ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་དམངས་ཆེན་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིའི་གྲོས་གཞི་ལག་བསྟར་བྱེད་པའི་བྱ་བར་གསར་གཏོད་སྐུལ་འདེད་བྱེད་ཆེད། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་འཐུས་མིའིགྲོས་གཞི་ཁ་པའི་རིགས་ཀྱི་གཙང་སེལ་བྱ་བ་སྤེལ་བ་དེ་རང་ཞིང་ལ་མཚོན་ན་ཐོག་མ་ཡིན།
རྒྱུས་ལོན་བྱུང་བ་ལྟར་ན། སྐབས་འདིའི་མཚོ་སྔོན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིའི་གྲོས་གཞི་ཁ་པའི་རིགས་གཙང་སེལ་བྱ་བ་སྤེལ་བ་དེ་ནི། རང་ཞིང་གི་འཐུས་མིའི་གྲོས་གཞི་བྱ་བའི་གསར་གཏོད་བྱེད་ཐབས་ཡིན་པ་དང་། དེའི་དམིགས་འབེན་ནི་འཐུས་མིའི་གྲོས་གཞི་ལག་བསྟར་བཟང་བོ་བྱེད་རྒྱུ་དེ་གོ་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་འཕེལ་རྒྱས་སུ་གཏོང་བ་དང་ལག་བསྟར་བྱེད་པ་དང་། མི་དམངས་ཀྱི་ཁེ་ཕན་མངོན་པར་བྱེད་པ་དང་མི་དམངས་ཀྱི་རེ་སྒུག་མངོན་འགྱུར་བྱེད་པ། མི་དམངས་ཀྱི་བདེ་སྐྱིད་ཇེ་དྲག་ཏུ་གཏོང་བའི་བྱེད་ཐབས་གལ་ཆེན་དུ་བརྩིས་ནས། ཆབ་སྲིད་སྟེང་ལྟ་སྟངས་འཛིན་པ་དང་ཆབ་སྲིད་སྟེང་དམ་འཛིན་བྱེད་པ་དང་། རང་རྟོགས་རང་བཞིན་དང་འགན་འཁྲིའི་འདུ་ཤེས་མཐོར་འདེགས་གཏོང་བ། སྐབས་འདིའི་འཐུས་མིའི་གྲོས་གཞི་ཁ་པའི་རིགས་ལག་བསྟར་ནན་མོ་བྱས་ཏེ། དམངས་ཚིས་ལ་ཕན་འདོགས་པ་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་།
ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དམངས་ཆེན་འཐུས་མིའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་འགན་ཁུར་མི་སྣས་ངོ་སྤྲོད་བྱས་པ་ལྟར། གཙང་སེལ་བྱ་བའི་བཀོད་སྒྲིག་རེ་བ་གཞིར་བཟུང་ནས། འགན་སྒྲུབ་ལས་ཁུངས་སོ་སོས་བསྒྲུབ་འོས་པ་ཚང་མ་སྒྲུབ་པ་དང་བསྒྲུབ་ཐུབ་པ་ཚང་མ་མྱུར་དུ་སྒྲུབ་པ་རྒྱུན་འཁྱོངས་བྱེད་པ་དང་། ཚད་ཇེ་མགྱོགས་སུ་གཏོང་བ་མ་ཟད་སྤུས་ཚད་ཇེ་མཐོར་གཏོང་བ། ད་ལོར་ཡོངས་རྫོགས་གཙང་སེལ་བྱེད་ཐུབ་པར་བྱས་ནས། ལུགས་མཐུན་ངང་ལག་བསྟར་བྱེད་ཆོག་པའི་འཐུས་མིའི་གྲོས་གཞི་དངོས་སྒྱུར་ལག་བསྟར་བྱེད་པར་འབད་འཐབ་བྱེད་དགོས། མཉམ་ཤུགས་མཁྲེགས་གཏོར་བྱེད་པ་དང་། ཆ་རྐྱེན་བསྐྲུན་ནས་ལག་བསྟར་བྱེད་དགོས། སྒྲུབ་དཀའ་བའི་གྲོས་གཞི་དེ་གནས་སྐབས་སུ་ཐག་གཅོད་མི་ཐུབ་པ་དང་ཡང་ན་བྱ་བའི་དཔྱད་གཞི་རུ་བྱེད་པའིགྲོས་གཞི་ག་པའི་རིགས་ལ་བརྩིས་ཏེ། ཆ་རྐྱེན་ཡོད་དུས་མུ་མཐུད་དུ་བསྒྲུབ་དགོས། གསོག་འཇོག་བྱས་ཡོད་པ་ཚང་མ་གཙང་སེལ་བྱེད་པ་དང་འཕར་གྲངས་ལ་བཀག་འགོག་བྱེད་པ། སྤུས་ཚད་མཐོར་འདེགས་གཏོང་བ་རྒྱུན་འཁྱོངས་བྱེད་པ་དང་། སྔོན་ཆད་ཀྱི་གྲོས་གཞི་ཁ་པའི་རིགས་གཙང་སེལ་རྩིས་སུབ་བཟང་བོར་བྱེད་པ་མ་ཟད། ད་ལོར་གྲོས་གཞི་ཁ་པའི་རིགས་གསར་བ་འབྱུང་བར་བཀག་འགོག་བྱས་ནས། འཐུས་མི་ཡིད་ཚིམ་པར་བྱེད་པ་དང་མང་ཚོགས་ལ་ཕན་འདོགས་དགོས།
དེ་དང་མཉམ་དུ། རེ་བ་ལྟར་ན། འགན་སྒྲུབ་ལས་ཁུངས་སོ་སོས་གྲོས་གཞི་ཁ་པའི་རིགས་གཙང་སེལ་བྱེད་རྒྱུ་དེ་བཟོ་སྐྲུན་གལ་ཆེན་དུ་བརྩིས་ནས། བྱ་བའི་རྐྱེན་སྲོལ་ལེགས་སྒྱུར་བྱེད་པ་དང་། ཕྱོགས་བསྡུས་དབྱེ་ཞིབ་ལ་ཤུགས་སྣོན་པ། དུས་ཐོག་ཏུ་ལག་བསྟར་བྱ་བའི་ཁྲོད་ཀྱི་དཀའ་ཁག་གནད་དོན་ལ་ཞིབ་འཇུག་བྱེད་པ་དང་ཐག་བཅད་དེ། གྲོས་གཞི་རེ་རེ་དམ་འཛིན་བྱེད་པ་དང་བྱ་བའི་རེ་བ་ལག་བསྟར་ནན་མོ་བྱེད་པར་ཁག་ཐེག་བྱེད་པ་དང་། སྤུས་ཚད་མཐོ་བའི་ལག་བསྟར་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། སྒྲུབ་སྐུལ་གཙོ་གཞི་སོ་སོས་གནོན་ཤུགས་དང་འགན་འཁྲི་བརྒྱུད་སྒྲོག་བྱེད་པ་དང་། ཆེད་བསྐོས་ཁྱབ་ཁོངས་དང་ཁ་གཏད་སྡེ་ཁག་ལྟར། ད་ལོའི་བྱ་བར་ལྟ་སྐུལ་བྱེད་པ་མ་ཟད། སྔོན་ཆད་ཀྱི་བྱ་བར་ཡང་ལྟ་སྐུལ་བྱེད་པ་དང་། གཙོ་གནད་ལ་ལྟ་སྐུལ་བྱེད་པ་མ་ཟད་ཕལ་བར་ཡང་ལྟ་སྐུལ་བྱེད་པ། རྗེས་འདེད་དང་ཕན་འབྲས་བརྩོན་ལེན་བྱེད་ཤུགས་ཆེར་བཏང་ནས། ལྟ་སྐུལ་གྱིས་ལག་བསྟར་ལ་སྐུལ་འདེད་གཏོང་བ་དང་ལྟ་སྐུལ་གྱིས་གཙང་སེལ་ལ་སྐུལ་འདེད་གཏོང་དགོས།
རིན་ཆེན་མཚོས་བསྒྱུར།