱུང་བ་འགོག་པའི་སྤྱིའི་ཇུས་གཞི་དང་འགུལ་རྣམ་གཙང་སེལ་གྱི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ངེས་ཤུགས་སྲུང་འཛིན་དང་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། འཐབ་ཇུས་ལག་བསྟར་བྱས་ནས་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ། སེམས་ཤུགས་གཅིག་སྒྲིལ་སྒོས་རིམས་ནད་འགོག་སྡོམ་གྱི་མཁྲེགས་གཏོར་དམག་འཐབ་དང་འགོག་རྒོལ་དམག་འཐབ། ཚར་གཅོད་དམག་འཐབ་ལག་བསྟར་བྱས་ནས་གྲུབ་འབྲས་ཆེན་པོ་ལེན་དགོས།
ཞིན་ཁྲང་ཞིང་གིས་བསྟན་དོན། གནད་ས་འབུར་དུ་ཐོན་པར་བྱེད་པ་དང་གནད་ལ་འཁེལ་བར་འགོག་སྡོམ་བྱས་ཏེ། ཁུལ་དང་རིམ་པ་བགར་བའི་ཁྱད་པར་ཅན་གྱི་གནད་འཁེལ་འགོག་སྡོམ་ཆུ་ཚད་སྔར་ལས་མཐོར་འདེགས་སུ་གཏོང་བ་དང་། རིམས་ནད་འགོག་སྡོམ་བྱེད་ཐབས་ལེགས་སྒྱུར་བྱེད་པ། ན་གོར་མོ་གྲོང་ཁྱེར་གྱི་མཁྲེགས་གཏོར་འཐབ་ཇུས་དང་ནང་ཆེན་རྫོང་གི་མཁྲེགས་གཏོར་འཐབ་ཇུས། ཟི་ལིང་གི་འགོག་རྒོལ་འཐབ་ཇུས་ལག་བསྟར་བཟང་བོ་བྱེད་པ། མགྱོགས་མྱུར་སྒོས་ས་གནས་ཁ་ཤས་སུ་རིམས་ནད་བསྐྱར་འཕར་འབྱུང་ཉེན་ཆེ་བ་ཐག་གཅོད་བྱས་ནས། ནད་དུག་འགོས་ཁྱབ་ཏུ་འགྲོ་བ་གཏན་འགོག་བྱེད་པ་དང་ཡང་བསྐྱར་གཅིག་བསྡུས་རང་བཞིན་སྒོས་འགོས་ཁྱབ་ཏུ་འགྲོ་བ་གཏན་འགོག་བྱེད་དགོས། བློ་ཐག་རྦད་ཆོད་སྒོས་རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་སྡོམ་བླང་བྱ་དངོས་འབེབས་བཟང་བོ་བྱས་ཏེ། འགོག་སྲུང་གི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་འགོག་སྲུང་གི་བྱེད་ཐབས་འཐུས་ཚང་དུ་གཏོང་བ། ཕྱོགས་བཞིའི་འགན་འཁྲི་དང་ལེན་བཟང་བོ་བྱེད་པ། གཞི་རིམ་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། མི་དམངས་མང་ཚོགས་ལ་སྐུལ་སློང་བྱས་ནས། སྔ་མོ་དང་མགྱོགས་པོ། གཟབ་ནན། ཞིབ་ཕྲ་བཅས་བྱེ་བྲག་གི་བྱ་བའི་ཁྲོད་དུ་དངོས་འབེབས་བྱེད་དགོས། གཅིག་གྱུར་སྒོས་འཆར་འགོད་དང་བཀོད་གཏོང་བྱེད་པར་ཤུགས་བསྣན་ཏེ། ཞིབ་བཤེར་མགྱོགས་པ་དང་གནས་སྤོར་བ་མགྱོགས་པ། ལོགས་སུ་བཀར་བ་མགྱོགས་པར་བྱེད་པ་དང་། ཞིབ་བཤེར་བྱེད་དགོས་པར་ཅིས་ཀྱང་ཞིབ་བཤེར་བྱེད་པ་དང་། ལོགས་སུ་བགར་དགོས་པར་ཅིས་ཀྱང་ལོགས་སུ་དགར་བ། སྨན་བཅོས་བྱེད་དགོས་པར་ཅིས་ཀྱང་སྨན་བཅོས་བྱེད་དགོས་པར་མ་ཟད་སྔ་མོ་ནས་གཙང་སེལ་དམིགས་འབེན་མངོན་འགྱུར་བྱེད་པར་བརྩོན་ལེན་བྱེད་དགོས།
ཞིན་ཁྲང་ཞིང་གིས་གནད་འགག་གི་སྐབས་སུ་ལས་བྱེད་པ་རེ་རེ་ཡི་ཁག་ཁུར་དང་ནུས་པ། ཆུ་ཚད་བཅས་ལ་ཉམས་སད་ཐེག་དགོས། རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་འགན་འཁྲི་དང་དུ་ལེན་པ་དང་བློ་ཐག་རྦད་ཆོད་སྒོས་ངོས་ཟིན་ཐོབ་པ་མི་འདང་བ་དང་གྲ་སྒྲིག་བྱས་ཚད་མི་འདང་བ། བྱ་བ་སྒྲུབ་པ་མི་འདང་བ་སོགས་ཀྱི་གནད་དོན་ཁྱད་སེལ་བྱེད་དགོས་པ་དང་། བློ་ཐག་རྦད་ཆོད་སྒོས་མཐོང་ཆུང་དང་ལྷོད་གཡེང་གི་བསམ་ཚུལ། རང་འདོད་རང་འཐད་སོགས་ཀྱི་བསམ་བློ་ལེགས་སྒྱུར་བྱེད་དགོས་ལ། ཏང་དང་མི་དམངས་ལ་འགན་འཁུར་བའི་བསམ་བློ་བཅངས་པ་དང་ཁག་ཁུར་གྱི་ནུས་པ་ལྡན་པའི་སྤྱོད་ཚུལ་ལ་བརྟེན་ནས་ཡུལ་དངོས་སུ་བཀོད་འདོམས་བྱེད་པ་དང་འཐབ་ཕྱོགས་དང་པོར་སོང་ནས་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱེད་པ་དང་། གནད་འཁེལ་ཇུས་བསྟར་བྱེད་དགོས། མི་དམངས་ལྟེ་བ་ཡིན་པའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་བྱས་ཏེ། མང་ཚོགས་ཀྱི་འཚོ་བ་དང་དཔལ་འབྱོར་འཁོར་སྐྱོད་ལ་འགན་སྲུང་བཟང་བོ་བྱེད་པ་དང་། དྲིལ་སྒྲོག་སྣེ་ཁྲིད་དང་གླེང་ཕྱོགས་འགོག་སྡོམ་ལ་ཤུགས་སྣོན་ཞིང་ཞོད་འགོག་གནོད་སེལ་དང་བདེ་འཇགས་ཐོན་སྐྱེད། སྤྱི་ཚོགས་བརྟན་འཇགས་སོགས་ཀྱི་བྱ་བ་སྣ་ཚོགས་དམ་འཛིན་བྱེད་པར་གཅིག་གྱུར་སྒོས་འཆར་འགོད་བྱས་ནས། དཔལ་འབྱོར་དང་སྤྱི་ཚོགས་བརྟན་བརླིང་དང་བདེ་ཐང་ངང་འཕེལ་རྒྱས་སུ་འགྲོ་བར་ཆ་རྐྱེན་བསྐྲུན་དགོས་པར་མ་ཟད་དོན་དངོས་ཀྱི་འགུལ་སྐྱོད་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས།
ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིམས་གནད་འགོག་སྡོམ་བྱ་བའི་སྐོར་གྱི་མཛུབ་སྟོན་དགོངས་དོན་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། བསམ་བློ་གཅིག་གྱུར་དང་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། མི་འདང་ས་ཁ་གསབ་དང་བྱེད་ཐབས་ཞིབ་ཕྲ་ཅན་དུ་བཏང་སྟེ་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་ངོས་གཙང་སེལ་བྱེད་པའི་དམིགས་འབེན་མགྱོགས་མྱུར་ངང་མངོན་འགྱུར་བྱེད་དགོས། དམིགས་འབེན་ལ་དམ་པོར་དམིགས་ཏེ་དོན་འཁྱོལ་དམ་འཛིན་བྱེད་པ་དང་ཞིང་ཆེན་ཡོངས་བསམ་ཇུས་གཅིག་གི་བསམ་བློ་བརྟན་པོར་འཛུགས་པ། གཅིག་གྱུར་མཐུན་སྦྱོར་དང་གཅིག་གྱུར་འཆར་འགོད་ལ་ཤུགས་སྣོན་པ་སོགས་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་རིམས་ནད་འགོག་སྡོམ་གནས་བབ་མུ་མཐུད་དུ་བཟང་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་དགོས། གཙོ་གནད་ལ་དམ་པོར་དམིགས་ཏེ་དོན་འཁྱོལ་དམ་འཛིན་བྱེད་པ་དང་། སྔ་མོ་དང་མགྱོགས་པོ། གཟབ་ནན་བཅས་འབུར་དུ་ཐོན་པར་བྱེད་པ། མགྱོགས་པོའི་ངང་རྒྱལ་ཁ་ལེན་ཐུབ་པར་བྱེད་པ། ནུས་ལྡན་གྱི་རིམས་ནད་འགོག་སྡོམ་བྱེད་ཐབས་སྤྱོད་པ་སོགས་བྱས་ཏེ་རིམས་འགོག་ཐག་གཅོད་བྱ་བ་སོ་སོ་དམ་འཛིན་ནན་མོ་བྱེད་དགོས། མི་འདང་སར་དམ་པོར་དམིགས་ཏེ་དོན་འཁྱོལ་དམ་འཛིན་བྱེད་པ་དང་། ཉིང་སྐྱུར་བཤེར་འཇལ་དང་རྗེས་འདེད་དོ་དམ། ཆ་འཕྲིན་མཉམ་བསྲེས་སོགས་དུས་རིམ་གཙོ་བོ་གཅིག་སྡུད་བྱེད་པ། ཉིང་སྐྱུར་བཤེར་འཇལ་བྱེད་ས་དང་གཅིག་བསྡུས་ལོགས་བཀར་བྱེད་ས། སྨན་བཅོས་སྡེ་ཁག་དང་འཐབ་ཕྱོགས་དང་པོའི་ལས་བྱེད་མི་སྣའི་དོ་དམ་ཚད་ལྡན་དུ་གཏོང་བ་དང་དེར་ཤུགས་སྣོན་པ། ཉེན་ཁ་ཆེ་བའི་མི་སྣའི་གཅིག་བསྡུས་དོ་དམ་དང་སྐྱེལ་འདྲེན་བྱེད་ཐབས་ལག་བསྟར་ནན་མོ་བྱས་ཏེ་རིམས་ནད་ཀྱི་ཉེན་ཁ་སྤྱིའི་ཆ་ནས་ཚོད་འཛིན་བྱེད་ཐུབ་པར་འགན་སྲུང་བྱེད་པ་དང་ཐོབ་སླ་མོ་མིན་པའི་རིམས་འགོག་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས། འགན་འཁྲི་ལ་དམ་པོར་དམིགས་ཏེ་དོན་འཁྱོལ་དམ་འཛིན་བྱེད་པ་དང་། ཕྱོགས་བཞིའི་འགན་འཁྲི་ནན་འཛིན་བྱེད་པ། འགོ་ཁྲིད་ལ་ཤུགས་སྣོན་པ། བྱེད་ཐབས་ལེགས་སྒྱུར་བྱེད་པ། གོང་འོག་མཉམ་བསྲེས་ཀྱི་འགན་འཁྲིའི་སྦྲེལ་ཐག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ་འགོག་སྡོམ་བྱེད་ཐབས་སོ་སོ་ཚན་རིག་དང་མཐུན་ཞིང་གནད་ཕིགས་དང་ནུས་ལྡན་སྒོས་དོན་འཁྱོལ་བྱེད་པར་འགན་སྲུང་བྱེད་པ་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་བདེ་འཇགས་དང་སྤྱི་ཚོགས་སྤྱི་ཡོངས་གཏན་འཇགས་ཡོང་བར་འགན་སྲུང་བྱེད་དགོས།
ཀའོ་ཡན་ཧུང་གིས་ནན་གྱིས་བསྟན་དོན། མཚོ་སྔོན་གྱི་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་རིམས་ནད་འགོག་སྡོམ་བཟང་བོ་བྱེད་པ་དང་དཔལ་འབྱོར་བརྟན་པོ་ཡོང་བར་བྱེད་པ། འཕེལ་རྒྱས་བདེ་འཇགས་ཡོང་བར་བྱེད་པའི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་མོ་བྱེད་པ་དང་། བློ་ཐག་རྦད་ཆོད་དང་མགྱོགས་ཤིང་མྱུར་བ། གཏན་འཇགས་སྒོས་ཐེངས་འདིའི་རིམས་ནད་ལ་ཚོད་འཛིན་བཟང་བོ་བྱས་ཏེ་དུས་ཚོད་ཆེས་ཐུང་ངུའི་ནང་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་ངོས་གཙང་སེལ་བྱེད་པའི་དམིགས་འབེན་སྤུས་ཚད་མཐོན་པོས་མངོན་འགྱུར་བྱེད་དགོས། འཕྲལ་བསྟུན་ཐག་གཅོད་དུས་སྐབས་མཇུག་རྫོགས་རྗེས། རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་སྡོམ་བྱ་བ་བཟང་བོར་སྒྲུབ་པ་དང་། སྔ་མོ་བཞིའི་བླང་བྱ་དོན་འཁྱོལ་བྱེད་པ། ཕྱོགས་བཞིའི་འགན་འཁྲི་ནན་འཛིན་བྱས་ཏེ་རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་བྱེད་དགོས།
ཞིང་ཆེན་གྱི་འགོ་ཁྲིད་པ་ཁྲིན་རུའེ་ཧྥིན་དང་ཝུའུ་ལ་ཙི་པིའེ་ཁོ་རེ་སུའུ་ལི་ཧན། ཀྲུའུ་ཞང་ཧྥིན། ཁོང་ཡུང་། དབྱང་ཀྲི་ཝུན། ལིས་ཧུང་ཡ་བཅས་སོ་སོར་ཞིང་ཆེན་གྱི་ཚོགས་ར་གཙོ་བོ་དང་གྲོང་ཁྱེར་དང་ཁུལ་གྱི་ཡན་ལག་ཚོགས་ར་ནས་གྲོས་ཚོགས་ལ་ཞུགས། གྲོང་ཁྱེར་དང་ཁུལ། ན་གོར་མོ་གྲོང་ཁྱེར། ནང་ཆེན་རྫོང་བཅས་སུ་ཡན་ལག་ཚོགས་ར་བཙུགས་པ་དང་། གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་ཨུའི་འགོ་ཁྲིད་བློ་མཐུན་གཙོ་བོས་ཉེ་དུས་ཀྱི་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བ་ཡར་ཞུ་བྱས།