ཟླ་དགུ་པའི་ཚེས་བཅུ་དགུ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཞིན་ཁྲང་ཞིང་གིས་མགོ་འཛིན་བྱས་ནས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱ་སྐྱེད་གྲོས་ཚོགས་བསྡུས་ནས། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ལིས་ཅེ་ཞང་ཏང་ཁོངས་ནས་ཕྱིར་ཕུད་རྒྱུ་དང་གཞུང་འགན་ལེན་རྒྱུའི་ཆད་པ་གཅོད་པའི་ཆོད་དོན་བརྒྱུད་སྒྲོག་བྱས། ཚང་མས་མཐའ་གཅིག་ཏུ། ཀྲུང་དབྱང་གིས་ལིས་ཅེ་ཞང་ཏང་ཁོངས་ནས་ཕྱིར་ཕུད་རྒྱུ་དང་གཞུང་འགན་ལེན་པའི་ཆད་པ་གཅོད་པའི་ཆོད་དོན་མཐའ་གཅིག་ཏུ་བརྩི་སྲུང་དང་ལེན་བྱེད་རྒྱུ་ཡིན་པའི་ཚུལ་བསྟན།
ཚོགས་ཐོག་ནས་བསྟན་དོན། ཏང་ཀྲུང་དབྱང་གིས་ཆོག་མཆན་བཀོད་པ་བརྒྱུད་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ལིས་ཅེ་ཞང་ཏང་ཁོངས་ནས་ཕྱིར་ཕུད་རྒྱུ་དང་གཞུང་འགན་ལེན་རྒྱུའི་ཆད་པ་གཅོད་པའི་ཆོད་དོན་ལས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་གིས་ཏང་ལ་དོ་དམ་བྱེད་པ་དང་ཏང་ཁྱོན་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་ཆོད་སེམས་བརྟན་པོ་མཚོན་པ་དང་། ང་ཚོ་ཏང་གིས་རུལ་སུངས་ལ་ངོ་རྒོལ་བྱེད་པ་དང་བཟོད་སྒོམ་ཅུང་ཙམ་ཡང་མི་བྱེད་པར་རུལ་སུངས་ལ་ཆད་གཅོད་བྱེད་པའི་རྣམ་འགྱུར་མཚོན་ལ། ཏང་ཀྲུང་དབྱང་གིས་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་ནན་མོ་བྱེད་པ་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་མཐའ་གཅིག་ཏུ་སྤེལ་བའི་བློ་རྩ་བརྟན་པོ་མཚོད་པར་བྱས་ཡོད།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་བསམ་བློ་དང་འགུལ་སྐྱོད་གཉིས་ཀྲུང་དབྱང་གི་གཏན་ཁེལ་སྟེང་གཅིག་གྱུར་བྱེད་པ་དང་། ཏང་གི་ཆབ་སྲིད་འཛུགས་སྐྲུན་སྣེ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཁྱོན་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པ་རྒྱུན་འཁྱོངས་བྱེད་པ། བརྟན་ཕབ་གཉིས་ཀྱི་ཐག་ཆོད་རང་བཞིན་གྱི་དོན་སྙིང་ལ་རྒྱུས་ལོན་ཟབ་མོ་བྱེད་པ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལེགས་པར་སྒྲུབ་པ་བཅས་བྱས་ཏེ། བསམ་བློ་དང་ཆབ་སྲིད། འགུལ་སྐྱོད་སྟེང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་གཅིག་གྱུར་མཐོན་པོ་བྱེད་དགོས། གྱོད་གཞི་མེ་ལོང་དུ་བྱེད་པ་དང་བསླབ་བྱ་བསྡུ་ལེན་བྱེད་པ། རུལ་སུངས་ལ་ངོ་རྒོལ་བྱེད་པ་དང་འགྱུར་ལྡོག་བཀག་འགོག་བྱེད་པའི་བསམ་བློའི་འགོག་ར་བརྟན་པོ་འཛུགས་པ། ཏང་ལ་བློ་དཀར་པ་དང་ཡིད་རྟོན་ཕུགས་འདུན། དབང་ཆ་ནན་མོར་སྤྱོད་པ། སྤྱོད་ཚུལ་ཁྱིམ་སྲོལ་བཅས་ཀྱི་སྟེང་ཉིན་རྒྱུན་དུ་ཐིག་ཚད་སྒྲིག་པ། ཏང་ལ་བློ་དཀར་བར་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་རྒྱུ་སྤུས་དང་ལས་གཉེར་ལས་སྐྲུན་གྱི་རྩ་བའི་སྔོན་འགྲོ་རུ་བརྩིས་ནས། ཏང་གི་སྒྲིག་ཡིག་དང་ཏང་གི་སྒྲིག་ལམ་སྣ་ཚོགས་བརྩི་སྲུང་ནན་མོ་བྱེད་པ་དང་། གུང་ཁྲན་ཏང་མིའི་དག་གཙང་སྲིད་གཙང་གི་ཆབ་སྲིད་རང་མདངས་རྒྱུན་འཁྱོངས་བྱེད་དགོས། རང་ངོས་གསར་འགྱུར་གཏིང་ཟབ་ཏུ་བྱེད་པ་དང་། ཆབ་སྲིད་སྟེང་ནམ་ཡང་རིག་པ་གསལ་བོ་བྱས་ནས། འགུལ་སྐྱོད་དངོས་ཀྱི་སྟེང་ནས་སྲོག་ཤིང་ལ་བློ་དཀར་བ་དང་སྲོག་ཤིང་ལ་བརྩི་བཀུར་བྱེད་པ། སྲོག་ཤིང་གི་རྗེས་སྙེག་པ། སྲོག་ཤིང་སྲུང་སྐྱོབ་བྱེད་དགོས། ཕུགས་འདུན་ཡིད་རྟོན་ནན་ཡང་ཇེ་བརྟན་དུ་གཏོང་བ་དང་། ཏང་ལ་བློ་དཀར་བའི་ཀུན་སྤྱོད་དང་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་ཀུན་སྤྱོད། རང་གཅུན་ནན་མོ་བྱེད་པའི་ཀུན་སྤྱོད་ལ་བརྩི་བཀུར་བྱེད་དགོས། རང་བཀུར་དང་རང་སྐྱོན་རང་བརྟག་བྱེད་པ། རང་ཉིད་ལ་ཉེན་བརྡ་གཏོང་བ། རང་ཉིད་སྐུལ་སློང་བྱས་ཏེ། སྤྱོད་གཙང་སྒོས་སྲིད་ཞུགས་དང་སྤྱོད་གཙང་སྒོས་དབང་ཆ་སྤྱོད་པ། སྤྱོད་གཙང་སྒོས་རང་གཅུན་བྱེད་པ། སྤྱིད་གཙང་སྒོས་ཁྱིམ་སྐྱོང་དགོས། ཏང་གི་གཙོ་གཞི་འགན་འཁྲི་ཁྱོན་ཡོངས་ནས་ཕྲག་ཏུ་བླངས་ནས། རྒྱུན་མཐུད་ངང་སྤྱོད་གཙང་སྲོལ་བཟང་གི་ཆབ་སྲིད་སྐྱེ་ཁམས་བསྐྲུན་དགོས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱེད་པ་དང་། རིམས་ནད་འགོག་ཐུབ་པ་དང་དཔལ་འབྱོར་བརྟན་འཇགས་སུ་གཏོང་བ། བདེ་འཇགས་ངང་འཕེལ་རྒྱས་སུ་གཏོང་བའི་བླང་བྱ་གལ་ཆེན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། བློ་རྩེ་གཅིག་སྒྲིམ་གྱིས་མཚོ་སྔོན་གྱི་བྱ་བ་བཟང་བོར་བསྒྲུབ་པ། རྒྱུན་འཁྱོངས་ལྷོད་མེད་སྒོས་ཏང་ཁྱོན་ཡོངས་ནས་བཅོས་སྐྱོང་ནན་མོ་བྱས་ཏེ། འགུལ་སྐྱོད་དངོས་ཀྱིས་སྟེང་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས།
རིན་ཆེན་མཚོས་བསྒྱུར།