མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོང་ཞི་འཐུས་ཚབ་ཚོགས་པའི་གྲོས་སྡུར་ལ་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་དེ་བརྒྱུད་སྒྲོག་བྱས།
2022.10.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 14

མཚོ་སྔོན་ཉིན་རེའི་ཚགས་པར་སྟེང་བཀོད་པའི་གསར་འགྱུར། ཟླ་བཅུ་པའི་ཚེས་བཅུ་བདུན་ཉིན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོང་ཞི་འཐུས་ཚབ་ཚོགས་པའི་གྲོས་སྡུར་ལ་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་དེ་བརྒྱུད་སྒྲོག་བྱས། ཀྲའོ་ཁི་ཀྲི་གྲོས་ཚོགས་ལ་ཞུགས། ཞིན་ཁྲང་ཞིང་གིས་གཏམ་བཤད་པ་དང་ཝུའུ་ཞའོ་ཅུན་གྲོས་ཚོགས་ལ་ཞུགས།

ཞིན་ཁྲང་ཞིང་གིས་གཏམ་བཤད་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོང་ཞི་འཐུས་ཚབ་ཚོགས་པའི་གྲོས་སྡུར་ལ་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་དེས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་བཏོན་པའི་དགོངས་པ་གལ་ཆེན་དང་ལྟ་བ་གཙོ་བོ། འཐབ་ཇུས་གལ་ཆེན། བྱེད་ཐབས་གལ་ཆེན་བཅས་དང་དམ་པོར་སྦྲེལ་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་གྱི་སྙིང་བོ་དང་ཕུན་སུམ་ཚོགས་པའི་ནང་དོན་ལ་སློབ་སྦྱོང་བྱེད་པ་དང་། གོ་བ་ཟབ་མོ་ལེན་པ། དོན་འཁྱོལ་ལེགས་པོ་བྱེད་པ་བཅས་ཀྱི་སྒོ་འབྱེད་པར་གསེར་གྱི་ལྡེ་མིག་འདོན་སྤྲོད་བྱས་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་དང་དངོས་འབེབས་བྱ་བ་དམ་འཛིན་བྱེད་པར་ཁ་ཕྱོགས་དང་གནད་ས། བླང་བྱ་བཅས་གསལ་བོར་བསྟན་པས། བསམ་བློ་དང་བྱ་སྤྱོད་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སྟེང་གཅིག་གྱུར་བྱེད་པར་ཧ་ཅང་གལ་ཆེན་བའི་མཛུབ་སྟོན་དོན་སྙིང་ལྡན། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་བྱས་ནས་གོ་བ་ཟབ་མོ་བླངས་ཏེ། “ཁོང་དུ་བརྟན་པོར་ཆུད་དགོས་པ་ལྔ”ཡི་བླང་བྱ་གལ་ཆེན་ལྟར། ཕུ་ཐུང་བརྫེས་ནས་ལས་ལ་འབད་པ་དང་། ཏན་ཏན་ཏིག་ཏིག་སྒོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་གཏན་འཁེལ་བྱས་པའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོབ་པར་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་མཚོ་སྔོན་གྱི་བྱས་རྗེས་འཇོག་དགོས།

ཞིན་ཁྲང་ཞིང་གིས་ནན་གྱིས་བསྟན་དོན། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་བྱེད་པ་དེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ལ་སློབ་སྦྱོང་དང་གྲོས་སྡུར་བྱེད་པ་དང་ཟུང་འབྲེལ་བྱས་ཏེ། གོ་བ་ཟབ་མོ་ལེན་པ་དང་ལག་ལེན་མཐའ་འཁྱོལ་བྱེད་དགོས། འདས་པའི་ལོ་ལྔའི་བྱ་བ་དང་དུས་རབས་གསར་བའི་ལོ་བཅུའི་རླབས་ཆེན་འཕོ་འགྱུར་གྱི་དོན་སྙིང་གལ་ཆེན་ཁོང་དུ་བརྟན་པོར་ཆུད་པར་བྱེད་པར་དམིགས་ཏེ། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་ངོས་འཛིན་གསལ་བོ་བྱེད་པ་དང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་པོ་བྱས་ནས། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་སྒྲུབ་པ། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་ལ་དམ་དུ་དམིགས་ཏེ་སྤོབས་པ་ཆེན་པོས་མདུན་དུ་བསྐྱོད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་འཛམ་གླིང་ལྟ་བ་དང་བརྟག་ཐབས་སྨྲ་བ་ཁོང་དུ་བརྟན་པོར་ཆུད་པར་བྱེད་པར་དམིགས་ཏེ། ཏང་གི་གསར་སྐྲུན་རིགས་གཞུང་གི་གནས་ལུགས་དང་ཚན་རིག་གི་ཆོས་ཉིད། མི་ཚེའི་གནས་ལུགས་བཅས་ལ་ངོས་འཛིན་གསལ་བོ་བྱེད་པ་དང་། རྒྱུན་འཁྱོངས་ལྷོད་མེད་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སེམས་རྒྱུད་དུ་བླངས་ནས། དེའི་ཚིག་ལ་གོ་བ་ལེན་པར་ཤུགས་སྣོན་པ་དང་དེའི་ནང་དོན་རྟོགས་པར་དེ་བས་ཀྱང་ཤུགས་སྣོན་དགོས་པར་མ་ཟད། ཏང་གི་གསར་སྐྲུན་རིགས་གཞུང་གིས་བསམ་བློར་དྲག་ཆས་སྤྲས་པ་དང་ལག་ལེན་ལ་མཛུབ་སྟོན་བྱེད་པ། བྱ་བར་སྐུལ་འདེད་གཏོང་དགོས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་འགན་འཁྲི་དང་ལས་འགན་ཁོང་དུ་བརྟན་པོར་ཆུད་པར་བྱེད་པར་དམིགས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཀྲུང་གོའི་ཁྱད་ཆོས་ལ་ངོས་འཛིན་གསལ་བོ་བྱེད་པ་དང་། ངོ་བོའི་བླང་བྱ་ཡིད་ལ་དམ་པོར་བཅངས་ཤིང་རྒྱུན་འཁྱོངས་ལྔའི་རྩ་དོན་གལ་ཆེན་ཡང་དག་པར་ཁོང་དུ་ཆུད་པར་བྱེད་པ་དང་། ཆོད་སེམས་ཇེ་བརྟན་དུ་གཏོང་བ་དང་དཀའ་སྤྱད་འབད་བརྩོན་བྱེད་དགོས་ལ།  རང་རྟོན་དང་རང་ཚུགས། རང་བརྩོན་བཅས་ཀྱི་སྒོ་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བགྲོད་ལམ་དུ་བསྐྱོད་དེ་མུ་མཐུད་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་རྒྱལ་ཁ་ལེན་དགོས། རླབས་ཆེན་རང་ངོས་གསར་བརྗེ་ཡིས་རླབས་ཆེན་སྤྱི་ཚོགས་གསར་བརྗེ་ལ་སྣེ་ཁྲིད་པའི་བླང་བྱ་གལ་ཆེན་ཁོང་དུ་བརྟན་པོར་ཆུད་པར་བྱེད་པར་དམིགས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བགྲོད་ལམ་དུ་བཟང་བོར་བསྐྱོད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པ་ཏང་ལ་རག་ལས་པར་ངོས་འཛིན་གསལ་བོ་བྱེད་པ་དང་། རྒྱུན་འཁྱོངས་ལྷོད་མེད་སྒོས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་གཏོང་དགོས་ལ། ཏང་གི་རང་ངོས་དྭངས་གཙང་དང་རང་ངོས་འཐུས་ཚང་། རང་ངོས་གསར་བརྗེ། རང་ངོས་ཡར་རྒྱས་བཅས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། ང་ཚོའི་ཏང་འདི་ཉིད་དུས་དང་རྣམ་པ་ཀུན་ཏུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་མགོ་ཁྲིད་སྲོག་ཤིང་སྟོབས་ལྡན་དུ་འགྱུར་བར་བྱེད་དགོས། མཐུན་སྒྲིལ་འབད་འཐབ་ཀྱི་དུས་རབས་བླང་བྱ་ཁོང་དུ་བརྟན་པོར་ཆུད་པར་བྱེད་པར་དམིགས་ཏེ། ང་ཚོའི་ཏང་གིས་རླབས་ཆེན་འབད་འཐབ་ལ་བརྟེན་ནས་ལོ་བརྒྱའི་རླབས་ཆེན་ལས་དོན་གསར་སྐྲུན་བྱས་པ་བཞིན་དུ། རླབས་ཆེན་འབད་འཐབ་ལ་བརྟེན་ནས་རླབས་ཆེན་ལས་དོན་གསར་སྐྲུན་ཀྱང་བྱེད་ཐུབ་པར་ངོས་འཛིན་གསལ་བོ་བྱས་ནས། འཐབ་རྩོད་སྙིང་སྟོབས་དར་སྤེལ་བྱེད་པ་དང་། འཐབ་རྩོད་ནུས་ཤུགས་ཇེ་ཆེར་གཏོང་བར་མ་ཟད། མཐུན་སྒྲིལ་འབད་འཐབ་རྒྱུན་འཁྱོངས་བྱས་ཏེ། མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ལ་སྣེ་ཁྲིད་དེ་སེམས་པ་ཕྱོགས་གཅིག་ལ་འཁོར་བ་དང་སྟོབས་ཤུགས་ཕྱོགས་གཅིག་ལ་བཏོན་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབྲི་དགོས།

                                                                                                       བཀྲ་ཤིས་འབུམ་གྱིས་བསྒྱུར།