མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གློད་སྡོམ་ཞབས་གསུམ་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་ནས་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ལེགས་བསྒྱུར་བྱེད་པའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས།
2022.09.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 16

ཟླ་དགུ་པའི་ཚེས་བཅོ་ལྔ་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གློད་སྡོམ་ཞབས་གསུམ་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་ནས་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ལེགས་བསྒྱུར་བྱེད་པའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོང་གཉེར་ཁོར་ཡུག་ལེགས་བསྒྱུར་བྱེད་པའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་ནན་མོ་བྱས་ལ། བྱ་བ་གཙོ་བོ་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

ཝུའུ་ཞའོ་ཅུན་གྱིས་བསྟན་དོན། གློད་སྡོམ་ཞབས་གསུམ་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་ཚོང་གཉེར་ཁོར་ཡུག་ལེགས་བསྒྱུར་བྱེད་པ་ནི། ཚོང་རའི་གཙོ་གཞིའི་གསོན་ཤུགས་དང་འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་ཆེར་སྐྱེད་པའི་གནད་འགག་བྱེད་ཐབས་ཡིན་ལ། མིག་སྔར་གྱི་རྙོག་འཛིང་ཛ་དྲག་གི་གནས་བབ་ལ་ཁ་གཏད་བྱེད་པ་དང་དཔལ་འབྱོར་གཏན་འཇགས་སླར་གསོ་ལ་སྐུལ་འདེད་གཏོང་བའི་མངོན་སུམ་གྱི་གདམ་གསེས་ཀྱང་ཡིན་པས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ནན་མོ་བྱེད་པ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་རེ་བ་ལྟར། གློད་སྡོམ་ཞབས་གསུམ་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། ཚད་ཆེས་ཆེ་བའི་སྒོ་ནས་ཚོང་གཉེར་ཁོར་ཡུག་ལེགས་བསྒྱུར་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་ཆེད་ཕན་ནུས་ཇེ་ཆེར་གཏོང་བ་དང་གསོན་ཤུགས་ཆེར་སྐྱེད་པ། སྒུལ་ཤུགས་སྣོན་པ་དང་། འགུལ་སྐྱོད་དངོས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས།

ཝུའུ་ཞའོ་ཅུན་གྱིས་བསྟན་དོན། སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པའི་སྟེང་རྒྱུན་མཐུད་ངང་ཤུགས་འདོན་པ་དང་། ཚོང་རའི་གཙོ་གཞི་ལ་རོགས་སྐྱོར་གནད་ལ་འཁེལ་བ་བྱེད་པ་དང་ཕན་ཡོད་དགོས་མཁོ་རྒྱ་སྐྱེད་པ། དཀའ་ཁག་ཐག་གཅོད་པ། གློད་སྡོམ་ཞབས་གསུམ་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་ཆེ་ཕྱོགས་སྲིད་ཇུས་ལག་བསྟར་བྱེད་པ་གཉིས་ཟུང་འབྲེལ་བྱས་ནས། དཔལ་འབྱོར་རྒྱུན་མཐུད་དང་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས། མཆན་འགོད་ལེགས་བསྒྱུར་བྱེད་པའི་སྟེང་རྒྱུན་མཐུད་ངང་ཤུགས་འདོན་པ་དང་། མཆན་འགོད་བྱ་བའི་གསལ་ཕྲའི་དོ་དམ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། ཚོང་རའི་གཙོ་གཞི་འཇུག་ཆོག་ཕྱིར་འབུད་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། དངུལ་གཏོང་ཉོ་ཚོང་གི་སྟབས་བདེ་ཚད་མཐོར་འདེགས་བཏང་སྟེ། གསོན་ཤུགས་དང་གསར་སྐྲུན་ནུས་པ་སྔར་ལས་ཆེར་སྐྱེད་དགོས། གོ་རིམ་ཧྲིལ་བོའི་དྲང་གཞག་ལྟ་སྐུལ་སྟེང་རྒྱུན་མཐུད་ངང་ཤུགས་འདོན་པ་དང་། གློད་སྡོམ་གཉིས་གཅིག་གྱུར་བྱེད་པ་རྒྱུན་འཁྱོངས་བྱེད་པ། ལམ་ལུགས་ཅན་གྱི་ལྟ་སྐུལ་དོ་དམ་སྒྲིག་ལམ་འཐུས་ཚང་དུ་གཏོང་བ། ཁྱབ་ཁོངས་གཙོ་བོའི་ལྟ་སྐུལ་དོ་དམ་ཇེ་དྲག་ཏུ་གཏོང་བ། ལྟ་སྐུལ་དོ་དམ་བྱེད་སྟངས་གསར་སྐྲུན་བྱེད་པ། དྲང་གཞག་དཔལ་ཡོན་གྱི་ཁྲིམས་འཛིན་ཚད་ལྡན་དུ་གཏོང་བ། ཁྱོན་ཡོངས་དང་རིམ་པ་མང་པ། ལངས་གཟུགས་ཅན་གྱི་ལྟ་སྐུལ་དོ་དམ་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། འདྲ་མཉམ་སྒོས་དོ་དམ་བྱེད་པ་དང་སྤུས་ཚད་ལྡན་པར་དོ་དམ་བྱེད་དགོས། རྒྱུད་རིམ་ཧྲིལ་བོར་ལག་བསྟར་དམ་འཛིན་བྱེད་པའི་སྟེང་རྒྱུན་མཐུད་ཤུགས་འདོན་བྱེད་པ་དང་། འགན་འཁྲི་ཁག་ཁུར་ཇེ་དྲག་ཏུ་གཏོང་བ། གཅིག་འདོམས་མཐུན་སྦྱོར་བྱེད་པར་ཤུགས་འདོན་པ། ལམ་ལུགས་ཀྱི་འགན་སྲུང་ཇེ་བརྟན་དུ་གཏོང་བ། འཚོལ་ཞིབ་གསར་གཏོད་བྱེད་པར་སྐུལ་སློང་གཏོང་བ། ལྟ་སྐུལ་མཛུབ་སྟོན་དང་དཔྱད་འཇོག་ནན་མོ་བྱེད་པ། སྤྱོད་ཚུལ་བསྒྱུར་བའི་ཐད་ཤུགས་བཏོན་ནས། ཧུར་ཐག་གིས་ཆེས་བཟང་བའི་ཚོང་གཉེར་ཁོར་ཡུག་བསྐྲུན་དགོས།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཝང་ཝེ་ཏུང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་གློད་སྡོམ་ཞབས་གསུམ་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་ནས་ཚོང་གཉེར་ཁོར་ཡུག་ལེགས་བསྒྱུར་བྱེད་པའི་བྱ་བ་སྤེལ་བའི་གནས་ཚུལ་ཁྱབ་བསྒྲགས་བྱས། འབྲེལ་ཡོད་སྡེ་ཁག་དང་ས་ཁུལ་གྱིས་བརྗེ་རེས་གཏམ་བཤད་སྤེལ།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར་དང་། ཧྲིན་ཀྲང་གཞོན་པ་ཁོང་ཡུང་དང་དབྱང་ཧྥིན་ཁྲུན། ལིའུ་ཐོ། དབྱང་ཀྲི་ཝུན། ལིའུ་ཁྲའོ། ལིས་ཧུང་ཡ་བཅས་གྲོས་ཚོགས་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།