མཚོ་སྔོན་འཐུས་ཚབ་ཚོགས་པ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཐུན་མོང་བཅར་འདྲི་ཐེངས་ལྔ་པར་ཞུགས།
2022.10.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 27

ཟླ་བཅུ་པའི་ཚེས་ཉི་ཤུ་ཉིན་གྱི་དགོང་མོར། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་གསར་འགྱུར་ལྟེ་གནས་ཀྱིས་ཐུན་མོང་བཅར་འདྲི་ཐེངས་ལྔ་པ་སྤེལ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མི། མཚོ་སྔོན་འཐུས་ཚབ་ཚོགས་པའི་གསར་འགྱུར་མགྲིན་ཚབ་པ་ཁྲིན་རོས་ཧྥིན་གྱིས་མཚོ་སྔོན་འཐུས་ཚབ་ཚོགས་པས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ལ་སློབ་སྦྱོང་དང་གྲོས་སྡུར་བྱས་པའི་གནས་ཚུལ་མཚམས་སྦྱོར་བྱས་པ་དང་གསར་འགོད་པའི་དྲི་བར་ལན་བཏབ།

ཁྲིན་རོས་ཧྥིན་གྱིས་མཚོ་སྔོན་འཐུས་ཚབ་ཚོགས་པའི་འཐུས་མིའི་གྲུབ་ཚུལ་མཚམས་སྦྱོར་མདོར་བསྡུས་བྱས་རྗེས་བཤད་རྒྱུར། ཚོགས་ཆེན་གྱི་སྐབས་སུ། འཐུས་མི་ཚང་མས་གཅིག་གྱུར་སྒོས་བལྟས་ན། སྙན་ཞུའི་ནང་ཏང་ཡོངས་ཀྱི་བློ་གྲོས་གཅིག་སྡུད་བྱས་པ་དང་མི་དམངས་ཀྱི་འདོད་བློ་མངོན་ཡོད་ལ། ཏང་དང་རྒྱལ་ཁབ་ལས་དོན་གྱི་མདུན་སྐྱོད་ཁ་ཕྱོགས་སྔར་ལས་གསལ་བོར་བསྟན་ཡོད། དེ་ང་ཚོའི་ཏང་གིས་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་དུས་རབས་གསར་པའི་སྐྱོད་ལམ་གསར་པར་བསྐྱོད་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ཆབ་སྲིད་བསྒྲགས་གཏམ་དང་བྱ་སྤྱོད་ཀྱི་རྩ་འཛིན་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། མཚོ་སྔོན་གྱིས་བློ་བརྟན་འགྱུར་མེད་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་བའི་ཁ་ཕྱོགས་བརྒྱུད་དེ་མདུན་དུ་བསྐྱོད་ཡོད་ལ། སྐྱེ་ཁམས་དམིགས་བསལ་དུ་འཛིན་རྒྱུ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱས་པ་དང་། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་ཤུགས་ཆེན་པོས་ལག་བསྟར་བྱས་པ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་ཀྱི་ས་བཞིའི་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་བར་མ་ཟད། དེང་རབས་ཅན་དྲུག་གི་མཚོ་སྔོན་གསར་པ་མྱུར་དུ་འཛུགས་སྐྲུན་བྱས་ནས་ལས་དོན་ཁག་སོ་སོར་ལོ་རྒྱུས་རང་བཞིན་གྱི་འཕེལ་རིམ་གསར་པ་དང་གྲུབ་འབྲས་གསར་པ་བླངས། སྐྱོད་ལམ་གསར་པར་བསྐྱོད་པར་འཐུས་མི་རྣམས་ཀྱིས་གཅིག་གྱུར་སྒོས། གཏན་ཕབ་གཉིས་ལ་ལྷག་བསམ་རྣམ་དག་གིས་གོང་བཀུར་བྱེད་པ་དང་། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་སྒྲུབ་སྟེ། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དམིགས་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ལག་ལེན་ཏུ་བསྟར་ནས་གྲུབ་འབྲས་ལེན་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་བྱེད་པའི་མཚོ་སྔོན་གྱི་ལེའུ་འབད་པས་འབྲི་དགོས་ཞེས་བསྟན་སོང་ཟེར།

ཁྲིན་རོས་ཧྥིན་གྱིས་ཡུལ་དངོས་སུ་གསར་འགོད་པའི་དྲི་བར་ལན་བཏབ། ཞིན་ཅིན་ཚགས་པར་ཁང་གི་གསར་འགོད་པས་མཚོ་སྔོན་གྱིས་ཇི་ལྟར་སྐྱེ་ཁམས་ཁོར་ཡུག་ལ་ཆུ་ཚད་མཐོ་བའི་སྲུང་སྐྱོབ་བྱས་ཏེ་རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་ཀྱི་འགོག་ར་བརྟན་པོར་བཙུགས་པའི་སྐོར་གྱི་དྲི་བ་བཏོན་པ་ན། ཁྲིན་རོས་ཧྥིན་གྱིས་བཤད་རྒྱུར། མཚོ་སྔོན་གྱིས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཡིད་ལ་དམ་པོར་བཅངས་ནས་རི་ལྗང་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པ་དང་། འཁྱག་ཀླུང་དང་གངས་དར་གང་ཞིག་ཡིན་ཀྱང་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཡོད་ལ། རྒྱལ་དོན་གྱི་ཆེ་ཕྱོགས་སེམས་སུ་ཉར་ནས་སྐྱེ་ཁམས་ཀྱི་ཞིང་ཆེན་བསྐྲུན་པའི་འཐབ་ཇུས་ལག་བསྟར་བྱས་ཏེ། མདོ་དབུས་མཐོ་སྒང་གི་སྲོག་ཆགས་སྐྱེ་དངོས་དང་། རི་ཆུ་ནགས་གསུམ་ལ་སྟོབས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱས་ཡོད་ལ། མདོ་དབུས་མཐོ་སྒང་དེ་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་རུ་བསྐྲུན་པར་ནུས་ཤུགས་གང་ཡོད་བཏོན་ཡོད། ལག་ལེན་གྱི་ཁྲོད་དུ། ང་ཚོས་ཞི་ཅིང་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་ལེན་གྱི་མཐོ་ས་གསར་བ་བསྐྲུན་རྒྱུ་དེས་གཅིག་གྱུར་མགོ་ཁྲིད་བྱས་ཏེ། མཐོ་ས་གསར་པ་བདུན་གཞི་གཅིན་ཏུ་བསྐྲུན་པ་དང་། ཕྱོགས་མཚམས་ཡོངས་དང་ཁུལ་ཁོངས་ཡོངས། བརྒྱུད་རིམ་ཡོངས་སུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་བསྣན་ལ། ལྗང་མདོག་ཐཱན་ཉུང་གི་ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་རོལ་སྟངས་གྲུབ་པར་སྐུལ་འདེད་བཏང་བས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པར་ལོ་རྒྱུས་རང་བཞིན་དང་དཀྱོགས་མཚམས་རང་བཞིན། སྤྱི་ཡོངས་རང་བཞིན་གྱི་འགྱུར་ལྡོག་བྱུང་ཡོད།  ད་ལྟའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ་ཆུ་གཙང་ཞིང་རྩྭ་འཛོམས་ནས་ཀྲུང་ཧྭའི་ཆུ་མཛོད་ཀྱི་རྨང་རྐང་བརྟན་པོར་བཏང་ཡོད།  སྐྱོད་ལམ་གསར་བར་བསྐྱོད་དུས། ང་ཚོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་ནན་ཏན་གྱིས་སློབ་སྦྱོང་དང་དེ་དྲིལ་སྒྲོག་ལག་བསྟར་ནན་མོ་བྱེད་པ་དང་། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་ཟབ་མོ་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་ཧྭའི་ཆུ་མཛོད་ཀྱི་སྲུང་སྐྱོབ་པ་བཟང་བོ་བྱས་ནས་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཆེད་དུ། ལྷག་བསམ་རྣམ་དག་གིས་མགོ་ཁུངས་ཀྱི་འགན་འཁྲི་མུ་མཐུད་དུ་དང་ལེན་དང་བཞུར་རྒྱུན་གྱི་འགན་འཁྲི་མངོན་པར་བྱས་ཏེ། གཙང་གསུམ་མགོ་ཁོངས་ཀྱི་བྱས་རྗེས་ལ་བརྟེན་ནས་རི་ལྗང་ཆུ་དྭངས་ནམ་ཡང་མཚོ་སྔོན་གྱི་ཁྱད་སྟོབས་དང་ང་རྒྱལ་དུ་འགྱུར་བར་བྱ་རྒྱུ་ཡིན་ཟེར།

ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་རྒྱལ་ཁབ་རླུང་འཕྲིན་ཁང་གི་གསར་འགོད་པས་མི་རིགས་སོ་སོ་ཐུན་མོང་ལ་དབང་བའི་ཁྱིམ་གཞིས་བསྐྲུན་པ་དང་། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བསྐྲུན་པར་སྐུལ་འདེད་བཏང་བའི་ཉམས་མྱོང་དང་བྱེད་ཐབས་ཐད་ནས་དྲི་བ་བཏོན་པར། ཁྲིན་རོས་ཧྥུན་གྱིས་བཤད་རྒྱུར། ལོ་བཅུའི་རིང་ལ། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཡོད་ལ། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་བསྐྲུན་པ་གཙོ་སྙིང་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཡོད་པ་དང་། སྤྱི་ཚོགས་རིང་ལུགས་སྲོག་ཤིང་རིན་ཐང་ལྟ་བ་སྣེ་ཁྲིད་དུ་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ནན་མོ་བཏང་ཡོད། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་ཁྱིམ་གཞི་ཆེན་མོའི་ཁྲོད་དུ་སྤུན་ཟླའི་བརྩེ་བ་དང་སོ་སྲུང་རོགས་རེས་མངོན་པར་བྱས་ཏེ། མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་མཉམ་དུ་འབྱོར་ཕྱུག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་ཡོད། ང་ཚོས་རིག་གནས་མོས་མཐུན་གྱི་རྩ་བ་འདི་དམ་པོར་བཟུང་སྟེ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་འཛིན་སྤེལ་གྱི་ལས་གཞི་ཤུགས་ཆེན་པོས་ལག་བསྟར་བྱས་ཡོད་པ་དང་། ཀྲུང་ཧྭའི་རིག་གནས་ཀྱི་ཁོངས་འཚོལ་ལས་གཞིར་སྐུལ་འདེད་ཟབ་མོ་བཏང་བ་དང་། རྨ་ཙོང་རིག་གནས་དང་། ཁུ་ནུ་རིག་གནས།  གེ་སེར་སྒྲུང་། རེབ་གོང་སྒྱུ་རྩལ། ཐང་བོད་གནའ་ལམ་སོགས་ཀྱི་རིག་གནས་རིན་ཐང་ཧུར་ཐག་གིས་སྔོག་འདོན་བྱས་ཏེ། གསར་སྐྲུན་རང་བཞིན་གྱི་ཚུལ་སྒྱུར་དང་གསར་སྐྲུན་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་ནས། རི་བོའི་རྫོང་དང་ཆུ་བོའི་ཁུངས།  མཛེས་པའི་མཚོ་སྔོན་སོགས་ཀྱི་རིག་གནས་མཚོན་རྟགས་སྐོར་ཞིག་བསྐྲུན་ཏེ། རིགས་སོ་སོའི་མི་དམངས་ཀྱི་ཀྲུང་ཧྭའི་རིག་གནས་ཀྱི་མོས་མཐུན་ཚོར་བ་དང་ཁོངས་གཏོགས་བསམ་པ་སྔར་ལས་ཇེ་དྲག་ཏུ་བཏང་ཡོད།  ང་ཚོས་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་ལ་བརྟེན་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་ཏེ། རྒྱུན་མཐུད་སྒོས་ལོ་རྒྱུས་བཞིའི་དྲིལ་སྒྲོག་སློབ་གསོ་དམ་འཛིན་བྱེད་པ་དང་། ཤུགས་ཆེན་པོས་རྒྱང་སྐྱོད་སྙིང་སྟོབས་དང་ལམ་བཏོད་སྙིང་སྟོབས།   མདེལ་གཉིས་སྐར་གཅིག་སྙིང་སྟོབས། མདོ་དབུས་མཐོ་སྒང་གི་སྙིང་སྟོབས། ཡོམ་འགོག་རྒུད་སྐྱོབ་སྙིང་སྟོབས་སོགས་དར་སྤེལ་བྱེད་དགོས་ལ། དམར་པོའི་གཞི་རྒྱུ་རྒྱུན་འཛིན་བྱེད་པ་དང་མུ་མཐུད་དུ་དམར་པོའི་ཁྲག་རྒྱུན་རྒྱུན་འཁྱོངས་བྱས་ནས་མཐུན་སྒྲིལ་འབད་འཐབ་ཀྱི་སྟོབས་དང་ལྡན་པའི་བསམ་བློའི་སྟོབས་ཤུགས་གཅིག་སྡུད་བྱེད་དགོས། མཚོ་སྔོན་གྱིས་ཀུན་གྱི་སྔོན་ལ་གྲོང་ཁྱེར་དང་ཁུལ་ཡོད་ཚད་རྒྱལ་ཡོངས་ཀྱི་མི་དམངས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་དུ་བསྐྲུན་པ་དང་། སྣ་མང་རིག་གནས་ཀྱི་དུས་རབས་ཀྱི་བརྗིད་ཆགས་སྟོབས་ཤུགས་མངོན་པར་བྱས་ལ། མི་རིགས་མཐུན་སྒྲིལ་གྱི་རིག་གནས་རྨང་གཞི་སྔར་ལས་ཇེ་བརྟན་དུ་གྱུར་ཞིང་མི་རིགས་སོ་སོའི་ཐུན་མོང་ལ་དབང་བའི་བསམ་བློའི་ཁྱིམ་གཞི་དར་རྒྱས་གོང་འཕེལ་དུ་སོང་བ་དང་། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གྱུར་པར་མ་ཟད། མི་རིགས་སོ་སོ་སེ་འབྲུ་བཞིན་དམ་པོར་སྦྲེལ་ཏེ། དཔལ་ཡོན་འཆམ་མཐུན་གྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་ནས་གྲུབ་འབྲས་གསར་བ་བླངས་པ་དང་ཡར་ཐོན་ཆེན་པོ་བྱུང་ཡོད་ཟེར།