ཟླ་དགུ་པའི་ཚེས་ཉེར་དྲུག་ཉིན། མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་ལྔ་པ་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཞིན་ཁྲང་ཞིང་དང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཡུས་ཚོང་ལི་དང་མཱ་ཝེ། ཉི་མ་སྒྲོལ་མ། ཉེའོ་ཁྲིན་ཡུན། ཝུའུ་ཧེ་ཁུན། ལིའུ་ཐུང་ཏི། ཀྲང་ཧོང་ཡོན། དྲུང་ཡིག་ཆེན་མོ་ཅ་དབྱིན་ཀྲུང་། དེ་མིན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་བསྡོམས་པས་མི་ཞེ་བདུན་གྲོས་ཚོགས་ལ་ཞུགས་པས། ཁྲིམས་བཀོད་མི་གྲངས་དང་མཐུན། ཞིན་ཁྲང་ཞིང་གིས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོར་འགོ་འཛིན་བྱས།
བསྐོ་འཇོག་བྱེད་རྩིས་ཡོད་པའི་མི་སྣས་བསྐོ་འཇོག་སྔོན་ལ་གཏམ་བཤད།
གྲོས་ཚོགས་ནས་མཚོ་སྔོན་ཞིང་ཆེན་ཁེ་ལས་འབྲིང་ཆུང་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག་འཆར་ཟིན་ལ་གྲོས་ཞིབ་བྱས་པའི་མཇུག་འབྲས་སྐོར་གྱི་སྙན་ཞུ་དང་མཚོ་སྔོན་ཞིང་ཆེན་ཞིང་བའི་ཆེད་ལས་མཉམ་ལས་ཁང་གི་སྲོག་ཡིག་འཆར་ཟིན་ལ་གྲོས་ཞིབ་བྱས་པའི་མཇུག་འབྲས་སྐོར་གྱི་སྙན་ཞུ། མཚོ་སྔོན་ཞིང་ཆེན་སྔོན་རྩིས་གྲུབ་འབྲས་དོ་དམ་སྲོག་ཡིག་འཆར་ཟིན་སྐོར་གྱི་གསལ་བཤད། མཚོ་སྔོན་ཞིང་ཆེན་སྤྱི་བདེ་ལས་ཁུངས་ཀྱི་ཉེན་རྟོག་ལས་རོགས་མི་སྣའི་དོ་དམ་སྲོག་ཡིག་འཆར་ཟིན་སྐོར་གྱི་གསལ་བཤད། མཚོ་སྔོན་ཞིང་ཆེན་དམངས་ཡོངས་ཀྱི་ལུས་སྦྱོང་སྲོལ་ཡིག་འཆར་ཟིན་སྐོར་གྱི་གསལ་བཤད། མཚོ་ཤར་གྲོང་ཁྱེར་གྱི་ས་འོག་ཕྱོགས་བསྡུས་སྦུགས་ལམ་དོ་དམ་སྲོལ་ཡིག་སྐོར་གྱི་གསལ་བཤད། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཁྲིམས་སྐྱོང་ཞིབ་བཤེར་ཚན་ཁག་གི་ཚན་གཙོ་ཀྲང་ཧོང་ཡོན་གྱིས་ཕུལ་བའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལོ་ལོན་གྱི་ཁེ་དབང་འགན་སྲུང་བཅའ་ཁྲིམས་དང་མཚོ་སྔོན་ཞིང་ཆེན་ལོ་ལོན་གྱི་ཁེ་དབང་འགན་སྲུང་སྲོལ་ཡིག་ལག་བསྟར་གནས་ཚུལ་ལ་ཞིབ་བཤེར་བྱས་པའི་སྙན་ཞུ་སོགས་ལ་རིམ་པ་བཞིན་ཉན། གྲོས་ཚོགས་ནས་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར་གྱིས་ཕུལ་བའི་ཞིང་ཆེན་ཡོངས་ཀྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ཁུལ་འཛུགས་སྐྲུན་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་ཉན་པ་དང་གྲོས་ཞིབ་བྱས་པར་མ་ཟད། རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་ཡུལ་ས་ཁུལ་འཛུགས་སྐྲུན་གནས་ཚུལ་སྐོར་གྱི་སྙན་ཞུ་དང་ཉིས་སྟོང་ཉེར་གཅིག་ལོའི་རྒྱལ་དབང་མ་རྩའི་དོ་དམ་གནས་ཚུལ་སྐོར་གྱི་ཕྱོགས་བསྡུས་སྙན་ཞུ། ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བདུན་པའི་འཐུས་མིའི་གྲོས་གཞིའི་བྱ་བ་སྒྲུབ་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་བཅས་ལ་ཉན།
གྲོས་ཚོགས་ནས་མཚོ་སྔོན་ཞིང་ཆེན་སྔོན་རྩིས་གྲུབ་འབྲས་དོ་དམ་སྲོལ་ཡིག་འཆར་ཟིན་སྐོར་གྱི་གྲོས་ཞིབ་བསམ་འཆར་དང་མཚོ་སྔོན་ཞིང་ཆེན་སྤྱི་བདེ་ལས་ཁུངས་ཀྱི་ཉེན་རྟོག་ལས་རོགས་པའི་དོ་དམ་སྲོལ་ཡིག་འཆར་ཟིན་སྐོར་གྱི་གྲོས་ཞིབ་བསམ་འཆར། མཚོ་སྔོན་ཞིང་ཆེན་དམངས་ཡོངས་ཀྱི་ལུས་སྦྱོང་སྲོལ་ཡིག་འཆར་ཟིན་སྐོར་གྱི་གྲོས་ཞིབ་བསམ་འཆར། མཚོ་ཤར་གྲོང་ཁྱེར་གྱི་ས་འོག་ཕྱོགས་བསྡུས་སྦུག་ལམ་དོ་དམ་སྲོལ་ཡིག་སྐོར་གྱི་ཞིབ་བཤེར་སྙན་ཞུ། མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མཚོ་སྔོན་ཞིང་ཆེན་སྐབས་བཅུ་བཞི་པའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མིའི་གྲངས་ཀ་དང་ལས་བགོ། འདེམ་བསྐོ་གནད་དོན་སྐོར་གྱི་ཆོད་དོན་འཆར་ཟིན་སྐོར་གྱི་གསལ་བཤད། ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བདུན་པའི་འཐུས་མིའི་གྲོས་གཞི་གཙོ་བོའི་སྒྲུབ་སྐུལ་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ། འཐུས་མི་ཁ་ཤས་ཀྱི་འཐུས་མིའི་ཐོབ་ཐང་སྐོར་གྱི་ཞིབ་བཤེར་སྙན་ཞུ་བཅས་འགྲེམ་སྤེལ་བྱས།
ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར་དང་ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བ། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲང་ཙིག་ཅུན། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་ཀྲ་ཆིན་ཅིག་སོགས་གྲོས་ཚོགས་ལ་ཟུར་ཞུགས་བྱས།
བཀྲ་ཤིས་འབུམ་གྱིས་བསྒྱུར།